མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨ་ཆུ་རུ་ངོ་རྒོལ་བྱས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ལྕགས་སྟག་ལོའི་ལོ་མ་སར་གོང་སྟེ་བོད་ཚེས་ ༢༩ ཉིན་རྨ་ཆུ་རྫོང་སྨད་མ་ཞང་མཚན་སྒྲོག་དགོན་གྱི་གྲྭ་མཁྱེན་བརྩེ་རྒྱ་མཚོས་ཞི་བའི་ངོ་རྒོལ་བྱས་སྟབས། ཁོང་ས་གནས་མངགས་གཏོང་མི་སྣས་འཛིན་བཟུང་བཀག་ཉར་བྱས་འདུག

ཟླ་འདིའི་ཚེས་ ༡༢ ཉིན་ཏེ། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་རྨ་ཆུ་རྫོང་སྨད་མ་ཞང་མཚན་སྒྲོག་དགོན་གྱི་རང་ལོ་ ༢༦ ཡིན་པའི་གྲྭ་མཁྱེན་བརྩེ་རྒྱ་མཚོས་མའོ་ཙེ་ཏུང་གི་འདྲ་པར་ཞིག་རྐང་པར་བཏགས་ཏེ། ཕྱག་ཏུ་༧གོང་ས་མཆོག་གི་སྐུ་པར་ཞིག་དང་ཞུ་ཡིག་ཞིག་བསྣམས་ནས་མཚན་སྒྲོག་དགོན་ནས་ཞལ་ཤུལ་དགོན་བར་གོམ་བགྲོད་ཀྱིས་ཕེབས་ཏེ།  མཐར་སྨད་མ་ཞང་སྲིད་གཞུང་དང་ས་གནས་མངགས་གཏོང་ཁང་ལས་ཁུངས་སུ་སོང་སྟེ། ཞུ་ཡིག་གི་དོན་གནད་དང་པོ། བོད་ཆོལ་ཁ་གསུམ་ལ་རང་དབང་དགོས། གཉིས་པ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། གསུམ་པ། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གཙོས་བོད་ཀྱི་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ཞུ་རྒྱུ་དང༌། དེ་བཞིན་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ངེས་པར་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱེད་སྐབས་རྒྱ་གཞུང་གི་ས་གནས་མངགས་གཏོང་མི་སྣས་འཛིན་བཟུང་བྱས་པ་དང་། ད་ལྟའི་ཆར་རྨ་ཆུ་རྫོང་བཀག་ཉར་ཁང་དུ་བཙོན་འཇུག་བྱེད་མུས་ཡིན་འདུག

གྲྭ་མཁྱེན་བརྩེ་རྒྱ་མཚོའི་སྐྱ་མིང་ལ་ཚེ་རིང་དོན་འགྲུབ་ཟེར་ཞིང༌། ཁོང་རྨ་ཆུ་རྫོང་སྨད་མ་ཞང་མཚན་སྒྲོག་མཐའ་བའི་ཅོ་སྐོར་སྡེ་བའི་བླ་གཅོད་ཚང་གི་ཡིན་འདུག ༢༠༠༨ ལོའི་བོད་ཁམས་ཡོངས་ཀྱི་ས་བྱིའི་ཞི་རྒོལ་ཆེན་མོའི་སྐབས་ཁོང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ངལ་བསྒྱུར་རུ་ཁག་ཏུ་ལོ་དགུའི་ཉེས་ཁྲིམས་འོག་༼ ཕྱི་ལོ་༢༠༠༩ ལོར་ཁྲིམས་ཆད་རྫོགས། ༽བཙོན་འཇུག་བྱེད་མུས་ཡིན་འདུག སྐབས་དེར་ཁོང་གིས་བཙོན་ཁང་ནས་བོད་དོན་ཆེད་སྐད་འབོད་བྱས་སྟབས་ཉེས་རྡུང་དང་འབྲེལ་བཙོན་ཁང་བརྗེ་བསྒྱུར་བྱས། ལོ་སྔོན་མའི་བོད་ཟླ་ ༧ ཚེས་ ༢༣ ལ་བཙོན་གྲོལ་ཐོབ་ཡོད་པ་དང་། བོད་ཟླ་དགུ་པའི་ནང་རྨ་ཆུ་རྫོང་སྨད་མ་མཚན་སྒྲོག་དགོན་དུ་ཆོས་སྒོར་ཞུགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 9

  1. འགྱུར་མེད says:
    ལོ་ 16 སྔོན།

    དབའ་རྒོད་ལགས་ཁྱེད་ལ་སྙིང་ཐག་པ་ནས་མཚམས་འདྲི་ཞུ

    Reply
  2. འགྱུར་མེད says:
    ལོ་ 16 སྔོན།

    ལྷག་བསམ་ཞུམ་པ་མེད་པའི་དཔའ་རྒོད་ལགས་རང་ངོས་ནས་སྙིང་ཐག་པས་བཀའ་དྲིན་ཆེ་ཞུ་རྒྱུ་དང་གཞི་ལུས་ལྷག་བསམ་ཅན་རྣམས་ལ་ཡང་དེ་བཞིན་བཀའ་དྲིན་ཆེ་ལ་ཁྱེད་རྣམས་ནི་དངོས་གནས་བོད་ཀྱི་སྲོག་ཤིང་རང་རེད་འདུག།་ ཡིན་ཀྱང་རང་དབང་ཡོད་པ་རྣམས་ནི་གཞན་ཡུལ་དུ་ཡོད་ཀྱང་ལྷད་ལྷད་རང་རེད་འདུག

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ནའི་་་་བའི་་ལ་བཅོས

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཡང་གཅིག་ཚར་སོང་་་་་་་་བོད་མི་རིགས་བསྡུག་བསྔལ་ལས་སྐྱོད་ན་འདོད་པའི་སེམས་དཔའ་ཆེན་མོ་ཞིག་ཚར་ཐ་་་་་ཁ་ནའི་རྐང་རྒྱུན་ངོ་མ་ཞིག་ཚར་ཐ་་་་ཕ་བཟང་གི་བུ་་་་

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གཞིས་ལུས་རྒྱ་ཆེ་མི་དམངས།།
    གཅིག་རྒྱབ་གཉིས་ལངས་རེད་ཞ།།
    བཙན་བྱོལ་ཞི་བདེ་གླིང་ན།།
    གྲགས་འགུལ་ཅི་ཡང་མི་འདུག།

    རྨ་ཆུའི་མི་དམངས་ལ་རྗེས་སུ་ཡི་རང་ཞུ།

    Reply
  6. karma dorje says:
    ལོ་ 16 སྔོན།

    གདུང་སེམས་མཉམ་སྐྱེད་ཡོད། ཕ་བཟང་གི་བུ། དཔའ་བོ་ཟེར་ན་ཁྱེད་ཚོ་རེད། ཐུགས་རྗེ་ཆེ། ད་དུང་འཚེ་མེད་ཞི་བའི་ལས་འགུལ་མཚན་ཉིད་ཚང་བའི་སྒོ་ནས་མུ་མཐུད་ནས་གནང་རོགས་ཞུ།

    Reply
  7. ལུང་རྟོགས། says:
    ལོ་ 16 སྔོན།

    གདུང་སེམས་མཉམ་སྐྱེད་ཡོད། ཕ་བཟང་གི་བུ། དཔའ་བོ་ཟེར་ན་ཁྱེད་ཚོ་རེད།

    Reply
  8. མི་ཆུང་། says:
    ལོ་ 16 སྔོན།

    ངས་ཁྱེད་ཚོར་བསྟོད་བསྔགས་ཀྱི་མཐེ་བོང་རེ་སྒྲེང་གིན། དཔའ་རྟགས་ཀྱི་ཆོ་ལོ་རེ་སྟེར། གཞན་ཅི་ཡང་མེད། དེ་རིང་ཡང་ཨོ་བྷ་མ་ཡིས་༸གོང་ས་མཆོག་ལ་ངོ་གདོང་མངར་མོ་དེ་ཐེངས་ཤིག་སྟོན་གྱི་རེད། དེ་ལས་གཞན་ཅི་ཡང་མེད། གཟབ་གཟབ་བྱོས། སྤུན་ཟླ་ཚོ།

    Reply
  9. མདོ་སྨད་བུ། says:
    ལོ་ 16 སྔོན།

    ལགས སོ ཤེས་ཐལ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese