མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གསུམ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༦ ཡས་མས་སུ་རྔ་པ་ཀིརྟི་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་ལས་བྱེད་གྲྭ་ལྷ་མཆོག རང་ལོ་  ༣༦ ཡིན་པ་ཁོང་ཁྲིན་ཏུའུ་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཉིན་དེའི་སྔ་ཕྱི་ཞིག་ལ་རྔ་པ་རྫོང་ཐོག་ཏུ་ཡོད་པའི་༼ ས་པཎ་རིག་གནས་སྒྲིག་སྦྱོར་ཁང་ ༽ ཞེས་པའི་སྒེར་གཉེར་གློག་ཀླད་ཁང་གི་བདག་མོ། ད་ལྟ་རང་ལོ་ ༢༨ ཡིན་པའི་བུ་མོ་གསེར་སྐྱིད་དང་། མོའི་ལས་རོགས་བུ་མོ་ཞིག་ལའང་ྋགོང་ས་མཆོག་གི་སྐུ་པར་དང་བོད་དོན་སྐོར་གྱི་ཡིག་ཆ་འདྲ་མིན་བསྐྱར་པར་བྱས་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་འདུག  

 

ལྷ་མཆོག་འཛིན་བཟུང་བྱས་དོན་སྐོར་ས་གནས་མང་ཚོགས་ཚོས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་རྗེས་རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པ་སྔོག་བཤེར་བྱས་སྐབས། དགོན་པའི་རྩན་ཁང་ནང་གི་མེ་མདའ་བེད་མེད་རྣམས་ས་གནས་གཞུང་གིས་དགེ་འདུན་པའི་ངོ་རྒོལ་བྱེད་པའི་ལག་ཆ་ཡིན་ཚུལ་བསྒྲགས་ཡོད་སྟབས། གོང་རིམ་ནས་མི་སྣ་ཞིག་ས་གནས་ས་ཐོག་ལ་ཞིབ་འཇུག་བྱེད་པར་བཏང་ཡོད། གོ་གསལ་ལྟར་ན། ཆེད་བཏང་མི་སྣ་དེ་ནི་རྒྱ་ནག་དབུས་གཞུང་གི་གནད་ཡོད་མི་སྣ་ཞིག་གི་དྲུང་ཡིག་ཡིན་ཚུལ་བཤད། ཁོང་ལ་ལྷ་མཆོག་སོགས་ཀྱིས་གནས་ལུགས་རྒྱུ་མཚན་གསལ་བོར་བཤད་དེ་དཀར་འདོན་བྱས་སྐབས། མི་དེས་ངོས་ལེན་ལྟ་བུ་བྱས་ཀྱང་། ས་གནས་གཞུང་གིས་ངོས་ལེན་བྱས་མེད་ལ། དངོས་ཡོད་གནས་ཚུལ་འགྲེལ་བཤད་བྱས་པ་དེས་ཕོག་ཐུག་ཕྱིན་ཡོད་འདུག ༢༠༠༨ ཟླ་ ༩ ཚེས་ ༢༤ ཉིན་རྔ་པ་ཀིརྟི་དགོན་པའི་སྦྱིན་པ་ཀླད་ཁྲ་དམག་མིས་གཅར་རྡུང་བྱས་པའི་དོན་རྐྱེན་སྐབས། ས་གནས་གཞུང་གིས་གྲྭ་པ་ཚོར་སྨན་ཡོན་དང་གུན་གསབ་ཆེད་སྒོར་མོ་སྤྲོད་རྒྱུ་ཡིན་པས་དོན་རྐྱེན་ཞི་འཇམ་གཏོང་དགོས་ཚུལ་བཤད་སྐབས། ལྷ་མཆོག་སོགས་ཀྱིས་དོན་རྐྱེན་འདིའི་ཐད་ང་ཚོར་ལན་པ་མེད་ཚུལ་གསལ་པོ་བཟོས་ཏེ། ཚགས་ཤོག་ཐོག་བཏོན་ནས་དཀར་འདོན་བྱ་དགོས་ཚུལ་བརྗོད་དེ་སྒོར་མོ་བླངས་མེད།

 

དེ་བཞིན། ༢༠༠༩ ལོར་རྔ་པའི་ཚགས་ཤོག་ཐོག་ས་ཆ་ཞིག་འཚོང་རྒྱུ་ཡོད་པས་ཉོ་མཁན་རྣམས་ཀྱིས་ཐོ་འགོད་བྱ་དགོས་པའི་ཁྱབ་བསྒྲགས་བྱས་སྐབས། རྔ་པ་ཀིརྟི་དགོན་པས་ཀྱང་ཐོ་འགོད་བྱས་སྐབས་འབྲེལ་ཡོད་མི་སྣས་ཀིརྟི་དགོན་པས་ཐོ་འགོད་བྱེད་མི་ཆོག་ཚུལ་བརྗོད་ཡོད། སྐབས་དེར་ལྷ་མཆོག་སོགས་ཀྱི་སྣེ་ཁྲིད་འོག ཀིརྟི་དགོན་པས་རྫོང་དཔོན་ལ་ཞུ་གཏུགས་བྱས་པར་རྫོང་དཔོན་གྱིས་ས་དེ་སུས་ཉོ་ཆོག་དང་ཉོ་མི་ཆོག་གི་ཁྱད་པར་གང་ཡང་མེད་ཚུལ་བཤད་སྟབས། འབྲེལ་ཡོད་ལས་ཁུངས་ཀྱིས་ས་དེ་ཉོ་མཁན་མེད་ཡོད་མེད་ལ་མ་ལྟོས་པར་ཀིརྟི་དགོན་པའི་ལག་ཏུ་མི་ཤོར་ཆེད་རིན་གོང་གློ་བུར་དུ་རྒྱ་སྒོར་ཕྱེ་བ་གཅིག་དང་ས་ཡ་གཉིས་ ༡༢༠༠༠༠༠༠ ལྷག་ལ་སྤར་ཡོད་འདུག དེ་མིན་ད་དུང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་རྒྱ་ནག་དབུས་གཞུང་ནས་རྔ་པར་རྟོག་ཞིབ་ཆེད་གོང་རིམ་ནས་ཚོགས་ཆུང་ཐེངས་གཉིས་ལ་ཡོང་སྐབས་སོ་སོར་ཀིརྟི་དགོན་པའི་ནང་ནས་ལྷ་མཆོག་སོགས་ཀྱིས་གནས་ཚུལ་དངོས་ཇི་བཞིན་གསལ་བཤད་རིམ་པར་བྱས་ཏེ། གོང་རིམ་ནས་ཡོང་བའི་མི་སྣ་ཚོས་ང་ཚོའི་ཕྱོགས་ལ་ལན་མེད་ཚུལ་ངོས་ལེན་བྱས་ཡོད་ཀྱང་། ས་གནས་གཞུང་གི་དཔོན་རིགས་ཚོར་ཕོག་ཐུག་རིམ་རྩེག་ལྟ་བུ་ཆགས་ཡོད་པ་དང་། ལྷག་པར་དུ་དེང་སྐབས་སླར་ཡང་རྔ་པར་རྟོག་ཞིབ་ཚོགས་ཆུང་ཐེངས་གསུམ་པ་ཡོང་ལ་ཉེ་བའི་སྐབས་དང་འཁེལ་ཡོད་སྟབས། ས་གནས་གཞུང་གིས་ལྷ་མཆོག་སོགས་ཀྱིས་གནས་ཚུལ་དངོས་གསལ་བཤད་ཀྱིས་རྙོག་གླེང་བཟོ་བར་དོགས་ཏེ་ཁོང་བཀག་ཉར་བྱས་པ་ཞིག་ཡིན་ཚུལ་རྗོད་ཀྱིན་ཡོད་འདུག

གོང་གི་གནས་ཚུལ་དེ་ཀིརྟི་དགོན་པའི་གྲྭ་ཚེ་རིང་ལགས་ཀྱིས་མཁོ་སྤྲོད་བྱས།

འབྲེལ་ཡོད་གསར་འགྱུར།

THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣

མཆན། 3

  1. བསེ་རུ། says:
    ལོ་ 17 སྔོན།

    ད་ལོ་ཡང་ང་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཇི་ལྟར་བྱེད་དགོས་སམ།
    ཉམ་ཆུང་བོད་མིར་གདུག་རྩུབ་མནར་གཅོད་གཏོང་སྟངས་ལ་བལྟས་ན།
    རྒྱ་ནག་གཞུང་ལ་ཞེ་འཁོན་མི་སྐྱེ་བ་ཅི་ལ་སྲིད།
    འོན་ཀྱང་། ༸གོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་ལ་བསམ་ཚེ། བཟོད་བསྲན་བྱ་རྒྱུ་ལས་མ་འདས། ད་དྲ་གྲོགས་ཚོས་བསམ་ན་གང་འདྲ་བྱེད་དགོས་སམ།།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    འདི་ད་ད་ལོའི་སུམ་ཅུའི་དྲན་གྱི་དབུ་འཛུགས་བྱེད་དུ་འགྱུར་རྒྱུ་རེད། རྔ་བའི་མི་དམངས་ཀྱིས་སྡུག་དེ་བོད་མི་རིགས་ཀྱི་ཆེད་དུ་རེད་པས་སེམས་པ་ཕམས་དགོས་པ་མ་རེད། ངས་ཀྱང་སེམས་གཏིང་ན་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད། རྔ་བའི་མི་དམངས་ཡོངས་ལ་སེམས་གསོ་དང་བཀའ་དྲིན་ཆེ་ཞུ།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 17 སྔོན།

    ད་རྔ་བའི་མི་མང་གི་སྡུག་མྱོང་རྒྱུ་རེད་ཡ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese