མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་དང་ཨ་རི། བསྟན་འཛིན་ཉིན་བྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཉིན་བྱེད།

ལོ་མང་པོའི་སྔོན་ཨ་ རིའི་སྲིད་འཛིན་ཞིག་གིས་རྒྱལ་བ་རིན་པོ་ཆེའི་མཉམ་མཇལ་འཕྲད་གནང་སྐབས་ང་ལ་རེ་བའི་འོད་ཟེར་ཞིག་འཕྲོ་གི་ཡོད་ལ། རྗེས་སོར་རེ་བ་དེ་ཚོ་སྟོང་ཟད་དུ་གྱུར་སོང་། དངོས་ཡོད་གནས་ཚུལ་ནི་ཨ་རིས་བོད་ཀྱི་རང་བཙན་ལེན་གྱི་རེད་བསམ་པ་དེ་ནི་རྨོངས་སེམས་ཞིག་ཡིན་ལ། དེ་ནི་འཇིག་རྟེན་ཆབ་སྲིད་ཀྱི་འགྲོ་སྟངས་དང་རྦད་དེ་འགལ་འདུག མི་སྒེར་ཞིག་གི་འཐབ་རྩོད་ཡིན་ནའང་འདྲ། རྒྱལ་ཁབ་ཞིག་གི་འཐབ་རྩོད་ཡིན་ནའང་རེད། གཙོ་བོ་རང་ཉིད་ཀྱི་འགན་རང་ཉིད་ཀྱིས་འཁུར་དགོས་པ་མ་གཏོགས་ཕྱི་མིའམ་ཕྱིའི་རྒྱལ་ཁབ་སྟོབས་ཤུགས་ཅན་ཞིག་ལ་རེ་བ་བཅོལ་བ་དེ་ནི་ནམ་མཁའི་དབྱིངས་སུ་ཁང་པ་བརྩིག་པ་ལྟ་བུའི་དབྱིན་ཇིའི་དཔེ་ལྟར་ཡོང་མི་སྲིད་པའི་གནད་དོན་ཞིག་ཡིན་པ་རེད། དེར་བརྟེན་དེང་སང་ཨ་རིའི་སྲིད་འཛིན་ནམ་ནུབ་ཕྱོགས་རྒྱལ་ཁབ་སུ་འདྲ་ཞིག་གི་འགོ་འཁྲིད་དང་རྒྱལ་བ་རིན་པོ་ཆེ་མཇལ་འཕྲད་གནང་བ་འདིས་བོད་ཀྱི་རང་དབང་འཐབ་རྩོད་ལ་ཕན་ཐོགས་ཤུགས་ཆེ་ཡོང་གི་ཡོད་པའི་རེ་བ་དེ་ཙམ་མེད་པ་མ་ཟད། མཇལ་འཕྲད་དེ་རིགས་ཀྱིས་བོད་ལ་ཁེ་ཕན་མང་བ་རེག་གི་ཡོད་དམ་ཡང་ན་མཇལ་འཕྲད་གནང་མཁན་གྱི་འགོ་འཁྲིད་ཚོ་དང་ཁོང་ཚོའི་རྒྱལ་ཁབ་ཁག་ལ་ཁེ་ཕན་མང་བ་རེག་གི་ཡོད་མེད་སོགས་ཀྱི་དོགས་སྣང་ཞིག་འཆར། གང་ལྟར་ལོ་མང་རིང་གི་ཉམས་མྱོང་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་ཞིག་ཤེས་སོང་བ་ནི། འགོ་འཁྲིད་དེ་རིགས་དང་ཁོང་ཚོའི་རྒྱལ་ཁབ་ལ་ཁེ་ཕན་ཞིག་མེད་ན་རྒྱལ་བ་རིན་པོ་ཆེ་དང་མཇལ་འཕྲད་ནམ་ཡང་གནང་གི་མེད་པ་དེ་རེད། དེ་ལ་ཧ་ལས་ཧོན་ཐོར་བྱེད་དགོས་དོན་ཞིག་རྩ་ན་མི་འདུག་ལ། འཛམ་གླིང་ཆབ་སྲིད་ཀྱི་ཆོས་ཉིད་དེ་འདྲ་ཞིག་དུ་གྱུར་འདུག

འོན་ཀྱང་ད་རེབ་རྒྱལ་བ་རིན་པོ་ཆེ་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གཉིས་མཇལ་འཕྲད་དང་འབྲེལ་བའི་གནས་ཚུལ་ཁག་ལ་ཞིབ་ལྟ་བྱེད་སྐབས། གཏམ་བཟང་གི་གནས་ཚུལ་ཞིག་ཐོས་བྱུང་ལ། དེ་ནི་ཨ་རིའི་གྲགས་ཅན་གྱི་གསར་འགྱུར་ཁང་སི་ཨེན་ཨེན་གྱིས་ཨ་རིའི་མི་མང་ཁྲོད་བོད་རང་བཙན་བྱེད་དགོས་མིན་གྱི་བསམ་ཤོག་འོས་བསྡུའི་གྲུབ་འབྲས་འདི་རེད། འོས་བསྡུའི་གྲུབ་འབྲས་ནང་ཨ་རིའི་མི་མང་ཆེ་བས་བོད་རང་བཙན་བྱེད་ན་འོས་ཞེས་ཐོན་ཡོད་པ་རེད།

གནས་ཚུལ་འདིས་ཕྱོགས་གཅིག་ནས་ང་ལ་དགའ་ཚོར་ཞིག་སྟེར་བཞིན། ཕྱོགས་གཞན་ཞིག་ནས་སྐྱོ་སྣང་ཞིག་སྟེར། གང་ལགས་ཤེ་ན་འདིས་གསལ་པོར་བཏོན་པ་ནི་བོད་ཀྱི་དབུ་འཁྲིད་གཙོས་བོད་མི་མང་གིས་ སོ་སོའི་རང་དབང་རང་བཙན་གྱི་གཞི་རྩའི་ཐོབ་ཐང་ངོ་མི་འཕྲོད་པའམ་འཐབ་རྩོད་བྱེད་ཐུབ་ཀྱི་མེད་པ་དེ་ཡིན། མི་མང་དཀྱུས་མ་ནི་རང་བཞིན་གྱིས་དྲང་པོ་ཡོད་པ་མ་གཏོགས་བཟང་ཕྱོགས་དང་འགལ་བའི་ཁེ་ཕན་ཁོ་ནར་བལྟས་ཏེ་ལས་ཀ་བྱེད་མཁན་ཞིག་མིན་ལ། དེར་བརྟེན་ཨ་རིའི་མི་སེར་ཕལ་མོ་ཆེས་བོད་ཀྱི་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད། ཁོང་ཚོས་དེ་ནི་དྲང་བདེན་ཡིན་པ་དང་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཡིན་པར་ ཤེས་ཀྱི་ཡོད།

ཡིན་ནའང་གཞུང་དང་ཆབ་སྲིད་འགོ་འཁྲིད་པའི་གནས་ཚུལ་ཐ་དད་ཡིན་ལ། གཞུང་དང་ཆབ་སྲིད་འགོ་འཁྲིད་པས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་པ་འདི་ ནི་རྒྱ་ནག་མཉམ་ཚོང་འབྲེལ་ཡོང་རྒྱུའི་ཁེ་ཕན་དང་མཐུན་གྱི་ཡོད་པ་རེད། ཁོང་ཚོ་ནི་དྲང་བདེན་དངོས་ཡོད་གནས་ཚུལ་གྱི་ལམ་ལ་མི་འཇུག་ཅིང་། ཆབ་སྲིད་དང་དཔལ་འབྱོར་ཁེ་ཕན་ཁོ་ནར་གཞི་བཞག་སྟེ་བོད་ཀྱི་གནད་དོན་ཐད་ལངས་ཕྱོགས་འཛིན་གྱི་ཡོད་པ་རེད། ད་ལྟའི་ཆར་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱེད་པ་འདིས་ཁོང་ཚོར་ཁེ་ཕན་མང་བ་རེག་གི་ཡོད་ཅིང་། ཉིན་གཅིག་བོད་རང་བཙན་གྱིས་ཁོང་ཚོར་ཁེ་ཕན་མང་བ་ཐོབ་ཀྱི་ཡོད་ན་བོད་རང་བཙན་བྱེད་ཆོག་པའི་རྒྱབ་སྐྱོར་དངོས་ཤུགས་བརྒྱུད་གསུམ་ནས་སྤྲོད་རྒྱུ་ཡིན་པ་ཐེ་ཚོམ་མེད།

དེར་བརྟེན་བོད་མིའི་ངོས་ནས་ཁ་ཚ་དགོས་གཏུགས་ཀྱི་འཐབ་རྩོད་བྱེད་དགོས་པ་འདི་ནི། བོད་རང་བཙན་བྱེད་པ་འདིས་ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁབ་ལ་ཆབ་སྲིད་དང་ལྷག་པར་དུ་དཔལ་འབྱོར་གྱི་ཁེ་ཕན་ཇི་འདྲ་ཞིག་བསྐྲུན་གྱི་ཡོད་པ་མ་ཟད། ཁེ་ཕན་དེ་དག་རྒྱ་ནག་མཉམ་ཚོང་འབྲེལ་བྱེད་བཞིན་པའི་ཁེ་ཕན་ལས་ཆེ་བ་ཞིག་ཡིན་པར་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་དགོས། དེ་འདྲ་བྱུང་ཚེ་ད་གཟོད་བོད་ཀྱི་རང་དབང་གནད་དོན་ཐད་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཁ་ཡོད་ལག་ཡོད་ཀྱི་རོགས་འདེགས་བྱེད་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 9

  1. རིག་འཛིན། says:
    ལོ་ 16 སྔོན།

    དྭ་གྲོགས་བསྟན་འཛིན་ཉིན་བྱེད་ལགས་དགོངས་ཚུལ་འདི་དངོས་གནས་ཡག་མཐོང་སོང་པས་་་་་་་་ངོས་ལན་ཞུ་རྒྱུ་ཡིན་་་་་་ད་རིང་ཨ་རི་སྲིད་འཛིན་ནས་གོང་ས་མཆོག་དང་མཇལ་འཕྲད་གནང་འདི་ཡང་ཆབ་སྲིད་དང་འབྲེལ་བ་ཤུགས་ཆེ་ཞིག་ཡོད་པ་སྨོས་མེད་རེད།

    Reply
  2. ཐོས་དགའ། says:
    ལོ་ 16 སྔོན།

    “མཇལ་འཕྲད་དེ་རིགས་ཀྱིས་བོད་ལ་ཁེ་ཕན་མང་བ་རེག་གི་ཡོད་དམ་ཡང་ན་མཇལ་འཕྲད་གནང་མཁན་གྱི་འགོ་འཁྲིད་ཚོ་དང་ཁོང་ཚོའི་རྒྱལ་ཁབ་ཁག་ལ་ཁེ་ཕན་མང་བ་རེག་གི་ཡོད་མེད་སོགས་ཀྱི་དོགས་སྣང་ཞིག་འཆར། གང་ལྟར་ལོ་མང་རིང་གི་ཉམས་མྱོང་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་ཞིག་ཤེས་སོང་བ་ནི། འགོ་འཁྲིད་དེ་རིགས་དང་ཁོང་ཚོའི་རྒྱལ་ཁབ་ལ་ཁེ་ཕན་ཞིག་མེད་ན་རྒྱལ་བ་རིན་པོ་ཆེ་དང་མཇལ་འཕྲད་ནམ་ཡང་གནང་གི་མེད་པ་དེ་རེད།”

    ངས་བསྟས་ན་སྡོམ་ཚིག་དེ་སྤྱི་མ་སྤོམ་ཞིག་ཆགས་འདུག ཉིན་བྱེད་ལགས། ད་བར་༧གོང་ས་མཆོག་་ལ་མཇལ་འཕྲད་གནང་མཁན་གྱི་འགོ་ཁྲིད་དེ་དག་དང་རྒྱལ་ཁབ་དེ་དག་ལ་༧སྐྱབས་མགོན་རིན་པོ་ཆེ་དང་མཇལ་ཏེ་ཁེ་ཕན་གང་དང་གང་རེག་ཡོད་མེད་གསལ་པོ་བཟོ་དགོས་འདུག དོན་དངོས་ནས་བཤད་ན་ཁོ་ཚོར་ཆབས་སྲིད་ཀྱི་གནས་བབ་ཀྱི་ཐོག་ནས་གྱོང་རེག་ཡོད་ལ་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ཐོག་ནས་ཀྱང་ཁེ་ལས་གྱོང་ཆེ་བ་རེག་གི་ཡོད། དཔེར་ན་ས་བྱི་ཞི་རྒོལ་ཆེ་མོའི་རྗེས་ཕ་རན་སི་དང་འཇར་མན་རྒྱལ་ཁབ་ལྟ་བུ་རེད། ང་ཚོས་ཕྱིའི་རྒྱལ་ཁབ་དག་ལ་གློ་སྙིང་བྲང་གསུམ་བསྟན་ནས་མཐའ་གཅིག་ཏུ་རེ་བཅོལ་བྱེད་མི་ཉེན་ཡང་ཁོ་ཚོར་མ་བརྟེན་པར་བོད་དོན་བདེན་མཐའ་ཡང་གསལ་མི་ཐུབ།

    Reply
  3. དབུས་ཕྲུག་ཚེ་རིང་། says:
    ལོ་ 16 སྔོན།

    དམངས་གཙོའི་གཞུང་ཞེས་པ་ཡང་འདི་འདྲ་ཞིག་རེད། དོན་དངོས་ཐོག་དམངས་གཙོ་ཡང་དག་ཅིག་ཡིན་ན། ”ཁོང་ཚོས་དེ་ནི་དྲང་བདེན་ཡིན་པ་དང་བོད་མི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཡིན་པར་ཤེས་ཀྱི་ཡོད།” དྲང་བདེན་གྱི་ཨ་རིའི་མི་དམངས་དེ་ཚོས་བོད་ཀྱི་གནས་དོན་ཐོག་ཨ་རིའི་གཞུང་ལ་གནོད་ཤུགས་སྤྲོད་ཐུབ་ཀྱི་རེད།

    གལ་ཏེ་རྒྱ་ཆེའི་མི་དམངས་ཀྱིས་གཞུང་ལ་གནོད་ཤུགས་སྤྲོད་ཐུབ་ཀྱི་མེད་ན། དམངས་གཙོ་གཞུང་སྐྱོང་མཁན་ནི་མི་དམངས་ཡིན་ཞེས་པ་དང་། དབང་ཚད་ཚ་ཚང་མི་དམངས་ལ་ཡོད་ཅེས་པའི་མིང་ཚིག་འདི་ཚོ་སྟོང་པ་རང་རེད།

    ཨ་རིའི་མི་དམངས་ཕལ་མོ་ཆེས་བོད་ཀྱི་རང་བཙན་ཐོག་རྒྱབ་སྐྱོར་ཐོབ་པ་དེ་ཡང་། ཚོར་འདུ་ཉི་ཚེ་བ་རང་རེད། དེ་མིན་ན། གནས་ཚུལ་འདི་འདྲའི་འོག་ནས་གཞུང་ལ་འགྱུར་བ་གཏོང་ཐུབ་པ་ཞིག་དགོས། མདོར་བསྡུས་ན། རང་གི་ལས་དོན་རང་ཉིད་ཀྱིས་སྒྲུབ་དགོས་པ་དེ་ཡིན།

    Reply
  4. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 16 སྔོན།

    གནད་དོན་གཙོ་བོ་ཐུག་ས་ནི་བོད་མི་མང་ཤོས་ཀྱིས་ཆབ་སྲིད་པ་ལ་དཔའ་བོ་སྟག་དང་གཡོ་ཅན་ཝ་ཡི་རང་གཤིས་གཉིས་ལྡན་ཡིན་པ་གཟིགས་ཐུབ་ཀྱི་མེད་པ་འདི་རེད།

    ལོ་གཅིག་གི་སྔོན་ཞིག་ལ་འབྲུག་གི་མཁས་དབང་ཞིག་གི་སར་སྐད་ཆ་འདི་འདྲ་ཞིག་གོ་མྱོང༌། ཆབ་སྲིད་པ་ལ་དཀར་པོ་དང་ནག་པོ་གང་གི་ཁ་དོག་ཀྱང་མེད་པར། གཙོ་བོ་གནས་བབ་དང་དུས་སྐབས་ལ་བསྟུན་ནས་རང་མདོག་མངོན་པ་རེད་ཟེར། ངེད་ཀྱིས་བསམ་བློ་ཡང་སེ་བཏང་མཐར། སྐད་ཆ་འདི་ནི་ཧ་ཅང་ལྗིད་ཁོག་ཆེ་བ་ཞིག་ལ་མཐོང་སོང༌། དེ་རིང་དྲ་གྲོགས་ཚོར་ཚོར་ཤེས་ཀྱི་བགོ་བཤའ་བྱས་པ་ཡིན།

    Reply
  5. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 16 སྔོན།

    དབྱིན་ཡིག་གི་རྩོམ་པ་པོ་འདི་ཚོའི་ཀླད་པ་གཞན་དང་འདྲ་ས་མི་འདུག དངོས་གནས་གནས་ལུགས་རྐྱང་རྐྱང་གིས་ཚོས་འདུག བསྟན་འཛིན་ཉིན་བྱེད་ལགས་ཀྱང་བོད་པ་དབྱིན་ཡིག་གི་རྩོམ་པ་པོ་ཚད་ལྡན་ཞིག་རེད། ཡིག་བསྒྱུར་བ་ཡང་ཚད་ལྡན་ཞིག་རེད། མུ་མཐུད་ནས་རྩོམ་ཡིག་ཚད་ལྡན་རྐྱང་རྐྱང་འབྲི་བར་ཐུགས་རྗེ་ཆེ་ཞུ།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཉིན་བྱེད་ལགས་་་་ཡག་པོ་གསུང་འདུག་་་་་་་་་་་འོན་ཀྱང་གཞན་ལ་མ་བརྟན་པ་ལས་བརྟན་ན་བཟང་་་་་་སྨན་རང་ཉིད་ཀྱི་མི་འཐུང་བ་སྨན་པ་ཁོ་ནར་བརྟན་ན་ནད་ལས་ཐར་ཐུབ་རྒྱུ་མ་རེད་ཡ་་་་་་

    Reply
  7. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    ཉིན་བྱེད་ལགས། དགོངས་འཆར་ཡག་པོ་གནང་འདུག་པས་མུ་མཐུད་དཔྱད་བརྗོད་རྩོམ་ཡིག་གང་མང་སྤེལ་བའི་རེ་བ་དང་འབོད་སྐུལ་ཡོད།
    བཀྲ་ཤིས་བདེ་ལེགས།

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    བསྟན་འཛིན་ཉིད་བྱེད་ལགས།ཁམས་བཟང་།
    སྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག་ཐུགས་རྗེ་ཆེ།ཡིན་ནའང་ངས་འདྲི་རྒྱུ་ཞིག་ལ་ཁྱེད་ཀྱིས་མཐའ་འཇུག་ཏུ་༼བོད་རང་བཙན་བྱེད་པ་འདིས་ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཁབ་ལ་ཆབ་སྲིད་དང་ལྷག་པར་དུ་དཔལ་འབྱོར་གྱི་ཁེ་ཕན་ཇི་འདྲ་ཞིག་བསྐྲུན་གྱི་ཡོད་པ་མ་ཟད། ཁེ་ཕན་དེ་དག་རྒྱ་ནག་མཉམ་ཚོང་འབྲེལ་བྱེད་བཞིན་པའི་ཁེ་ཕན་ལས་ཆེ་བ་ཞིག་ཡིན་པར་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་དགོས།༽གསུངས་འདུག།དེ་ལྟར་ཡིན་ན་རྒྱ་ནག་མཉམ་ཚོང་གི་ཁེ་ཕན་ལས་བོད་རང་བཙན་ཁེ་ཕན་ཆེ་བ་ཡིན་པར་ར་སྤྲོད་ག་འདྲ་བྱ་དགོས་སམ།ཕྱོགས་ཙམ་གསུང་ན་ཡག་པོ་འདུག་མ་གཏོག་ང་ནི་རིག་རྨོངས་ཤིག་ཡིན་པའི་ག་འདྲ་བྱ་དགོས་སམ་དྲན་སྡོད་ཡོད།

    Reply
  9. ཕུན་ཚོགས ། says:
    ལོ་ 16 སྔོན།

    ཟླ་༢ཚེས་༡༨ཉིན། (ཨ་རིའི་ཤར་ཕྱོགས་དུས་ཚོད་)ཨ་མེ་རི་ཁས་ཀྲུང་གོས་ཐེངས་མང་པོར་ངོ་རྒོལ་བྱས་པར་མ་འཛེམ་པར། ཨུ་ཚུགས་ངང་སྲིད་འཛིན་ཨོ་པཱ་མས་ཕོ་བྲང་དཀར་པོ་ནས་ཏཱ་ལའི་དང་མཇལ་འཕྲད་བྱས་པ་རེད།
    རྒྱ་ནག་གི་ངུ་སྐད་ཡང་བསྐྱར་གྲག་གི་འདུག
    ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མ་ཁྲའོ་ཞུས་ཀྱིས་ཚེས་༡༩ཉིན་གྱི་ནམ་ལངས་ཁར་དེའི་སྐོར་ལ་གཏམ་བཤད་སྤེལ་སྐབས་བསྟན་དོན། ཨ་རིའི་ཕྱོགས་ཀྱི་བྱ་སྤྱོད་དེ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་འགལ་ཞིང་། ཀྲུང་མེའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་《ཀྲུང་མེའི་མཉམ་འབྲེལ་གསལ་བསྒྲགས》ནང་གཏན་འབེབས་བྱས་པའི་རྩ་དོན་དང་འགལ་བ་དང་།ཨ་རིའི་སྲིད་གཞུང་གིས་ཐེངས་མང་པོར་བསྐྱར་བསྒྲགས་བྱས་པའི་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་དང་། “བོད་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་དམ་བཅའ་བཅས་དང་འགལ་བས། སྲིད་འཛིན་ཨོ་པཱ་མས་ཏཱ་ལའི་ལ་མཇལ་འཕྲད་བྱས་པ་དེ་ཀྲུང་གོའི་བློར་གཏན་ནས་འབབ་ཀྱི་མེད་ཅིང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཀྲུང་གོའི་ལངས་ཕྱོགས་ལ་བསམ་བློ་ནན་ཏན་བཏང་ནས་མགྱོགས་པོར་བྱེད་ཐབས་ནུས་ལྡན་སྤྱད་དེ་ཤུགས་རྐྱེན་ངན་པ་མེད་པར་གཏོང་བ་དང་། “བོད་རང་བཙན་”ལ་རྒྱབ་སྐྱོར་དང་དེ་རྒྱ་ཡན་ཏུ་གཏོང་མཚམས་འཇོག་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་བཞག་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་མེའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་དུ་འཕེལ་བར་སྲུང་སྐྱོབ་བྱེད་དགོས་པའི་བཙན་གཏམ་སྤེལ་འདུག
     

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese