མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་འཕར་མ་ལས་འཕྲོས་པའི་གཏམ། ཨ་དགེ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

                       ཨ་རིག་དགེ་མཐོང་།

 ད་ལོ་དགེ་ལུགས་པའི་སྨོན་ལམ་འཕར་མ་གོ་སྒྲིག་ཚོགས་ཆུང་གིས་འབད་བརྩོན་བྱས་པ་ལ་བརྟེན་ནས། རྡོ་རྗེ་གདན་ནས་དགེ་ལུགས་པའི་སྨོན་ལམ་འཕར་མ་འཚོགས་ཐུབ་པའི་སྐལ་བ་ལྡན་པ་དང་། ཚོགས་ཀྱི་གྲལ་མགོར་༧ གོང་ས་སྐྱབས་མགོན་མཆོག་བྱོན་པ་མ་ཟད། དགའ་ལྡན་ཁྲི་བ་དང་ཤར་བྱང་གི་ཆོས་རྒྱལ་རྣམ་གཉིས་གཙོས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཕེབས་པ་དང་། དགེ་འདུན་འདུས་པ་རྒྱ་མཚོ་གྲངས་ལས་འདས་པ་ཞིག་ཕེབས་པ་ནི་དགའ་འོས་པའི་དོན་དག་ཅིག་རེད།  དེ་དང་སྟབས་བསྟུན་ནས་གསུང་ཆོས་ཀྱང་ཡག་པོ་ཞིག་ཞུ་ཐུབ་བྱུང་བ་ནི་ཆོས་ཞུ་བ་རྣམས་ཀྱི་སྐུ་བསོད་རེད་ལབ་ན་ཕལ་ཆེར་མི་འགྲིག་རྒྱུ་ཡོད་པ་མ་རེད་བསམ།  འདིའི་སྐབས་སུ་གདན་ས་ཁག་གཙོས་དགོན་པ་གྲྭ་ཚང་གི་དགེ་འདུན་པ་རྣམས་བཞུགས་ཡུལ་མཐུན་རྐྱེན་ཡག་པོ་ཞིག་གོ་སྒྲིག་གནང་འདུག་པ་དེ་ནི།  སྨོན་ལམ་གོ་སྒྲིག་ཚོགས་ཆུང་དང་གསུང་ཆོས་གོ་སྒྲིག་པ་རྣམས་ཀྱི་བཀའ་དྲིན་ལས་མ་འདས།  ད་དུང་དགེ་འདུན་པ་མང་ཆེ་བས་ལུས་ཀྱི་སྤྱོད་ལམ་དང་ངག་གིས་བཀའ་མོལ་གསུང་སྟངས་སོགས་ཧ་ཅང་ཕྱི་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་ནང་བསོད་ནམས་བསགས་པའི་ཞིང་ས་ལོས་ཡིན་བསམ་པ་ཞིག་ཡོད་ཚད་ལ་ངང་གིས་སྐྱེས་ཡོད་ཁོ་ཐག་ཡིན།  འོན་ཀྱང་ཡག་ས་མང་ལ་སྡུག་ས་མེད་པ་ཞིག་ཀྱང་མ་ཡིན་ཏེ། དཔེར་ན། སྨོན་ལམ་འཕར་མ་འཚོགས་པའི་སྐབས་སུ་དགེ་འདུན་པ་འགའ་ཤས་ཀྱི་སྤྱོད་ཚུལ་ནི་ཁྱིམ་པ་སུན་འབྱིན་པའི་ལས་ཤ་སྟག་རེད། ཁོག་སྟོད་དུ་དཀར་ནག་ཁྲ་གསུམ་གྱོན་པ་དང་། ཁོག་སྨད་དུ་རྐང་སྣམ་རིང་བོ་གྱོན་ནས་ཤམ་ཐམ་འོག་བསྣར་ནས་འགྲོ་གིན་འདུག  འདི་དག་རིག་ན་སེམས་སྐྱོ་ཞིང་དགེ་འདུན་པ་ཟེར་བའི་མིང་ཞིག་ཁོ་ཚོར་ཨེ་ཡོད་བསམ་པ་འདུག དེའི་ཕྱིར་༧གོང་ས་མཆོག་གིས་ཀྱང་ཐེངས་འདིར་ཁོག་སྟོད་ལ་རྒྱ་ལཱ་འདྲ་བོའི་སྲོལ་དང་ཁོག་སྨད་དུ་གྲྭ་ཆས་བསྣམས་པ་སོགས་ནི་ཡག་པོ་མི་འདུག་ཅེས་བཀའ་ཕེབས་སོང་། དེ་བཞིན་དུ་བླ་མ་སྤྲུལ་སྐུ་ཡིན་ཟེར་བའི་སྐྱེས་དམན་ཅན་ཚོ་ཡག་པོ་མི་འདུག་ཅེས་བཀའ་ནན་མོ་གནང་སོང་། ད་དུང་སོག་པོའི་མཁན་པོ་ལ་གྲྭ་བ་ཡིན་ཟེར་བའི་སྐྱེས་དམན་ཅན་སོག་པོ་ན་མང་གི  དེ་ཚོ་རྩ་བ་ནས་ཡག་པོ་མི་འདུག་ཅེས་དམིགས་གསལ་གྱིས་གསུངས།
          

དེ་བས་ཀྱང་ཐེངས་འདིར་ཞབས་འདྲེན་ཞུས་པ་ཞིག་ནི། དགེ་ལུགས་པའི་སྨོན་ལམ་འཕར་མ་འཚོགས་པ་དང་དགེ་འདུན་པ་ཡིན་ཟེར་བའི་རས་དམར་པོ་གྱོན་མཁན་དང་རས་སེར་བོ་གྱོན་མཁན་གྱི་གྲངས་ཀ་ཇེ་མང་དུ་སོང་བ་དེ་རེད། དུས་རབས་ཉེར་གཅིག་གི་ནང་འདིར། བོད་ཕྱི་ནང་ཀུན་དུ་གྲྭ་རྒྱུན་དཀོན་ལ་ལྷག་པར་གྲྭ་བ་ཟེར་དུས་ཤེས་ཡོན་མེད་པའི་སྡེ་ཞིག་ལ་ངོས་འཛིན་པའི་མི་བུ་བསམ་བློ་དྲི་མ་ངན་པས་སྦགས་ཡོད་མཁན་མང་། དེང་སང་གྲྭ་ས་གྲྭ་ཚང་ལ་གྲྭ་རྒྱུན་དཀོན་པ་མིག་མཐོང་ལག་ཟིན་ཡིན། འོན་ཀྱང་ད་ལོ་དགེ་ལུགས་པའི་སྨོན་ལམ་དང་གསུང་ཆོས་སྐབས་སུ་གྲྭ་བའི་ཁ་གྲངས་ཇེ་མང་དུ་སོང་བ་མ་ཟད། ཁྲི་གཉིས་དང་སྟོང་ཕྲག་འགའ་ཤས་བརྒལ་བ་རེད། ཐེངས་འདིར་སྨོན་ལམ་དང་གསུང་ཆོས་ཞུ་མཁན་མི་སྐྱ་ལས་གྲྭ་བ་མང་བ་འདིས་ཅི་ཞིག་མཚོན་མིན་ཕལ་ཆེར་མི་བུ་བསམ་བློ་ཅན་ཞིག་ཡིན་ན་ཤེས་ནུས།  ད་ལོའི་སྐབས་འདིའི་གནས་ཚུལ་གོ་མྱོང་དང་ཐོས་མྱོང་མེད་པ་དག་ལ་ཁ་བརྡའི་ཚུལ་གྱིས་སྐད་ཆ་འགའ་ཞུས་ན། སྨོན་ལམ་འཕར་མ་དང་གསུང་ཆོས་སྐབས་ད་ལོ་དགེ་འདུན་པའི་ཁ་གྲངས་ཇེ་མང་དུ་སོང་ཟེར་བ་འདི་ངེས་དོན་གྱིས་སོང་བ་མིན་པར། རས་དམར་པོ་གྱོན་པའི་ལ་དྭགས་དང་འབྲས་ལྗོངས། བལ་ཡུལ་གྱི་ཤར་བ། བོད་ཀྱི་ཟ་འདྲེ་འགའ་སོགས་ཡོང་བས་རེད་ལ།  དེ་བཞིན་དུ་བྷི་ཧར་མངའ་སྡེའི་སྤྲང་བོ་དག་གིས་རས་སེར་བོ་རེ་གྱོན་ནས་སླེབས་པ་རེད། འདི་དག་གིས་རས་དམར་པོ་དང་སེར་བོ་གྱོན་ནས་སླེབས་དོན་ནི། དགེ་ལུགས་སྨོན་ལམ་འཕར་མ་ཡིན་པ་མ་ཟད། དགེ་ལུགས་པའི་སྐུ་འགྱེད་ཀྱི་སྒོར་མོའི་གྲངས་ཀ་ནམ་རྒྱུན་ལས་འཕར་ཏེ། ཇ་སྐབས་གཅིག་ལ་སྒོར་མོ་གཅིག་སྟོང་རེ་རག་དུས་དང་ལྔ་བརྒྱ་རག་དུས། དེ་མིན་ན་ཡང་སྒོར་མོ་བརྒྱ་ནི་དུས་རྒྱུན་ཡོད་པས་ཡིན། རྒྱ་གར་གྱི་ལས་ཀ་བ་ཞིག་གི་ཉིན་ལས་ལ་ཕོ་ཞིག་ཡིན་ཚེ་སྒོར་བདུན་ཅུ་དང་མོ་ལ་སྒོར་ལྔ་བཅུ་ལས་མེད། ད་དུང་ལས་ཀ་འདིའི་རིགས་རག་མཁན་ཚོ་ནི་འཇོན་ཐང་ཅན་དག་ཡིན། དེ་མིན་ཁོ་ཚོས་སློང་རྒྱག་པ་ལས་ཐབས་གཞན་མེད། ད་ལོ་བཀའ་བརྒྱུད་པའི་སྨོན་ལམ་འཚོགས་དུས་ཕྱག་འཁྱེར་ཡོད་མཁན་གྱི་དགེ་འདུན་པ་དག་ལས་གཞན་ལ་སྐུ་འགྱེད་སྤྲད་མི་འདུག  དེ་ནི་ཧ་ཅང་ཡག་པོ་ཞིག་རེད་དྲན་གི  དགེ་ལུགས་པའི་སྨོན་ལམ་འཕར་མ་ཚོགས་ཆུང་གི་གྲྭ་བ་དག་གིས་སྐུ་འགྱེད་ཕངས་མེད་སྦྱིན་པ་ནི་ཡག་རྟགས་ཤིག་མིན། ཁྱེད་ཅག་གིས་སེར་སྣ་མེད་པར་སྦྱིན་པའི་སྐུ་འགྱེད་འདི་ཡོང་སྟངས་ལ་བསམ་གཞིག་བྱེད་ཨེ་མྱོང་། ཤི་བོ་ཤི་མོ་ཚོའི་ད་ཟས་གཤིན་ཟས་ཡིན་ལ། དད་ལྡན་མང་ཚོགས་ཀྱིས་ཆོས་སེམས་ཁོ་ནས་དགེ་འདུན་པ་རྣམས་ལ་སྔོ་བ་སྨོན་ལམ་རེའི་ཕྱིར་ཏུ་སྤྲད་པ་ལས། རས་སེར་བོ་ཅན་དང་རས་དམར་པོ་ཅན་ཡོད་ཚད་ལ་སྤྲད་པ་མིན་པ་གསལ་བོ་རེད། འདིའི་ཕྱོགས་སུ་ཁྱེད་ཅག་གིས་བསམ་བློ་བཏང་ཨེ་མྱོང་། ངས་ཁྱེད་ཅག་གིས་དཀའ་ལས་བརྒྱབས་པ་ཧ་གོ་གི་ཡོད། ཡིན་ནའང་དཀའ་ལས་བརྒྱབས་པའི་འབྲས་བུ་ཆུད་ཟོས་དུ་མ་སོང་བ་ཞིག་ཁྱེད་ཅག་གིས་བྱེད་ཐུབ་མ་སོང་བ་དེ་རེད། དེང་སྐབས་འཛམ་གླིང་སྤྱིའི་དཔལ་འབྱོར་ཉམ་རྒུད་དུ་སོང་ནས་དཀའ་ངལ་འཕྲད་ཀྱིན་ཡོད་པ་རེད།  དུས་འདི་འདྲ་ཞིག་དང་བསྟུན་ནས་སྐུ་འགྱེད་སྒོར་སྟོང་ཕྲག་རེ་སྐར་ཆ་འགའ་ལ་འབད་རྩོད་བྱེད་མི་དགོས་པར་ལག་པ་བསྲིངས་རྐྱང་བྱས་ནས་ལེན་པ་ནི། དམ་པའི་ལྷ་ཆོས་དང་མཐུན་ཡང་དེང་གི་འཇིག་རྟེན་མི་ཆོས་དང་མི་མཐུན་གི
 

གང་ལྟར་གླེང་ན་གླེང་རྒྱུ་མང་ཡང་།  ངས་ཡོད་ཚད་གླེང་འདོད་མེད། འོན་ཀྱང་རང་ཉིད་ཀྱིས་དངོས་སུ་མཐོང་བ་འགའ་བཤད་འདོད་སྐྱེས། ཉིན་ཞིག་མཆོད་རྟེན་མདུན་ནས་སྨོན་ལམ་དངོས་གཞི་འཚོགས་དུས་ཤིག་ལ།  གྲྭ་བའི་ཆས་གོས་ཙམ་ཡང་གྱོན་མེད་པའི་མི་སྐྱ་ཞིག་གིས་སྐུ་འགྱེད་མཐོང་མ་ཐག་རས་དམར་པོ་གྱོན་ནས་སྐུ་འགྱེད་སྒོར་བརྒྱ་བླངས་པ་ནི་བདག་གཅིག་པུས་དངོས་སུ་མཐོང་བ་ཙམ་མིན་པར་ང་དང་ལྷན་དུ་ཡོད་པའི་སེར་བྱེས་གྲྭ་བ་འགས་མཐོང་ཡོད། ངས་དེ་མ་ཐག་པར་བླངས་ནས་ཁྱེར་ཡོང་ཡོད། གལ་སྲིད་དོགས་པ་ཟ་མཁན་རེ་ཡོད་ན་ཤོག་དང་བསྟན་ཆོག  གསུང་ཆོས་ཉིན་མཐའ་མའི་སྐབས་སུ་༧ གོང་ས་མཆོག་གིས་བོད་ནས་སླེབས་པའི་གསར་འབྱོར་བ་ཚོ་ལ་མཇལ་ཁ་གནང་གི་ཡིན་གསུངས་ནས་གསུང་ཆོས་ཉིན་གུང་ཆུ་ཚོད་གསུམ་པ་ཡས་མས་ཤིག་ལ་མཚམས་བཞག སྐབས་དེར་དགེ་འདུན་པའི་ཕྱེད་ཀ་མ་གཏོགས་སྐུ་འགྱེད་བརྒྱུད་ཚར་མེད། སྐུ་འགྱེད་སྒོར་ལྔ་བརྒྱ་རེ་ཡོད་ལ་སྐུ་འགྱེད་དེ་འཕྲོག་རྩོད་ཀྱིས་ལེན་མཁན་ཡང་བྱུང་ཡོད་པ་རེད། དེའི་ཉིན་སྐུ་འགྱེད་མ་རག་པའི་དགེ་འདུན་པ་རྣམ་དག་ག་ཚོད་ཅིག་ཡོད་རྒྱུ་རེད་ང་ཚོས་བསམ་བློ་བཏང་ན་ཤེས་ནུས། ཡང་དགེ་འདུན་པ་མིན་པའི་རས་དམར་སེར་གྱོན་མཁན་དག་གིས་ག་ཚོད་ཅིག་ལྷག་མ་བླངས་ཡོད་རྒྱུ་རེད་ང་ཚོས་བསམ་བློ་བཏང་ན་ཕལ་ཆེར་ཤེས་ནུས་པ་ཞིག་རེད། ད་དུང་སྦེལ་ཀོབ་གཞིས་གྲོང་གསུམ་པའི་མི་སྐྱ་སྐྲ་རིང་བོ་ཅན་ནམ་རྒྱུན་སེ་ར་དགོན་གྱི་ཟ་ཁང་དག་གི་སྒོ་འགྲམ་ན་ཨ་རག་འཐུང་ནས་བཟི་མཁན་དེ།  ད་ལོ་རྡོར་གདན་ནས་གཟན་ཤམ་གཙང་མ་ཞིག་གྱོན་ནས་སྐྲ་མ་བཞར་བར་སྔགས་པ་ཡིན་མདོག་གིས་འགྲོ་གིན་ཡོད་པ་ཕྲན་གྱིས་དངོས་སུ་རིག  རྗེས་སུ་གྲྭ་བ་འགས་མེ་འཁོར་ནང་ནས་ཁོ་མཐོང་སོང་ཟེར་ནས་ཕྲན་ལ་ལབ་བྱུང་།
    

ངའི་གྲོགས་པོ་ཞིག་གིས་ཕྲན་ལ་འདི་ལྟར་བཤད་སོང་།   བལ་ཡུལ་གྱི་ཕྲུ་གུ་སྐྱོ་བོ་གང་མང་ཞིག་གིས་ལུས་ལ་གྲྭ་ཆས་གྱོན་ཞིང་ཁོག་པ་ཁྱིམ་པ་མི་ནག་ལས་ཀྱང་སྡུག་པ་ཞིག་གིས་བསྡུས་ནས་གྲྭ་ཆས་རེ་བསྐོན་ནས་རྡོར་གདན་དུ་སླེབས་སོང་ཟེར།  འདི་ནི་ངས་གོ་ཐོས་ཙམ་ཡིན་ཡང་བདེན་ཤས་ཆེ་བར་སྙམ།  གནས་ཚུལ་འདི་ནི་བདེན་དཔང་ཡོད་པ་དང་ཕྲན་གྱིས་དངོས་སུ་རིག་པ་ཞིག་མིན།
       

མདོར་བསྡུས་ནས་བཤད་ན། སྨོན་ལམ་གོ་སྒྲིག་ཚོགས་ཆུང་གིས་ཚོགས་བསགས་ས་ནས་རྣག་བསགས་ཡོད་ཁོ་ཐག་ཡིན། དགེ་འདུན་པའི་སྡེ་ལ་བསྔོས་ཚར་བའི་སྐུ་འགྱེད་དེ་རྩ་བཞི་དང་འགལ་བ་ཞིག་གིས་བླངས་ན་རང་གཞན་གཉིས་ཀ་ཕུང་བའི་ལས་ཡིན་པ་ནི་སྐྱེས་ཆེན་དག་གིས་གསུངས་ཡོད་དེ། རང་ཅག་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༧ གོང་ས་མཆོག་གིས་ཕྱི་ཆོས་པའི་གཟུགས་བརྙན་ཙམ་ལས། ནང་དུ་ལུང་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་པར་ཁྱིམ་པ་སུན་འབྱིན་གྱི་རྩིང་སྤྱོད་ཁོ་ན་བྱས་ཏེ་ཤི་གསོན་དད་རྫས་སོགས་འགྱེད་ཕོགས་ལ་ལོངས་སྤྱོད་ཐུབ་ཙམ་ལས་མ་བྱུང་ན་རང་གཞན་གཉིས་ཕུང་སྦྱོར་གྱི་རྒྱུ་མ་གཏོགས་མེད། ཅེས་བཀའ་སློབ་ནན་མོ་གསུངས།   རྩ་བཞི་དང་ལྡན་པའི་གྲྭ་བ་ཞིག་ལ་འདི་ལྟར་གསུངས་ཡོད་ན་དེ་ལས་ལྡོག་པའི་རས་དམར་སེར་གྱོན་ནས་རྫུན་མ་འཁྲབ་མཁན་དག་ལ་ལྟ་ཅི་སྨོས།   རྗེ་གུང་ཐང་རིན་པོ་ཆེའི་བསླབ་བྱ་སྣ་ཚོགས་ལས།  ཟས་ཞིམ་མངར་འཛོམས་པའི་དཀོར་ནག་ལ།། འཛེམ་མེད་དུ་སྤྱོད་པའི་དྲེད་པོ་ཁྱོད།། ལོ་བྱེ་བ་འབུམ་ཕྲག་སྟོང་གི་བར།། ཟངས་ཞུན་གྱི་ཁུ་བ་འཐུང་ནུས་སམ།།  ཞེས་གསུངས། འདི་ཚོས་རང་གཞན་གཉིས་ཀར་གནོད་ཀྱིན་འདུག་ན། ང་ཚོས་འདིའི་ཕྱོགས་སུ་རྗེས་མ་ནས་དོ་སྣང་བྱེད་དགོས་པར་སྙམ། ད་དུང་གུང་ཐང་ཚང་གི་བསླབ་བྱ་སྐྱོན་ཡོན་གསལ་བའི་མེ་ལོང་ལས། བུ་ལོན་མེད་པ་ཞིག་འདོད་ན།། དད་གཤིན་དཀོར་རྫས་ལ་འཛེམ་དགོས།།  ཞེས་གསུངས་འདུག་ན། བུ་ལོན་འཇལ་མཁན་ལ་སྐབས་འདིར་མཚོན་ན། ཕུལ་མཁན་དང་ལེན་མཁན། བེད་སྤྱོད་གཏོང་མཁན་སོགས་འཇོག་དགོས་པ་རེད་སྙམ།  དེས་ན། དགེ་འདུན་པའི་སྡེ་ལ་ཕུལ་བའི་དཀོར་ཟས་འདི་ལྕགས་གོང་མེ་འབར་བ་ཞིག་དང་མཚུངས་པས། རང་ཅག་ལེན་མཁན་དང་ཕུལ་མཁན། དེ་བེད་སྤྱོད་གཏོང་བ་བོ་དག་གིས་ངེས་པར་གཟབ་དགོས་པའི་གནས་རེད། ངས་འདི་ལྟར་བྲིས་ན་ཕྲན་ལ་ཐོབ་བྱ་ཞིག་ཡོད་པ་མིན་མོད། འོན་ཀྱང་རྩོམ་རྙོག་འདི་འདྲ་ཞིག་སྤེལ་ན་ལོ་རྗེས་མ་ནས་སྨོན་ལམ་གོ་སྒྲིག་ཚོགས་ཆུང་དང་། ཡང་ན་གདན་སའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམ་དཔྱོད་ལྡན་པ་ཞིག་གིས་གཟིགས་ན།  འདི་ལ་ཐུགས་བསམ་རེ་བཞེས་ནས་ཡར་རྒྱས་དང་ཚགས་ཚུད། རང་གཞན་གཉིས་ཀ་ལ་ཕན་པ་ལས་མི་གནོད་པ་ཞིག་བྱེད་རྒྱུའི་རེ་བ་ཙམ་ཡིན། དེ་མིན་འགའ་ཤས་ཀྱིས་རྩོམ་ཡིག་འདི་ཀློག་མ་ཤེས་ནས་དྲིན་ཆེན་ལ་དྲིན་ལོག། གཡང་ལ་ལ་རྡོ་ཁ་བྱས་འདུག་ཟེར་མཁན་ཡོད་སྲིད་པ་རེད།
          

འོན་ཀྱང་ངའི་ལྷག་བསམ་རྣམ་དག་གིས་སྐད་ཆ་ཚིག་གཅིག་བཤད་འདོད་པ་ནི། སྤྱིར་དགེ་འདུན་པའི་སྡེ་ལ་སྐུ་འགྱེད་མ་རྒྱག་ཟེར་བ་མིན་པར། འགྱེད་རྒྱག་སྐབས་གཟབ་དགོས་ཀྱིན་འདུག ད་དུང་སྨོན་ལམ་སྐབས་སུ་ངས་དགེ་ལུགས་པ་གཅིག་པུ་ལ་སྐུ་འགྱེད་སྤྲོད་དགོས་ཟེར་བ་མིན་པར། དགེ་འདུན་པ་དངོས་གནས་ཤིག་དང་གྲྭ་བ་གཙང་མ་ཞིག་གི་ཕྱག་ཏུ་འབུལ་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།  ནམ་རྒྱུན་༧གོང་ས་མཆོག་གི་གསུང་ཆོས་དང་སྨོན་ལམ་འཕར་མ་ལྟ་བུའི་སྐུ་འགྱེད་ཆེན་པོ་ཡོད་དུས་རྒྱ་གར་དང་བལ་ཡུལ། ལ་དྭགས་དང་འབྲས་ལྗོངས། ཕྱོགས་མཐའ་གང་ནས་ཕེབས་པའི་དགེ་འདུན་པ་ཞིག་ཡིན་ན། རང་ཁོངས་ཀྱི་དགོན་པ་ཞིག་གི་ཕྱག་ཁྱེར་རམ་ངོས་ལེན་ཚད་ལྡན་དགོས་པར་གཏན་ཁེལ་ན་དེའི་འགྲིག་གི་རེད་བསམ། གོང་གི་སྐད་ཆ་འདི་ནི་རྒྱལ་བའི་བསྟན་པ་དང་བསྟན་པའི་སྦྱིན་བདག་རྣམས་ལ་དམིགས་ནས་བྲིས་པ་ཞིག་ཡིན་པས་དགེ་རྩ་རྒྱ་ཆེན་པོ་ཡོད་པར་ཡིད་ཆེས་བྱས་ཡོད། དེའི་མཐུ་ལ་བརྟེན་ནས་རྒྱལ་བསྟན་ཕྱོགས་ཀུན་དུ་དར་ཞིང་འགྲོ་ཀུན་བདེ་སྐྱིད་ལྡན་པའི་རྒྱུ་རུ་འགྲོ་བར་སྨོན།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 11

  1. སྒྲོལ་མཚོ says:
    ལོ་ 16 སྔོན།

    ད་ཡིན་ན་ཨ་རིག་དགེ་མཐོང་ལ་ལམ་འགྲོ་རྒྱུགས་འདུག ལུང་རིགས་རྒྱལ་ལ་ཁ་ཡག་བཤད་བཤད་མཐར་རྩོམ་ཡིག་ཅིག་དུས་བབ་ཚང་གི་མདུན་ངོས་སུསླེབས་སོང་།

    Reply
  2. གངས་མྱུག says:
    ལོ་ 16 སྔོན།

    གྲོགས་དགེ་མཐོང་གི་བཤད་པར་རྒྱབ་སྐྱོར་ཡོད། གོང་བཀོད་རེ་ཟུང་གིས་ཨུ་ཚུགས་ཀྱིས་ཆོལ་ཁའི་མིང་སྤྱོད་ཀྱིན་འདུག དེ་མི་དགོས་བ་ཞིག་རེད།

    Reply
  3. མདོ་སྨད་བུ། says:
    ལོ་ 16 སྔོན།

    དགེ་མཐོང་ལགསm ཡག་པོ་ཟིག་བཤད་འདུག

    Reply
  4. འགྱུར་མེད says:
    ལོ་ 16 སྔོན།

    དགེ་མཐོང་ལགས་
    ཁྱེད་དེ་ལྟར་བསམ་བློ་བཏང་དེ་ཡག་པོ་འདུག་
    སྨོན་ལམ་སྐབས་སུ་ལག་ཁྱེར་ཡོད་པར་ཁྱེད་ཉིད་རྗེས་སུ་ཡིད་རང་ཡོད་ན་་ ་དེ་ཚོགས་པ་གང་ནས་ཡོངས་པ་ཡིན་མིན་དང་རྒྱུད་པ་གང་ཡིན་མིན་དང་ཆེད་ལས་གང་ཡིན་མིན་ཁྱེད་ཀྱི་ཤེས་སོང་ངམ་་ གལ་ཏེ་དེ་མ་ཤེས་པ་ཡིན་ན་དེ་རྣམས་མང་ཆེས་ཕྱོགས་དམར་དམར་པོའི་ནང་ཆོས་འཛིན་མཁན་ཞིག་དང་དེའི་ལམ་ཕྱོགས་ལ་འགྲོ་མཁན་རེད་་་རྒྱ་དམར་དམར་པོའི་ནང་ཁོག་ཁྱེད་ཀྱི་ཤེས་སོང་་ ་ཁྱེད་ཉིད་ས་མཐའི་ཡོངས་པ་དེ་སུའི་དྲན་རེད་། མ་ཤེས་ན་རྒྱ་དམར་དམར་པོས་དྲན་རེད། རང་ལ་དེ་ཡི་ལག་ཁྱེར་བཟོ་པ་དེ་ལ་མོས་མཐུན་མེད་ གང་ཡིན་ཟེར་ན རང་གི་མཐོང་ཐོས་བྱུང་བའི་གདན་ས་ནས་ཕེབས་པའི་གྲྭ་གསེར་སྐུ་འདྲ་བ་མང་དག་ཞིག་གིས་བཀའ་བརྒྱུད་སྨོན་ལམ་ཚོགས་པ་དེ་རུ་ཐོབ་འགོད་མ་ཐུབ་འདུག་ དགེ་མཐོང་ལགས གཏམ་བཤད་ན་གྲོསམྱུག་ཞེས་དེ་དང་མཚུངས་ལ་་བསམ་བློ་གཏང་ནས་ཤོད་རོགས།་ རྒྱ་དམར་པོའི་ཚོགས་པས་གྲྭ་མང་ལ་དེ་བཞིན་ལག་ཁྱེར་བཟོ་པ་དེ་བོད་ནང་གི་ཆོས་སྡེན་རྣམས་མི་མཐུན་པར་བྱ་བའི་རྒྱུ་རེད་ རྣ་བའི་དབང་པོ་དེ་སྒྲ་ཐོས་བྱས་ལས་བེད་མེད་ལགས་་

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དགེ་མཐོང་གིས་ཟེར་བ་ལྟར་བྱུང་ན་ཡག་པོ་རེད་མོད་དེང་སང་མི་རྫུན་མས་ས་སྟེང་གང་ཡོང་དུས་གྲྭ་བ་རྫུན་མའི་རྒྱབ་ན་བླ་མ་རྫུན་མ་ཡོད་སྟབས་ངོ་སྦྱོར་རྫིགས་ཐག་ཆོད་བཟོས་ཡོང་རྒྱུ་མ་རེད་དམ། ས་སྐྱ་དང་བཀའ་རྒྱུད་སྨོན་ལམ་སྐབས་སུ་སྐུ་འགྱེད་ཕལ་མོ་ཆེ་ནང་ཁུལ་དུ་བགོ་བ་ལས་ཕྱིའི་གྲྭ་རྒྱུན་དང་གྲྭ་རྫུན་སུ་ཡིན་ཡང་སྤྲོད་ཀྱིན་མེད་ཟེར། དགེ་ལུགས་པ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་སེ་ར་ལ་སྐུ་འགྱེད་ཡོད་ན་རྣམ་གྲོལ་གླིང་ཡན་ཆོད་དུ་ཁྱབ་བསྒྲགས་བྱས་ནས་སྐུ་འགྱེད་བགོ་སྲོལ་ཞིག་འདུག ངས་བལྟས་ན་འདི་ལྟར་དུ་ཆེ་ས་ནས་མ་གཏོགས་ཆུང་ས་ལ་མི་བལྟ་བ་ནི་དགེ་ལྡན་པའི་བསྟན་པ་དར་བའི་རྒྱུ་རྐྱེན་གཅིག་རེད་བསམ། རྙིང་མའི་སྨོན་ལམ་སྐབས་སུ་ལ་པ་བཟེད་ཚད་ལ་སྤྲད་ཀྱིནའདུག་ཟེར།

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཁམས་པའི་ཕོ་རྒོད་ལགས། ཁྱིམ་པ་མི་ནག་ལས་སྡུག་པ་ཞེས་པ་འདིས་ཁྱིམ་པ་ཚོ་ལ་མཐོང་ཆུང་བྱས་པ་མ་རེད།
    མདོ་དང་རྒྱ་གཞུང་། སྐྱེས་ཆེན་དག་གི་གསུང་ན་རབ་བྱུང་དང་ཁྱིམ་པ་མི་ནག་ཅེས་ལོགས་སུ་བགར་ཡོད་པ་རེད།
    རྒན་རྨོག་བསྟན་གྱིས་བཤད་པ་ལྟར་ངས་སེམས་ཀྱི་མ་བཟོད་ནས་འདི་ལྟར་བྲིས་པ་ཡིན།

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གྲོགས་པོ་དབྱངས་བུ་ལགས། གྲྭ་བ་གཙང་མ་ལབ་ན་སྤྱིར་བཏང་ཁྱེད་ཀྱིས་བཤད་པ་ལྟར་ཁག་པོ་རེད། ཡིན་ནའང་སྐབས་འདིར་གོང་དུ་རྩོམ་ཡིག་ཏུ་བྲིས་པ་ལྟར་དགོན་སྡེ་ཞིག་གི་ཕྱག་འཁྱེར་ཡོད་པ་ཞིག་ལ་གོ་ན་འགྲིག

    Reply
  8. ཁམས་པའི་ཕོ་རྒོད། says:
    ལོ་ 16 སྔོན།

    ཨ་རིག་ལགས་ ཁྱོད་ཀྱིས་བཤད་པ་བདེན་ཚོད་རེད་འིན་གྱང་ཐལ་ཆེ་བའི་སྐད་ཆ་ཞིག་མཆིས་པ་འདི་རེད། ལུས་ལ་གྲྭ་ཆས་གྱོན་ཡོད་ཀྱང་ཁོག་པ་ཁྱིམ་པ་མི་ལག་ལས་ཀྱང་སྡུག་པ་ཟེར་བ་དེ་ཐལ་ཆེ་སོང་། གང་ཡིན་ཟེར་ན་འཇིག་རྟེན་ན་ཁྱིམ་པ་དང་རབ་བྱུང་གཉིས་ཀྱི་མ་བསྡུས་པའི་འགྲོ་བ་མི་ཞིག་མེད་དུས་ཁྱིམ་པ་མི་ནག་ལས་ཀྱང་སྡུག་པ་ཞིག་ཁོང་ཚོ་འགྲོ་བ་མི་ཞིག་ཡིན་ན་བཞག་ཐབས་མི་འདུག།

    Reply
  9. རྨོག་རུ་བསྟན་པ། says:
    ལོ་ 17 སྔོན།

    དགོངས་དག་ཚིག་ནོར་འདུག
    ཨ་ཁུ་ཡིན་མདོག་དང་ཨ་ནེ་ཡིན་མདོག་གཉིས་ཞེས་བཅོས་རོགས།

    Reply
  10. རྨོག་རུ་བསྟན་པ། says:
    ལོ་ 17 སྔོན།

    དགེ་མཐོང་ལགས།
    ངས་ཁྱོད་ལ་རྒྱབ་སྐྱོར་ཞིག་བྱེད། རྡོར་གདན་དུ་སོང་མཁན་གྱི་ཨ་ཅག་ཞིག་གིས་ང་ལ་འདི་ལྟར་ལབ་བྱུང་།
    ད་ལོ་དགེ་ལུགས་སྨོན་ལམ་དུ་ང་ཚོ་སྡོད་སའི་ཉེ་འགྲམ་ན་ལུས་ལ་གཟན་ཤམ་གྱོན་པའི་ཨ་ཁུ་ཡིན་མདོག་གཉིས་འདུག ཁོ་གཉིས་ཀྱི་བུ་ཕྲུག་ཆུང་ཆུང་ཞིག་ཁྲིད་འདུག
    སྐུ་འགྱེད་ལེན་སྐབས་ཁོ་གསུམ་ཀས་ལེན་གྱིན་འདུག ང་ཚོའི་གཡས་གཡོན་ཚང་མས་ཁོ་གཉིས་ལ་ཚོགས་གཏམ་གཏོང་གིན་འདུག
    ང་ཚོ་མི་སླྱ་ཚང་མ་ཁོ་གཉིས་ཀྱི་བྱེད་སྟངས་ལ་ཧ་ལས་ཀྱིན་འདུག་ཟེར།

    ངོ་མ་སྨོན་ལམ་འཚོགས་སྐབས་ཀྱང་སྤུས་ཀ་དག་ཏུ་གཏོང་རྭྒྱུ་གལ་ཆེན་པོ་འདུག

    Reply
  11. དབྱངས་བུ། says:
    ལོ་ 17 སྔོན།

    ཨ་རིག་དགེ་མཐོང་ལགས།

    ཁྱེད་ཀྱི་རྩོམ་ཡིག་ཆ་ཚང་བཀླགས་པ་ཡིན། རྩོམ་ཡིག་གི་མཐའ་མ་དེར་་༼སྤྱིར་དགེ་འདུན་པའི་སྡེ་ལ་སྐུ་འགྱེད་མ་རྒྱག་ཟེར་བ་མིན་པར། འགྱེད་རྒྱག་སྐབས་གཟབ་དགོས་ཀྱིན་འདུག ད་དུང་སྨོན་ལམ་སྐབས་སུ་ངས་དགེ་ལུགས་པ་གཅིག་པུ་ལ་སྐུ་འགྱེད་སྤྲོད་དགོས་ཟེར་བ་མིན་པར། དགེ་འདུན་པ་དངོས་གནས་ཤིག་དང་གྲྭ་བ་གཙང་མ་ཞིག་གི་ཕྱག་ཏུ་འབུལ་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།༽དེ་ལྟར་གསལ་འདུག་པས། དགེ་འདུན་པ་དངོས་གནས་ཤིག་དང།གྲྭ་པ་གཙང་མ་ཞིག་ཇི་ལྟར་ངོས་འཛིན་བྱེད་དགོས་སམ། དེང་སྐབས་ཕྱི་རུ་ཞི་ཞིང་འདུལ་ལ་དགེ་འདུན་པའི་ན་བཟའ་གྱོན་
    ནས་ཡིད་དུ་འོང་ཞིང་དད་སེམས་སྐྱེ་དགོས་པ་ཡོད་ཀྱང། ནང་དུ་སྡོམ་པ་ཤོར་ཟིན་
    པ་མཐོང་རྒྱུ་འདུག ལྷག་པར་དྷ་ས་སོགས་ལ་དེ་འདྲ་ཉུང་ཉུང་མིན་པ་གོ་ཐོས་
    བྱུང། སྤྱོད་པ་ངན་པའི་དགེ་འདུན་པར་ཁ་བཏང་ན་ཉེས་ལྟུང་ཆེ་བས་ཁུ་སིམ་མིར་
    སྡོད་ན་ལེགས་ཤོས་མིན་ནམ།

    ཐུགས་རྗེ་ཆེ། ཁྱེད་ལ་རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese