མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐང་སྟོང་གླུ་གར་དང་དེའི་དངོས་ཡོད་གནས་ཚུལ། རྣམ་རྒྱལ་ལྷག་པ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་དགེ་རྣམ་རྒྱལ་ལྷག་པ།

ཐང་སྟོང་གླུ་གར་ཞེས་པའི་གླུ་གར་ཚོགས་པ་འདི་ཉིད་ཐོག་མའི་འཛུགས་དོན་གཙོ་བོ་ནི་ཐུན་མིན་བོད་ཀྱི་གླུ་གར་བཙན་བྱོལ་ན་གཞོན་མང་དག་ལ་ཁྱབ་སྤེལ་ཆེད་དམིགས་འཛུགས་གནང་བ་ཡིན་ཤས་ཆེ། ལྷག་པར་ལོ་ཤས་སྔོན་ནས་གཞུང་འབྲེལ་མཛད་སྒོར་འཁྲབ་སྟོན་གནང་བར་མི་མང་ནས་གང་འཚམ་བསྔགས་བརྗོད་ཐོབ་པ་དང༌། དེ་ནས་ཐོན་པའི་སློབ་ཕྲུག་མི་ཉུང་ཙམ་ཚོགས་པ་ཁག་ཏུ་ཕྱག་ལས་གནང་བཞིན་པ་མཐོང་རྒྱུ་ཡོད་པའང་གྲུབ་འབྲས་ཤིག་ཡིན་པས་འདི་ནས་བསྔགས་བརྗོད་བྱེད་བཞིན་ཡོད།

འོན་ཀྱང་དེ་ནས་ཐོན་པའི་སློབ་ཟུར་གྱི་ལྷན་དུ་ཁོ་བོས་བཀའ་འདྲི་ནན་པོ་ཞུས་རྗེས་གནད་དོན་གསལ་རྟོགས་བྱུང་བ་ཁག་རྒྱ་ཆེའི་ཀློག་པ་པོས་མཁྱེན་རྒྱུ་གལ་ཆེར་མཐོང༌། ཚོགས་པ་གང་ཡང་གཞུང་འབྲེལ་ཡིན་མིན་ལ་མ་ལྟོས་པར་ཚོགས་པའི་མིང་བཟུང་ཕྱིན་དེ་ལ་གང་ཟག་སྒེར་གྱི་མཐོང་ཚུལ་གང་ཡང་བརྗོད་ཆོག་པ་མང་གཙོའི་ཐོབ་ཐང་ཞིག་ཏུ་བརྩིས་ནས་ཁོ་བོས་འདིར་བརྗོད་པར་བརྩམས། ཐང་སྟོང་གླུ་གར་གྱི་འགན་འཛིན་གང་ཉིད་ཀྱིས་དེ་གའི་སློབ་ཕྲུག་བུ་མོ་རྣམས་ལ་བལྟ་ཚུལ་ལེགས་པོ་མེད་པ་དེའི་དཔང་རྟགས་སུ་གང་ཉིད་ཀྱི་སྐྱེས་དམན་དཔེར་བཀོད། དེ་ག་གཅིག་པུས་འདོད་བློ་མ་ཁེངས་པར་སླར་ཡང་བུ་མོ་གཞན་ལ་བརྙས་ཀྱི་ཡོད་ཚུལ་གྱི་ལོ་རྒྱུས་དུམ་མཚམས་རིང་ཐུང་འདྲ་མིན་གོ་རྒྱུ་འདུག

དེ་བཞིན་རྒྱ་གར་གྱི་གློག་བརྙན་ནང་དུ་མི་ངན་རྣམས་ཀྱིས་བྱས་ངན་སྤོབས་པར་བརྩིས་ཏེ་སྤྲོ་སྐྱིད་གཏོང་སྐབས་མི་ངན་རྣམས་ཆང་རག་ལ་ལོངས་སུ་སྤྱད་པའི་དབུས་སུ་བུད་མེད་གར་མཁན་འདྲ་མིན་འབོད་སྲོལ་ཡོད་པ་མིག་ཟིན་ལྟར། དེ་ལྟའི་སྐད་གཏོང་མཁན་ཡོད་རིགས་ལས་སྒོར་མོ་བླངས་ཏེ་ཚོགས་པ་འདིའི་བུད་མེད་རྣམས་ལ་ཆང་རག་བླུག་ཏུ་འཇུག་པ་དང་གཞས་འཁྲབ་ཏུ་བཅུག་པ་སོགས་ནི་མིའི་བཟང་སྤྱོད་ལས་འདས་པའི་བྱ་སྤྱོད་ངན་པ་ཞིག་ཏུ་སྣང་བ་མ་ཟད། སྦོལ་གདན་གྱི་སྟེང་དུ་རྫིག་ཉམས་ཆེན་པོས་བསྙེས་ཤིང་རྐང་པ་གཅིག་གི་སྟེང་ལ་གཅིག་བཞག་སྟེ། དེའི་འགྲམ་དུ་རང་གི་བུ་མོ་དང་ལོ་ཚད་མཉམ་པའི་བུད་མེད་མང་དག ཁ་ཅིག་གིས་ལག་ཏུ་ཆང་རག་གི་དམ་བུ་བསྣམས་ཤིང༌། ཁ་ཅིག་ཉེ་འགྲམ་དུ་གཞས་དང་ཞབས་བྲོ་འཁྲབ་ཏུ་འཇུག་པ་སོགས་ཆེས་མ་འཚམ་པའི་བྱ་སྤྱོད་སྤེལ་དུ་འཇུག་མཁན་གྱི་གཏེ་བོ་དེ་སུ་ཡིན་ནམ། ལྷག་དོན་བུད་མེད་དེ་དག་གིས་གར་འཁྲབ་སྐབས་གར་མཁན་བུད་མེད་དེ་དག་གི་སེམས་ནང་ཚོར་བ་ཇི་ཤར་ཁྱེད་ཅག་གིས་ཚོར་ཐུབ་བམ། ལར་ནས་ཚོགས་པ་ཡར་རྒྱས་སླད་དངུལ་གྱི་ཆེད་དུ་བུད་མེད་བེད་སྤྱད་བྱས་པ་འདི་ཉིད་བོད་ཀྱི་ཐུན་མིན་གླུ་གར་གྱི་རྩལ་ཞིག་ཡིན་ནམ། མདོ་དོན་དེ་ལྟའི་ལོག་པའི་ལྟ་བ་འཛིན་མཁན་གྱི་འགན་འཛིན་དེ་ཉིད་ཇི་ལྟ་བུ་ཞིག་ཏུ་གྱུར། ཁྱེད་ཅག་གིས་གནས་ཚུལ་འདི་ཚོ་མཁྱེན་ནམ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 7

  1. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ད་དངོས་ཉིད་འདི་ཚོ་ཞབས་འདྲེན་རེད་མ་གཞི་ནས་ཚོགས་པ་འདྲ་མིན་བཙུགས་ཡ་དེ་ཞེ་དྲག་ཡག་པོ་མཐོང་གིན་མེད་གང་ཡིན་ཞེ་ན་གང་ཚང་ཞིག་ནས་ཚོགས་པའི་མིང་དེས་ཁོང་རང་ཚོའི་ལྟོ་ཆས་འཚོལ་ས་བྱེད་དེ་ཚོགས་མི་ཚོ་ཚོང་རྫས་བྱེད་ཀྱི་འདུག་དཔེར་གཞན་ཞིག་ཞུས་ན་སྔོན་ལོ་བོད་ནང་ཞི་རྒོལ་སྐབས་ཚོགས་པ་བཞིས་གོ་སྒྲིགས་བྱེད་དེ་བོད་ནང་ལོག་གིན་ཡིན་ཞེས་ཁྱབ་སྒྲགས་དང་དངུལ་ཕོན་ཆེན་སློང་ཡོད་རེད་མཐར་བོད་ནང་འགྲོ་ཐུབ་མ་སོང་གནས་སྐབས་འཚམས་འཇོག་གིན་ཡིན་ཟེར་ནས་ཁྱབ་སྒྲགས་བྱེད་པ་རེད་དངུལ་ཕོན་ཆེན་དེ་གང་དུ་བཏང་ཡོད་མིན་གྱི་བརྩིས་ཁྲ་ཅི་ཡང་ཡོད་མ་རེད། བཀའ་ལས་ཆེ་ཤོས་དེ་གོམ་འགྲོད་པ་དེ་ཚོས་རེག་ཡོད། ད་དུང་ཞིབ་ཏུ་བསམ་བློ་གཏོང་ན་བོད་ནང་ལོག་མི་ཐུབ་པ་དངོས་ཡོད་གནས་ཚུལ་ཡོད་བཞིན་དུ་འདི་ལྟར་བྱས་པ་དེ་ཁོང་ཚོ་ཚོང་རྫས་བྱེད་འདོད་མ་རེད་དམ།

    Reply
  2. ཐོས་དགའ། says:
    ལོ་ 16 སྔོན།

    དཀོན་མཆོག་དབང་འདུས་ཨབ་ཕྱི་ལགས། ངས་བཤད་པ་དེ་ཁུངས་མེད་འཆལ་གཏམ་མིན་དཱ། ད་ལྟ་བུ་མོ་དེ་གསོན་པོར་བསྡད་ཡོད། ཐེངས་མང་པོར་ཤོག་ཤོག་ཅེས་ཨུ་ཚུགས་བརྒྱབ་འདུག བུ་མོ་དེ་ཁ་ངོ་སྐྱེས་གཟུགས་མཚར་བ་མ་གཏོགས་སློབ་སྦྱོང་ཡོད་མ་རེད་ལ་སྐད་ཡག་པ་ཡང་ཡོད་མ་རེད། ག་རེ་བྱས་ནས་ཨུ་ཚུགས་བརྒྱབ་པ་རེད་དམ། ཁོ་མོས་ཡོང་གི་མིན་ཟེར་རྗེས་ཀྱང་ཨུ་ཚུགས་བརྒྱབ་འདུག

    Reply
  3. སེམས་བཟང་། says:
    ལོ་ 16 སྔོན།

    དཀོན་མཆོག་དབང་འདུས་ཨབ་ཕྱི་ལགས་ཀྱིས་བཤད་སྟངས་ལ་བལྟས་པ་ཡིན་ན་སྐུ་ཉིད་ཀྱང་ཐང་སྟོང་གླུ་གར་ཚོགས་པའི་འགན་འཛིན་དང་ངན་པ་ལག་འབྲེལ་ཡོད་པའམ། འདི་འདྲའི་མ་རབས་ཀྱི་བྱ་ངན་ཐ་ཆད་སྤེལ་མཁན་ཡིན་ངེས་སུ་འདུག གལ་སྲིད་མིན་ན་ངན་པ་མ་རབས་འདི་ཚོའི་དཔུང་རོགས་བྱེད་ཀྱི་མ་རེད། ངན་པ་མ་རབས་འདི་ཚོས་བྱ་ངན་ཐ་ཆད་འདི་འདྲ་རྐྱང་རྐྱང་བྱས་ནས་བོད་མི་རིགས་འདི་འཛམ་བུའི་གླིང་གི་ཐོག་ནག་པོ་ནག་རྐྱང་བྱེད་ཀྱི་རེད། ལེགས་སྤེལ་ཉེས་འགོག་འདོད་མཁན་ང་ཚོ་ཚང་མ་མཉམ་རུབ་ཀྱིས་མ་རབས་ཐ་ཆད་འདི་ཚོ་སྤྱི་ཚོགས་ཀྱི་ནང་ནས་རྒྱངས་འབུད་བྱ་ཐུབ་པ་ངེས་པར་དུ་བྱེད་དགོས་ཀྱི་འདུག བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་མཁན་གྱི་ཚོགས་པའི་འགན་འཛིན་ཞིག་གི་མིང་ཁུར་བཞིན་བྱ་ལས་ཐ་ཆད་འདི་འདྲ་བྱེད་ཕོད་པ་ནི་དངོས་གནས་ང་ཚོ་ཚང་མས་བསམ་གཞིག་བྱ་དགོས་པའི་གནད་དོན་ཞིག་མ་རེད་དམ།

    Reply
  4. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 16 སྔོན།

    བོད་དགེ་རྣལ་རྒྱལ་ལྷག་པ། ཡིན་ས་རེད། བོད་ཡིག་དགེ་རྒན་འདི་ཚོས་རང་གི་སློབ་ཁྲིད་མི་བྱེད་པར་མི་དགོས་སར་སྐེ་བསྲིངས་ནས་བསྡད་པའི་གྲུབ་འབྲས་ན་ནིང་༧གོང་ས་མཆོག་ལ་གསུངས་ནན་པོ་ཤོར་བཅུག་པ་དེ་རེད། གནད་དོན་འདི་ཚོ་འགན་འཛིན་ཁོང་གི་མི་ཚེ་དང་མཚན་སྙན་གྲགས་དང་འབྲེལ་བའི་དོན་ཆེན་ཡིན་པས་རྩོམ་སྒྲིག་ཁང་ནས་འཁུར་བླངས་ཏེ་གསལ་བོ་བཟོས་ན་རེད། དེ་མ་ཡིན་པར་ངག་འཁྱལ་ལྟ་བུའི་རྩོམ་ཡིག་འདི་འདྲ་ཞིག་འདིར་བཀོད་པ་དེ་ཅང་མ་རེད་སྙམ།

    གཞན། གཅན་བཟོད་རྒྱམ་དང་ཐོས་དགའ་གཉིས་ནས་ཁུངས་མེད་ཀྱི་ཤོབ་བཤད་འདུག་པ་ཡག་པོ་ཁྱོན་ནས་མ་རེད་ལམ་པར་འདོད། བུ་མོ་དེ་འགན་འཛིན་ཁོང་དང་མཉམ་དུ་ཆང་ས་རྒྱག་འདོད་པ་རང་གི་འདོད་མོས་དང༌། ནང་མིའི་འདོད་མོས་ཀྱང་རེད། ངས་སྐད་ཆ་འདི་དངོས་སུ་བོད་གཞུང་སྨན་རྩིས་ཁང་གི་སློབ་ཕྲུག་མོའི་གྲོགས་མོ་ཞིག་གི་སར་གསལ་རྟོགས་བྱུང་བ་ཡིན།

    Reply
  5. ཐོས་དགའ། says:
    ལོ་ 16 སྔོན།

    ང་སྔོན་མ་རྡ་སར་བསྡད་སྐབས་བུ་མོ་བྱད་བཞིན་ཡིད་དུ་འོང་ལ་གཟུགས་བཟང་བ། སློབ་སྦྱོང་མེད་པ་ཞིག་ངོ་ཤེས་ཀྱི་ཡོད་པ་དེ་ལ་ཐང་ཤྟོང་འགན་འཛིན་བུ་ཆུང་ཟེར་བ་ཁོས་ཤོག་ཤོག་ཅེས་ཨུ་ཚུགས་མང་པོ་བརྒྱབ་འདུག འུ་གཉིས་ཤིན་ཏུ་འདྲིས་པས་གང་གབ་དྲིས་བྱུང་བར་། ཁོའི་ཙ་ནས་རྡོ་རྗེའི་དབང་བསྐུར་ཞུ་འདོད་ན་རྒྱུགས། དེ་མིན་རང་སར་བསྡད་ན་དགའ་ཞེས་ལམ་སྟོན་བྱས་པ་ཡིན་ལ་ཁར་ཉན་བྱུང། ད་བྱེད་དུས་ཡག་པོ་བྱུང་འདུག གསར་འགྱུར་འདི་མོ་ལ་སྟོན་རྒྱུ་ཡིན།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨ་ཁ། ཡང་སྤོར་ཏོ་དེས་བུ་མོ་ལོ་ཆུང་ལ་བཙན་གཡེམ་་་་ཨ་མ་རེད། ཡང་དེས་བུ་མོ་ལོ་ཆུང་ཞིག་ལ་མགོ་སྐོར་དང་ནི་མིན་ནམ། སྔོན་མ་ང་བུ་མོ་དེ་ལ་ཤི་མ་ཤི་དགའ་མྱོང་། སྐབས་དེར་ང་ས་རཱའི་སློབ་ཕྲུག་ཅིག་ཡིན་པས་བུ་མོ་དེ་འདྲར་ཅང་ཟེར་མ་ཐུབ་པ་རེད། རྗེས་ནས་འགན་འཛིན་སྤོར་ཏོ་དེས་འཛགས་ཐེངས་གཅིག་གིས་མངལ་ཆགས་བྱིས་པ་སྐྱེས་རྗེས་ཆུང་མར་བླངས་པ་རེད། ཁྱེད་ཚོས་ཞི་མོ་དེར་བཅར་འདྲི་ཞིག་བྱས་དང་མོ་ཡང་ང་ལ་དགའ་མྱོང་ཡོད་རྒྱུ་རེད་ཡ། ཧ་ཧ་ཧ

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 17 སྔོན།

    དངོས་གནས་ཀློག་བརྙན་ག་གེ་མོ་ཞིག་མིག་ལམ་དུ་ཤར་ཡོང་ནི་ཞིག་རེད།།་བདེན་པ་ཨེ་ཡིན་ནམ།།། གལ་ཏེ་དངོས་ཡོད་ཡིན་ཚེ་་་དེ་འགན་འཛིན་ཞིག་མ་རེདངོ་ཚ་མེད་པའི་དུད་འགྲོ་ཁྱི་ལས་བསྡུག་་་་་་་་་་ངེད་བོད་པ་ཚང་གི་ཞབས་འདྲེན་རེད་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese