མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མ་ཚེས་ ༡༨ ཉིན་༧གོང་ས་མཆོག་ལ་མཇལ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡༡ ཉིན་ཏེ། རེའུ་གཟའ་ཕུར་བའི་ཉིན་ཨ་རིའི་ཕོ་བྲང་དཀར་བོའི་མགྲིན་ཚབ་པ་སྐུ་ཞབས་རོ་བྷེར་ཌི་ཇེབ་སི་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཟླ་འདིའི་ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་གཏན་འཁེལ་ཡོད་སྐོར་གསུངས་ཡོད།

ཨ་རྒྱ་གཉིས་ཀྱིས་ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་འོས་མིན་ཐད་རྣོ་ངར་ཆེན་པོའི་ཐོག་ནས་ཕན་ཚུན་ལ་ལན་འདེབས་བྱེད་རེས་བྱས་ཡོད་ནའང་། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་ཐེབས་མེད།

ཕྱི་ཚེས་ ༡༨ ཉིན་སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གིས་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར། ༧གོང་ས་མཆོག་དང་མཇལ་འཕྲད་གནང་གཏན་འཁེལ་ཡོད་སྐོར་བརྗོད་ཡོད་ལ།  ༧གོང་ས་མཆོག་བོད་ལུགས་ལོ་སར་གྱི་ཚེས་ ༢ དང་ཕྱི་ཚེས་ ༡༦ ཉིན་བཞུགས་སྒར་ནས་ཆིབས་ཐོན་གནང་རྒྱུ་ཡིན་འདུག

ཡིན་ནའང་། དེ་རིང་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གཞུང་གིས་ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་མ་འཛེམ་པར། སྲིད་འཛིན་ཨོ་བྷ་མས་ཚེས་ ༡༨ ཉིན་ཕོ་བྲང་དཀར་པོ་ནས་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་རྒྱུ་ཡིན་པའི་སྐོར་ཁྱབ་བསྒྲགས་བྱས་ཡོད། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇེབ་སིས།  ཨོ་བྷ་མས་༧གོང་ས་མཆོག་དང་གསར་གཏོད་རང་བཞིན་དང་ལག་བསྟར་བྱེད་ཐུབ་པའི་གླེང་མོལ་ཡོང་བའི་རེ་བ་བཟུང་ཡོད་སྐོར་བརྗོད་པ་དང་། རྒྱ་ནག་གིས་རྒྱལ་ཁབ་གང་ཞིག་གི་སྲིད་དོན་མི་སྣ་སུ་ཞིག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཡང་། དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པའི་སྐོར་གྱི་ཐ་ཚིག་བསྒྲགས་ན་ཡང་། ཚེས་ ༢ ཉིན་ཨ་རིས་སྲིད་འཛིན་ཨོ་བྷ་མས་སྔར་བཞིན་འཆར་གཞི་ལྟར་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨ་རིས་རྒྱལ་ཁབ་ཀྱི་ཁེ་ཕན་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་དེར་འགྱུར་བ་གཏོང་མི་སྲིད་ལ། དུས་མཚུངས་སུ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ལྟ་བ་མི་མཐུན་པའི་གནད་དོན་ཐད་བགྲོ་གླེང་བྱེད་ཐུབ་པའི་རེ་བ་ཡོད་པའི་སྐོར་བསྟན་པ་རེད།  ཚེས་ ༣ ཉིན་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མཱ་ཁྲའོ་ཞུས་ཀྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་བྱེད་རྒྱུའི་ཐད་དུ་གསར་འགོད་པ་ཞིག་གིས། སྲིད་འཛིན་ཨོ་བྷ་མས་ན་ནིང་རྒྱ་ནག་ཏུ་འཚམས་འདྲི་གནང་སྐབས་རྒྱ་ནག་གི་མགོ་ཁྲིད་པར་ཁོང་གིས་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐོར་བརྗོད་ཅིང་། ད་ལྟ་ཡང་དེ་བཞིན་མཇལ་འཕྲད་བྱེད་རྩིས་ཡོད་པ་དེའི་ཕྱོགས་ལ་རྒྱ་ནག་ངོས་ནས་ལྟ་ཚུལ་ཅི་ཞིག་ཡོད་ཅེས་དྲིས་པར། ཁོས་དེའི་ལན་དུ། རྒྱ་ནག་གིས་༧གོང་ས་མཆོག་ཨ་རིར་འགྲོ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དང་། ཨ་རིའི་འགོ་ཁྲིད་ཀྱིས་རྣམ་པ་གང་འདྲ་དང་མིང་ཅི་ཞིག་གི་སྟེང་ནས་ཁོང་ལ་ཐུག་འཕྲད་བྱེད་པར་ཡང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན། ལངས་ཕྱོགས་འདི་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་ཅིང་ཁ་གསལ་བོ་ཡིན། ན་ནིང་ཟླ་ ༡༡ པར་སྲིད་འཛིན་ཨོ་བྷ་མས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་བོད་འབྲེལ་གནད་དོན་གླེང་སྐབས་རྒྱ་ནག་གི་མགོ་ཁྲིད་ཚོས།  རྒྱལ་ཁབ་གང་ཞིག་གི་འགོ་ཁྲིད་དང་གཞུང་དོན་མི་སྣས་ཏཱ་ལའི་ལ་མཇལ་འཕྲད་བྱས་ཀྱང་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་པའི་གཟབ་ནན་ལུགས་མཐུན་གྱི་ལངས་ཕྱོགས་གསལ་བོར་བརྗོད་ཅིང་། ཨ་རིའི་ཕྱོགས་ཀྱིས་ “བོད་རང་བཙན་པའི” ཁ་བྲལ་སྟོབས་ཤུགས་ཀྱིས་ཨ་རིའི་ས་ཁོངས་ནས་རྒྱ་ནག་ཁ་བྲལ་གཏོང་བའི་བྱ་འགུལ་སྤེལ་མི་ཆོག་པ་བྱེད་དགོས་པའི་བླང་བྱ་བཏོན་མྱོང་། ང་ཚོས་ཨ་རིས་བོད་འབྲེལ་གནད་དོན་གྱི་རྫི་གསང་དོད་པོའི་རང་བཞིན་ལ་ངོས་ཟིན་གང་ལེགས་བྱུང་ནས། འབྲེལ་ཡོད་གནད་དོན་གཟབ་ནན་ངང་ཐག་གཅོད་རྒྱུ་དང་། ཨ་རྒྱ་གཉིས་བར་གྱི་འབྲེལ་བར་གནོད་སྐྱོན་སྔར་བས་ཆེན་པོ་མི་བཟོ་བའི་སྐུལ་མ་བྱེད་རྒྱུ་ཡིན་ཞེས་དང་། ཡང་ཕྱི་ཚེས་ ༢ ཉིན། རྒྱ་གར་དུ་བཙུགས་པའི་ “བོད་ཡུལ་གྱར་སྲིད་གཞུང” གིས་རྒྱ་ནག་གིས་ཨོ་བྷོ་མ་དང་༧གོང་ས་མཆོག་མཇལ་འཕྲད་གནང་དུ་མི་འཇུག་རྒྱུའི་རེ་བ་བཏོན་པ་དེ་ “ཁས་མ་བླངས” ཤིང་། “བོད་ཡུལ་གྱར་སྲིད་གཞུང” གི་མགྲིན་ཚབ་པ་ཟམ་གདོང་རིན་པ་ཆེས་ཧྥ་རན་སེའི་གསར་འགྱུར་ཁང་གི་གསར་འགོད་པར། “ང་ཚོའི་ལྟ་སྟངས་ལྟར་ན། ༧གོང་ས་མཆོག་གི་འཐུས་ཚབ་དང་ཀྲུང་གོའི་སྲིད་གཞུང་དབར་བཀལ་མོལ་ལྷུག་གླེང་བྱེད་ཐུབ་པ་བྱུང་བ་དེ། ཨ་རི་ཕྱོགས་ཀྱིས་དེའི་ཐད་སྐུ་ངལ་བསྐྱོན་པ་དང་ཁ་བྲལ་ཐབས་ཡེ་ནས་མེད། དེར་བརྟེན་ང་ཚོའི་ཕྱོགས་ནས་ཨོ་བྷོ་མ་དང་༧གོང་ས་མཆོག་རྣམ་གཉིས་ཕན་ཚུན་མཇལ་འཕྲད་གནང་རེས་བྱེད་པ་དེ་ནི་སྐྱོན་འཛུགས་བྱ་མི་རུང་བའི་དོན་དག་ཅིག་ལ་བརྩི་བཞིན་ཡོད” ཅེས་བརྗོད་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད། 

རྒྱ་ནག་གིས་གནོན་ཤུགས་སྤྲད་མིན་གང་ལྟར་ཡང་། ཕྱི་ཚེས་ ༡༦ ཉིན་༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གནང་གི་ཡོད་ཅིང་། ཐེངས་འདིར་ཨ་རིར་མཛད་འཕྲིན་བསྐྱང་རིང་ཕྱི་ཚེས་ ༡༩ ཉིན་ཨ་རིར་རྟེན་གཞི་བྱས་པའི་མང་གཙོའི་ཐེབས་རྩ་ཁང་ (NED) ཞེས་པ་ནས་མང་གཙོའི་མཛད་རྗེས་ཀྱི་གཟེངས་རྟགས་དེ་(Democracy Service Medal) ཞེས་པ་ྋགོང་ས་མཆོག་ལ་འབུལ་རྒྱུ་ཡིན་འདུག མང་གཙོའི་གཟེངས་རྟགས་དེ་ྋགོང་ས་མཆོག་ལ་འབུལ་དོན་ྋགོང་ས་མཆོག་གིས་མང་གཙོའི་ལྟ་གྲུབ་དང་འགྲོ་བ་མིའི་ཆེ་མཐོང་སོགས་ཀྱི་གནས་སྟངས་གོང་མཐོར་གཏོང་གནང་མཛད་པའི་མཛད་རྗེས་ལ་ངོས་འཛིན་གནང་བ་ཞིག་ཡིན་འདུག

ཐེབས་རྩ་ཁང་གི་ཚོགས་གཙོཁེ་རལ་གྷར་ཞི་མན་ (Carl Gershman) གྱིས་བོད་མི་ཚོས་རང་གི་ལེགས་བྱང་གཅེས་ཉར་ཆེད་འཐབ་རྩོད་གང་བྱས་པ་དེ་འཛམ་གླིང་ཡོངས་ཀྱིས་ཤེས་ནའང་། དེ་ཙམ་ཡོངས་གྲགས་མེད་པ་ནི་ྋགོང་ས་མཆོག་བོད་ནས་བཙན་བྱོལ་དུ་ཆིབས་སྒྱུར་མ་གནང་གོང་ནས་ཀྱང་གཞུང་གི་འཛིན་སྐྱོང་ལམ་ལུགས་ནང་གལ་ཆེའི་བཅོས་བསྒྱུར་ལག་བསྟར་མཛད་ཐབས་གནང་ཡོད། བཙན་བྱོལ་ནང་ཆིབས་སྒྱུར་གནང་རྗེས་བཅོས་བསྒྱུར་དེ་དག་གཞི་ནས་ལག་བསྟར་ཐུབ་པ་བྱུང་བ་དང་། དེང་སང་བཙན་བྱོལ་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་དེ་འོས་འདེམས་བྱས་པའི་སྤྱི་འཐུས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང༌། དེ་བཞིན་ཉིན་རེའི་འཛིན་སྐྱོང་གི་ལས་དོན་ཐོག་མང་ཚོགས་ཀྱི་སྐུ་དབང་ལྡན་པའི་བཀའ་བློན་ཁྲི་པ་བཅས་ཡོད། བོད་མི་ཚོས་རང་གི་དཀའ་ངལ་དེ་བཟང་སྤྱོད་ཀྱི་ནུས་ཤུགས་ཤིག་ཏུ་སྒྱུར་ཐུབ་པར་བརྟེན། དྲང་བདེན་མིན་པའི་གནས་སྟངས་འོག་མྱོང་བཞིན་པའི་མི་མང་ཚོར་བློ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་ཅེས་གསུངས་ཡོད།

དེ་བཞིན་ཕྱི་ཚེས་ ༢༠ ཉིན་༧གོང་ས་མཆོག་ལ་ International Freedom Conductor Award ཞེས་པའི་རྒྱལ་སྤྱིའི་གཟེངས་རྟགས་དེ་འབུལ་གཏན་འཁེལ་ཡོད་ལ། གཟེངས་རྟགས་ཏེ་༧གོང་ས་མཆོག་ལ་འབུལ་དགོས་དོན་ནི། ཁོང་གིས་སྐུ་ཚེ་ཧྲིལ་བོའི་ནང་འགྲོ་བ་མིའི་རིགས་ཡོངས་ཀྱི་རང་དབང་དང་ཞི་བདེ། སྐུ་ངལ་འཛེམ་མེད་ཀྱིས་བོད་དོན་ཆེད་མཛད་འཕྲིན་རྒྱ་ཆེར་སྤེལ་བ་དེ་དུས་རབས་ ༡༨ དང་དུས་རབས་ ༡༩  ནང་བྲན་གཡོག་ལམ་ལུགས་མེད་བཟོ་མཁན་གྱི་འཐབ་རྩོད་པ་དང་གཅིག་མཚུངས་ཀྱི་བྱས་རྗེས་ཤིག་ཡིན་པའི་ངོས་འཛིན་ཐོག་སྤྲད་པ་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

མཆན། 26

  1. རྟ says:
    ལོ་ 15 སྔོན།

    ད་ཐེང་གང་ས་མཆོག་དང་ཨ་རི་སྲིད་འཛིན་གཉིས་འཇལ་ཕྲད་གནང་བ་དེ་ང་ཚོ་བོད་མི་་ཡོངས་ཀྱིས་བདེན་དོན་གྱི་ནོར་བུ་དེ་ལག་ཏུ་ལོན་ཐུབ་པའི་རེ་སྒུག་བྱས་ནས་བསྡད་ཡོད།།

    Reply
  2. རྨོངས་བུ་སྨྱུག་འཛིན། says:
    ལོ་ 15 སྔོན།

    ད་ཐེངས་ཡང་ཞི་བདེའི་ལྷ་བྱ་དཀར་པོ་དེས་ང་ཚོ་ལ་འབྲས་དཀར་ཁྱོར་བ་གང་གཏོར་ངེས།

    Reply
  3. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    གྲོགས་པོ་ཚོ་་་་ དངོས་གནས་ཐེངས་འདིའི་མཇལ་འཕྲད་འདི་ལ་ང་ཚོས་དགའ་སྤོབས་ལོས་བྱས། འོན་ཀྱང་དེའི་གྲུབ་འབྲས་ཆེ་ཆུང་ཅི་འདྲ་ཞིག་ཏུ་སྒུག་ནས་ཡོད

    Reply
  4. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ཚོད་ལྟ་བྱེད་མ་འདུག
    དང་པོ་ཚོད་ལྟ་བྱེད་
    དེ་ནས་ཅི་ཞིག་བྱེད་རྩིས་ཡོད་

    Reply
  5. karma dorje says:
    ལོ་ 15 སྔོན།

    ཚོད་ལྟ་ ༢ ལ་དགོངས་དག

    Reply
  6. karma dorje says:
    ལོ་ 15 སྔོན།

    ཚོད་ལྟ།

    Reply
  7. karma dorje says:
    ལོ་ 15 སྔོན།

    ཚོད་ལྟ།

    Reply
  8. karma dorje says:
    ལོ་ 15 སྔོན།

    International Freedom Conductor Award = རྒྱལ་སྤྱིའི་རང་དབང་སྣེ་འདྲེན་གཟེངས་རྟགས། ཞེས་སྒྱུར་ཆོག་སྙམ།
    “བོད་ཡུལ་གྱར་སྲིད་གཞུང” ད་ལྟའི་རྒྱ་གཞུང་ཚིག་དང་།
    ༼བཙན་བྱོལ་བོད་གཞུང་༽ད་ལྟའི་རྡ་སའི་གཞུང་གི་ཚིག་ཅིག་རེད།

    Reply
  9. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཨ་ཨ་བོད་པ་གླེན་རྒན་ཚོ། ད་ལོ་ལོ་གསར་གཏོང་དགོས་པ་རེད། དེ་རིང་གཏམ་བཟང་དེའི་ཆེད་དུ་ལོ་གསར་གཏོང་གི་ཡིན།

    Reply
  10. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚང་མ་དགའ་ལྷང་ལྷང་ངང་སླེབས་ཡོད་ངེས་རེད། གངས་ཅན་རྣམས་ཀྱི་ཕམས་ཁ་རྐྱང་རྐྱང་འཁུར་ནས་ལོ་་མང་པོ་འདས་སོང་ཡང་། འཛམ་གླིང་ཡོངས་ཀྱི་གཙུགས་རྒྱན་བོད་གཞིས་བྱེས་གཉིས་ཀྱི་མའི་མགོན་དཔུང་དམ་པ་་་་༧་གོང་ས་ཏཱའི་བླ་མ་མཆོག་གི་རྒྱུན་དུ་གངས་ཅན་པ་གཞལ་མེད་ཀྱི་འོད་མདངས་བསྐུན་ཡོད།
    ད་དུང་དུས་བབ་ཚང་གི་གསར་འགྱུར་ཅིག་ལོས་ཡོད་བསམ་ནས་སྒུག་ཡོད་། དཔེར་ན་༧་གོང་ས་མཆོག་གི་མཇལ་འཕྲད་སྐོར་ང་ཚོའི་གསལ་ལམ་ཁག་ནས་ཇི་ལྟར་མཇལ་ཐུབ་མིན་སྐོར་ལ་གསར་འཕྲུན་ཡོད་པའི་རེ་བ་ཡོད།
    ལོ་སྔོན་མར་མཚོན་ན་ཨ་རི་ནས་ཐད་གཏོངས་བརྙན་འཕྲིན་བཀོད་སྒྲིག་བྱས་པ་དང་བོད་མི་རྣམས་ཀྱི་ཐད་གར་བལྟ་ཐུབ་ཡོད་པས། ད་ལོ་ཡང་དེ་ལྟར་ཡོད་པའི་རེ་བ་བཅངས་ཡོད།

    Reply
  11. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ད་ནི་ལོ་གསར་པ་མགོ་འཛུགས་སོང་གནས་ཚུལ་བཟང་པོ་ཞིག་ལ་རེ་བ་ཡོད་ཡིན་ནའང་ད་དུང་མི་རིང་བ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་དགུ་པ་དེ་ཚོགས་འཆར་ཡོད་ཚོད་འདུག་བོད་པ་ཚོས་གཟབ་གཟབ་གནང་དགོས་པའི་གནད་འགག་ཞིག་རེད་འདུག་པ་མ་ཟད་དགྲ་དགའ་གཉེན་སྡུག་ཏུ་མ་ཤོར་གནང་དགོས་པ་ཤིན་ཏུ་ནས་གལ་ཆེ་སྙམ།

    Reply
  12. འཇམ་དབྱངས says:
    ལོ་ 15 སྔོན།

    གངས་རི་ར་བའི་་བསྐོར་པའི་ཞིང་ཁམས་སུ།།
    ཕན་དང་བདེ་བ་མ་ལུས་འབྱུང་་བའི་གནས།།
    སྤྱན་རས་གཟུགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།
    ཞབས་པད་སྲིད་མཐའི་པར་དུ་བརྟན་གྱུར་ཅིག །་
    བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  13. ར་ས་ཕོ་ཉ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལགས། ༸འདི་དང་༧ནོར་ན་ཁྱད་མཚར་འདུག ང་དང་པོ་གོང་གི་ཁ་བྱང་ཀློག་དུས་<< ཚེས་༡༨ཉིན་༧ >>ཞེས་ཅི་ཟེར་གྱི་ཡོད་དམ་བསམས་བྱུང་།

    Reply
  14. གཡང་ལགས། says:
    ལོ་ 15 སྔོན།

    ལོ་གསར་ཚེས་ལྔར་༸གོང་ས་མཆོག་དང་ཨོ་སྦ་མ་མཇལ་བ་དེ་ཡང་ང་ཚོ་བོད་ཀྱི་རྒྱལ་ཁ་རེད། ཤ་འཁོན་རྒྱ་དམར་སེམས་པ་ན་བ་དང་གདོང་འབག་རལ་བའི་སྡུག་བསྔལ་མྱོང་དགོས་པས་ང་རང་སྐྱིད་ལྷང་ལྷང་དང་དགའ་ཀྲོག་ཀྲོག་གིས་ཉིན་གང་སྤྲོ་སྣང་འཕེལ་བའི་གླུ་ཆུང་ཞིག་ཁ་ཆུང་ནང་ནས་ཡང་ཡང་ལེན་པར་ཐལ། ད་ལོ་དེ་རིང་ལས་སྐྱིད་པའི་ཉིན་མོ་ཞིག་མ་བྱུང་། ༸གོང་ས་མཆོག་གི་མཛད་འཕྲིན་ཡང་ངོའི་ཟླ་བཞིན་རྒྱས་གྱུར་ཅིག བོད་མིའི་བདེན་དོན་དོན་ཐོག་ཏུ་མྱུར་དུ་སྨིན་པར་གྱུར་ཅིག ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ལྷ་རྒྱལ་ལོ།

    Reply
  15. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་སྟོབས་ལགས། མ་གཞི་ང་དངོས་གནས་འདི་འདྲའི་རིགས་ལ་ཨར་འདེད་བྱེད་རྒྱུར་མི་དགའ། འོན་ཀྱང་ཉིད་ཀྱིས་རང་ཚོད་མི་ཟིན་པར་བསམ་ན་མི་འབྲི་རང་འབྲི་རེད། ཉིད་ཀྱིས་བསམ་ངོར་ཧ་ཅང་སྐད་ཆ་དག་པོ་ཞིག་བཤད་ཡོད་བསམ་བཞིན་ཨེ་ཡོད། གཤམ་གྱི་ཚིག་འདི་ཚོར་ལྟོས་དང་ཉིད་ཀྱི་འགྲེལ་བཤད་ལ་ཁོང་ཚོས་འགྲེལ་བཤད་བྱེད་ཀྱི་འདུག
    ༡ ༼དབྱིན་ཡིག་ཟེར་གི་ཡོད་དམ་༽ཟེར་རྒྱུ་མ་རེད། ༼དབྱིན་ཡིག་ཟེར་གྱི་ཡོད་དམ་༽ཞེས་ལབ་དགོས་པ་རེད།
    ༢ ༼བོད་ཡིག་ཟེར་གི་ཡོད།༽ ཟེར་རྒྱུ་མ་རེད། ༼བོད་ཡིག་ཟེར་གྱི་ཡོད་དམ། ཞེསལབ་དགོས་པ་རེད།
    ༣ ༼གལ་སྲིད་དབྱིན་ཡིག་ཟེར་གི་ཡོད་ན་༽ཟེར་རྒྱུ་མ་རེད། ༼གལ་སྲིད་དབྱིན་ཡིག་ཟེར་གྱི་ཡོད་ན༽ཞེས་ལབ་དགོས་པ་རེད།
    ༤ ༼དེ་གཅོད་མཚམས་ནོར་བ་མ་རེད་འདྲ་བཤུས་བརྒྱབ་དུས་འདི་འདྲ་ཞིག་ཆག་འདུག༽འོ་ན་འདྲ་བཤུས་རྒྱག་མཁན་དེ་ཁྱོད་ཨེ་ཡིན། ཁྱོད་ཀྱིས་འདྲ་བཤུས་མ་ནོར་བ་ཞིག་བརྒྱབ་ཡོད་རུང་ཕལ་ཆེར་གློག་ཀླད་ཀྱིས་ནོར་བ་ཞིག་ཁུར་ཡོང་ནི་ཡིན་རྒྱུ་རེད།
    ༥ ༼འགྲེལ་བཤད་མི་དག་ན་ཁྱེད་ཞིག་ཁྱེད་འགྲལ་བཤད་ཞིག་རྒྱག་རོགས་ངའི་སྒུག་ནས་བསྡད་འདུག་གོ ༽ཟེར་རྒྱུ་མ་རེད། ༼འགྲེལ་བཤད་མི་དག་ན་ཁྱེད་ཀྱིས་འགྲེལ་བཤད་ཅིག་རྒྱག་རོགས། ངས་སྒུག་ནས་འདུག༽འདི་ལྟར་བྲིས་ཤིང་བཤད་དགོས་པ་རེད། ད་ཤེས་སོང་ངམ། མ་ཤེས་ང་ལ་དྲིས། སློབ་སྟོན་གནང་ཆོག

    Reply
  16. སྟོབས་ says:
    ལོ་ 15 སྔོན།

    བཀྲ་ཤིས་སྒྲོལ་མ་ཡུགས་ས་མ་ ཁྱེད་ཀྱི་ཡ་ཐོད་ན་མིག་ཨེ་ཡོད ་ངའི་དྲི་བ་ལན་མི་འདེབས་དོན་ཅི་ཡིན
    ཡང་ན་དབྱིན་ཡིག་དེ་ལ་འགྲེལ་བཤད་རྒྱག་མ་ཤེས་པ་ཡིན་རྒྱུ་རེད ། སྐྲག་མི་དགོས་ཁྱེད་ཀྱི་གསང་བ་ཕྱི་མི་རྟོལ།

    Reply
  17. སྟོབས་ says:
    ལོ་ 15 སྔོན།

    གཅོད་མཚམས་ནོར་འདུག་ཟེར་བ་དབྱིན་ཡིག་ཟེར་གི་ཡོད་དམ་བོད་ཡིག་ཟེར་གི་ཡོད། གལ་སྲིད་དབྱིན་ཡིག་ཟེར་གི་ཡོད་ན་དེ་གཅོད་མཚམས་ནོར་བ་མ་རེད་འདྲ་བཤུས་བརྒྱབ་དུས་འདི་འདྲ་ཞིག་ཆག་འདུག་ ཉེས་པ་འདི་ང་ལ་ཡོད་མི་སྲིད་
    འགྲེལ་བཤད་མི་དག་ན་ཁྱེད་ཞིག་ཁྱེད་འགྲལ་བཤད་ཞིག་རྒྱག་རོགས་ངའི་སྒུག་ནས་བསྡད་འདུག་གོ

    Reply
  18. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    ཡང་ཁྱེད་ངན་ང་བཟང་གི་ལོ་རབས་མང་པའི་དྲི་མ་ནག་ཅན་དེ་སླེབས་ཚར་བཞག བོད་ཕྲུག་ཚོ། ག་རེ་བཤད་ཀྱིན་ཡོད། ཅི་ཞིག་མ་འགྲུབ་རེད། སློབ་སྟོན་ཡག་པོ་གཏོང་དང་། ངོས་ལེན་ཡག་པོ་བྱས་དང་། བཀའ་མོ་ལྷོད་ལྷོད་གནོང་དང་། ད་དེང་སོང་ཡང་རོ་ལུངས་རྒྱག་མི་ཡོང་ངམ། ཟིན་བྲིས་ནང་ལ་ཀློག་ན། གསར་ཤོག་སྒང་ལ་བསྟས་ན། སྤྱི་ཚོགས་ནང་ལ་ཉུལ་ན། མགོ་གཞུང་ཞབས་པ་ནས་འོག་མི་སེར་བར་ཏུ་ཁྱེད་ངན་རབས་དང་ང་བཟང་རབས་རྐྱང་རྐྱང་རེད་བཞག ཅི་ཞིག་གི་ཆ་ནས་མ་འགྲུབ། གང་ཞིག་གིས་རྐྱེན་གྱིས་ཡིན་ནམ།
    དངོས་གནས་ཡིན་ན་གོང་གི་བཟང་ཕྱོགས་ཀྱི་གནས་ཚུལ་དེ་གཞི་ལ་བཞག་ནས་ང་ཚོས་ཅི་ཞིག་གླེང་རིན་འདུག་གམ། དེ་ནི་རྒྱ་སྤྱིའི་གནས་བབས་དང་༧གོང་ས་༧་མཆོག་གི་མཛད་འཕྲིན་གྱི་སྐོར་རེད། གོང་གི་གནད་དོན་དེ་ཆབ་སྲེད་འགལ་ཟླ་བར་ལས་རྒྱལ་ཁའི་གྲུབ་འབྲས་ཞིག་རེད། ཡུན་རིང་རེ་སྒུག་བྱས་པའི་དོན་སྙིང་ཅན་གྱི་འབྲས་བཟང་ཞིག་རེད།
    ངས་བསམ་ན་འདི་ནི་བོད་པ་ཚང་གི་ལོ་གསར་གྱི་དགའ་ཆང་དེ་རེད། ངས་བསམ་ན་འདི་ནི་ཨ་རིའི་ཕོ་བྲང་དཀར་པོས་གནང་བའི་ལོ་གསར་གྱི་བྲོ་གར་དེ་རེད། སྐྱིད་པོ་གཏོངས། ལོ་གསར་བཟང་།།

    Reply
  19. སྨར་དྷིཿཟེར། says:
    ལོ་ 15 སྔོན།

    སྲིད་འཛིན་ཨོ་བྷ་མས་གོང་ས་མཆོག་ལ་མཇལ་ཕྲད་གནང་རྒྱུ་དེ་དོན་ངོ་མའི་ཐོག་ནས་བསམ་བློ་གཏོང་ན་འགྲོ་བ་མི་ཐོབ་ཐང་ལ་རྩི་སྲུང་བྱེད་པའི་ཚོན་རྟགས་གསལ་པོ་ཞེ་དྲག་རེད་འོན་ཀྱང་དྲྭ་གྲོགས་རྣམས་ལ་དགོངས་ཚུལ་ཅི་ཡོད་དམ།

    Reply
  20. སྨར་དྷི་ཟེར། says:
    ལོ་ 15 སྔོན།

    ljgfodsjgldfjgldgj

    Reply
  21. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་སྟོབས་ལགས། སྐུ་ཉིད་ལ་བྱ་དགའ་མི་འབབ་ཀི། ཉིད་ཀྱིས་འགྲེལ་བཤད་འདི་མི་དག་གི། གཅོད་མཚམས་འདི་ནོར་ཡོད་གི། དེའི་ཕྱིར་་་་་་་་་་་་་་ཁྱོད་ལ་དགོངས་དག

    Reply
  22. སྟོབས་ says:
    ལོ་ 15 སྔོན།

    International Freedoགླེན་ཕྲུག་མ་འདིས་དོན་ལ་རྒྱལ་སྤྱིའི་རང་དབང་གློག་འཁྱུད་བྱ་དགའ་ཟེར་གི་ཡོད་ནི་རེད ། ད་ཤེས་སོང་བ ། ངའི་ཁྱེད་ལ་བློ་བསྐྱེད་ཡག་འདྲ་ཞིག་བྱིན་ཡོད །གལ་སྲིད་ཁྱེད་བུད་མེད་ཞིག་ཡིན་པའི་དབང་དུ་བྱས་ན་ཁྱེད་ཀྱིས་ང་ལ་ཅི་ལྟར་བཀའ་དྲིན་ཞུ་རྩིས་ཡོད་m Conductor Award

    Reply
  23. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    དྲྭ་གྲོགས་སྟོབས་ལགས། ང་གླེན་མ་མ་རེད། འདི་ལ་༼ ཕྱི་ཚེས་ ༢༠ ཉིན་༧གོང་ས་མཆོག་ལ་ International Freedom Conductor Award ཞེས་པའི་རྒྱལ་སྤྱིའི་གཟེངས་རྟགས་དེ་འབུལ་གཏན་འཁེལ་ཡོད་ལ།༽ལྟོས་དང་བོད་ཡིག་མ་གཏོགས་མི་ཤེས་མཁན་ཞིག་གིས་གོ་ས་རེད་དམ། བོད་ཡིག་གི་གསར་ཤོག་ཅིག་གི་ནང་ལ་འདི་ལྟར་གསར་འགྱུར་འགོད་སྟངས་ཤིག་ཡོད་པ་རེད་དམ། འདི་ལ་སོམས།

    Reply
  24. སྟོབས་ says:
    ལོ་ 15 སྔོན།

    གླེན་མ་ (NEDཚིག་འདི་འདྲ་ཞིག་བོད་ཡི་ལ་ཅི་ལྟར་སྒྱུར་ཐབས་བྱེད་དགོས
    ཡ་ཐོད་ན་མིག་ཡོད་ན་ལྟ་ཡག་བྱས་ལོ

    Reply
  25. སྟོབས་ says:
    ལོ་ 15 སྔོན།

    རིས་མེད་སྐྱེ་འགྲོ་ཀུན་གྱི་མགོན་སྐྱབས་དམ་པ་འཛམ་གླིང་ཞི་བདེིིིའི་དེད་དཔོན་ཆེན་པོ་༧་གོང་ས་སྐྱབས་མགོན་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པས་སྨོན་འདུན་ཞུ་༧གོང་ས་མཆོག་གིས་ང་ཚོ་སྟེ་འུ་ཅག་བོད་མི་ཡོངས་ལ་ལོ་སར་ལ་གསོལ་རས་སམ་ལོ་སྐལ་ཞིག་ཐུགས་བརྩེ་བས་གནང་བ་ཁྱེད་ཚོའི་ཤེས་ཨེ་ཡོད།
    ལོས་ཤེས ང་ཚོ་བཀའ་དྲིན་གཞལ་མཐའ་བྲལ་་པའིཨ་མས་འོ་དྲི་མངར་མོས་གསོས་ནས་མི་རིགསའདིས་ལང་ཚོ་རྙེད་ཡོད་པ་མ་སྲིད་ལྕགས་སྟག་ལོའི་ལོ་སར་ལའང་དམ་པ་ཁོང་ཀིས་རླབས་ཆེན་ཐུགས་བརྩེའི་བྱིན་རླབ་ཀྱིས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་འཇལ་འཕྲིན་གནང་བ་དེ་ང་ཚོའི་ལོ་སྐལ་བྱེད་ཆོག

    Reply
  26. བཀྲ་ཤིས་སྒྲོལ་མ། says:
    ལོ་ 15 སྔོན།

    འདི་བོད་ཡིག་གི་གསར་འགྱུར་རེད་དམ། གཤམ་གྱི་International Freedom Conductor Awardའདི་དབྱིན་ཡིག་མི་ཤེས་མཁན་ཞིག་གིས་དོན་གོ་ས་རེད་དམ། རྗེས་མ་གཟབ་པར་འཚལ། བོད་ཡིག་ནང་ལ་གསར་འགྱུར་འབྲི་དུས་དབྱིན་ཡིག་དང་བསྲེས་ན། ད་དུང་ཚིག་དུམ་འདིའི་དོན་བོད་བསྒྱུར་མ་བྱས་པར་བཞག་ན། བོད་མི་དབྱིན་ཡིག་མི་ཤེས་མཁན་ཚོས་ཇི་ལྟར་ཀློག་དགོས་རེད། ཁྱོད་ཚོས་ཚིག་དུམ་འདི་བོད་བསྒྱུར་བྱེད་མ་ཐུབ་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese