མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་དུ་རྟེན་འབྲེལ་ཞུས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

གཞིས་ལུས་བོད་མི་རྣམས་ཀྱིས་ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་བ་དེར་དགའ་སྤྲོས་རྣམ་པ་ཤུགས་ཆེར་བསྟན་པ་མ་ཟད། བསང་གཏོང་བ་དང་རླུང་རྟ་གཏོར་བ། ལྷ་རྒྱལ་འཐེན་པ་དང་ཤོག་སྦག་སྤར་བ་སོགས་བྱས་ཡོད་འདུག

ངྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་འདི་གའི་གསར་ཁང་ལ་གནས་ཚུལ་མཁྲོ་སྤྲོད་གནང་བ་ལྟར་ན། ཁ་སང་སྟེ་ཕྱི་ཚེས་ ༡༨  ཉིན་ཕོ་བྲང་དཀར་པོའི་ནང་དུ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་ཡོད་ལ།
ཐེངས་འདིའི་མཇལ་འཕྲད་དེར་རྒྱ་ནག་གི་ཕྱོགས་ནས་སྐྱོན་བརྗོད་སྣ་ཚོགས་བྱས་ཡོད་པ་མ་ཟད། ཨ་རྒྱ་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་འབྱུང་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་མོད། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་དང་། དེ་ནི་སྲིད་འཛིན་ཁོང་གིས་དེ་སྔོན་༧གོང་ས་མཆོག་ལ་མཇལ་རྒྱུ་ཡིན་སྐོར་གསུངས་པར་ཁ་ཏན་ཚིག་ལ་གནས་པ་ཞིག་རེད།

གང་ལྟར་ཡང་ཨོ་བྷ་མ་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་བ་དེ་ནི་གཞིས་བྱེས་བོད་མིའི་ངོས་ནས་བཤད་ན། ལོ་མགོ་ཚེས་མགོ་འདིར་བྱུང་བའི་བཀྲ་ཤིས་པའི་དོན་བཟང་ཞིག་རེད་ལ།  ཉིན་དེའི་བོད་ནང་གི་དགོང་མོའི་དུས་ཚོད་ ༨ ནས་མགོ་བཟུང་སྟེ། རྔ་པ་ཀིརྟི་དགོན་པའི་རྩན་ཁང་འཁྲིས་སུ་བསང་ཁྲི་ཆེན་པོ་ཞིག་ཡོད་པའི་མཐའ་འཁོར་དུ་མི་མང་ཉིས་སྟོང་ཡས་མས་འདུ་འཛོམས་ཀྱིས་བསང་བཏང་བ་དང་རླུང་རྟ་གཏོར་བ། ལྷ་རྒྱལ་འཐེན་པ་སོགས་བྱས་འདུག་པ་མ་ཟད། རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་སོགས་ནས་ཀྱང་རླུང་རྟ་གཏོར་བཞིན་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་ཀི་སྒྲ་དང་བཅས་མང་ཚོགས་ཀྱིས་དགའ་བའི་འབོད་སྒྲ་བསྒྲགས་ཡོད་འདུག

གོང་གི་དུས་ཚོད་དེར་རྔ་པའི་གྲོང་སྡེ་ཁྲིམས་རྒན་དང་མཐའ་བ་གོང་མ། རྔ་སྲིབ། རྔ་སྟོད། རྔ་སྨད། ལྡོང་ཁུ་ཁག་གསུམ། དེ་བཞིན་རྫོང་དང་བར་ཐག་རིང་བའི་གཅའ་ཞང་དང༌། རྨེའུ་རུ་མ་ཞང་སོགས་རྫོང་དང་ཐག་རིང་ཐུང་གི་འབྲོག་ས་ཁག་གི་དགོན་གྲོང་ཚང་མ་ནས་བསང་བཏང་བ་དང༌། རླུང་རྟ་གཏོར་བ། ཤོག་སྦག་སྣ་ཚོགས་བཀད་དེ། ཉིན་ཤས་སྔོན་ཁུ་སིམ་སིམ་དང་ལོ་སར་མྱ་ངན་གྱིས་རོལ་བའི་མཚན་མོ་དག དགོང་མོ་དེར་མེ་ཏོག་ཁྲ་ལམ་ལམ་བྱེད་པའི་ཤོག་སྦག་སྣ་ཚོགས་དང་ཀི་སྒྲ་དང་དགའ་སྤྲོས་ཁེངས་པའི་མཚན་མོ་ཞིག་ཏུ་བསྒྱུར་ཡོད་འདུག སྐབས་དེར་དམག་མི་སྟོང་ཕྲག་འགས་རྫོང་གི་ཕྱོགས་མང་པོར་ལྟ་སྲུང་ནན་མོ་བྱས་ཡོད་ཀྱང་མང་ཚོགས་ཀྱིས་རང་རང་ས་ནས་དེ་ལྟར་དགའ་བའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་སྟབས། དམིགས་བསལ་འཛིན་བཟུང་དང་ཉེས་རྡུང་སོགས་བཏང་མེད་ནའང་། ཁྲོམ་ནས་ཤོག་སྦག་བཀད་སྐབས་བོད་མི་འགའི་ལག་ནས་ཤོག་སྦག་འཕྲོག་སྟེ་བཀད་མ་བཅུག་པ་སོགས་བྱུང་ཡོད་འདུག

དེ་བཞིན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་མང་པོ་ཞིག་གིས་གླིང་བར་དུ་ཡོད་པའི་མགོན་ཁང་གི་བསང་ཁྲིའི་ཐོག་བསང་ཕུད་པ་དང་། རྒྱལ་བའི་ཞབས་བརྟན་སོགས་སྐྱོར་ཡོད་འདུག་ལ།  གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས། ང་ཚོས་འདི་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་༧གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་མཇལ་ཕྲད་གནང་བ་དེར་གྲུབ་འབྲས་ཡག་པོ་ཞིག་ཡོང་བའི་རེ་བ་དང་སྨོན་ལམ་འདེབས་པ།  དེ་བཞིན་བསང་དང་རླུང་རྟ་གཏོར་ནས་དགྲ་ལྷ་དཔུང་བསྟོད་བྱས་ཏེ་དགའ་བའི་ལྷ་རྒྱལ་དང་ཀི་བསྭོ་སྒྲོག་བཞིན་ཡོད་སྐོར་གསུངས་ཡོད་འདུག ཡང་རྒྱ་གཞུང་གི་ལས་བྱེད་རེ་འགས་བོད་ནང་གི་ཆུ་ཚོད་ ༡༢  ཐོག་༧གོང་ས་མཆོག་དང་ཨོ་བྷ་མཇལ་འཕྲད་གནང་ཚར་བ་རེད་ལ། སྐབས་དེར་གསར་འགོད་པ་གཅིག་ཀྱང་བཏང་མེད་ཚུལ་ཡང་རྫུན་སྒྲོག་བྱས་ཡོད་འདུག

དེ་བཞིན་ངྷ་སར་གནས་བཞུགས་འཇམ་དབྱངས་ལགས་ཀྱིས་འདི་གའི་གསར་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། ཁ་སང་དགོང་མོར་མདོ་སྨད་རེབ་ཀོང་ཁུལ་གྱི་མི་མང་གིས་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས་དང་བསྟུན་ཏེ། རླུང་རྟ་གཏོར་བ་དང་བསང་བཏང་བ། ལྷ་རྒྱལ་འཐེན་པ་དང་ཤོག་སྦག་སྤར་བ་སོགས་དགའ་སྤྲོའི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག སྤྱིར་ཉེན་རྟོག་པ་དང་དམག་མིས་མི་མང་རྣམས་མཉམ་དུ་འདུ་འཛོམས་བྱེད་རྒྱུར་དམ་དྲག་ནན་མོ་བྱས་ཡོད་ཀྱང་། དགོང་མོ་དེར་མི་མང་གིས་རང་རང་ས་ནས་དགའ་བའི་འབོད་སྒྲ་བསྒྲགས་པ་དང་ལྷ་རྒྱལ་འཐེན་པ། རླུང་རྟ་གཏོར་བ་སོགས་བྱས་ཏེ་དགའ་སྤྲོའི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 13

  1. ལུང་རྟོགས། says:
    ལོ་ 16 སྔོན།

    གཞིས་ལུས་བོད་མིའི་སྙིང་སྟོབས་ལ་ནམ་ཡང་རྗེས་སུ་ཡི་རང་དང་། གདུང་སེམས་མཉམ་སྐྱེད་ཡོད།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པའི་གཞིས་བཞུགས་བོད་མི་སྤུན་ཟླ་རྣམ་པ། ཁྱེད་རྣམ་པའི་མཛད་སྤྱོད་གཟེངས་སུ་བསྟོད་དོ། །

    Reply
  3. མཁར་རྔ་། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།
    ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཨོ་བྷ་མ་མི་གླ།

    Reply
  4. མཁར་རྔ་། says:
    ལོ་ 16 སྔོན།

    སྙིང་ནས་གུས་ཞབས་དང་། རྗེས་སུ་ཡི་རིང་ཞུ། དེར་མ་ཟད་ཕྲན་གྱིས་ཁ་གསལ་གོ་ཐོས་སུ། རྔ་བ་སྤྲོ་ཚུགས་དང་། ཀ་ཉག བསེ་སྲིབ། མཐའ་བ་གོང་འོག ཁཱ་ཤིས་སོགས་རྔ་སྟོད་སྨད་བར་གསུམ་གྱི་སེར་སྐྱ་ཕལ་མོ་ཆེ་ནས་དེ་དེ་བཞིན་དགའ་སྤྲོའི་རྣམ་འགྱུར་གྱི་འབོད་སྒྲ་བསྒྲགས་ཏེ་གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་དགོས་པ་སོགས་ཀི་ཀི་བསྭ་བསྭས་ཞི་བའི་ངར་སྐད་བཏོན་འདུག

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རེབ་གོང་ནས་མཇལ་འཕྲད་འདི་ལ་རྟེན་འབྲེལ་འདུག་་་་དེས་སྐོར་གྱི་འཁོར་ཐག་ཐུང་ངུ་ཞིག་ཀུན་གླིང་བརྒྱུད་ང་ཚོའི་མིག་མདུན་དུ་མངོན་བྱུང་བ་རེད་་་འོན་ཀྱང་འགའ་ཞིག་གིས་མཐོང་མིད་ཚོད་རེད་་་་་་ངོ་མ་སྙིང་འདར་ནི་ཞིག་རེད་་་་་ཀློག་འོད་མེད་པའི་མཚན་མོ་དེར་་་་་་སུ་ཞིག་གི་ཚོལ་ན་དོག་བཞིན་་་་་བསང་གཏོང་བ་དང་རྒྱལ་བས་ཀི་སྭོ་བསྒྲོགས་པ་འདུ་ཁང་ནང་གཙང་མ་བྱས་ཏེ་སྤུས་དང་མཆོད་མེ་ཕུལ་ཏེ་ཞལ་ནས་་གངས་རི་རྭ་་་་་་་གསུང་གི་འདུག་་་་་་ད་དུང་་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་རྒྱལ་དར་སོགས་རྩིག་ངོས་ལ་སྦྱར་བས་གྲྭ་གཤེགས་ཆུང་ཆུང་དེའི་ནང་གི་གྲྭ་བ་དེས་ཕྱག་གསུམ་འཚལ་ཏེ་་ཞལ་ནས་གངས་རི་རྭ་་་་་གསུང་་་་་ད་དུང་ཁོང་གིས་་་ང་ཚོར་མཇལ་འཕྲད་དེ་དགའ་ཡོད་་ཨོ་བྷ་མ་དང་ཨ་རིའི་གཞུང་ནས་ང་ཚོ་ལ་རོས་པ་བྱེད་རོགས་ཞེས་འབོད་བསྐུལ་ཞུས་བ་དང་ང་ཚོ་ལ་རྒྱ་མའི་ཐུབ་ཚོད་བྱེད་རྒྱུ་མང་སོང་བས་ད་ང་ཚོའི་སྡུག་ཆོག་གི་མི་འདུག་་་་རེ་ཉག་གཆིག་ཡོད་ནོ་༧་རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་ཕེབས་ཐུབ་བ་དེ་ཡིན་་་་་་་་་་་་་་་་་་་འདི་ནི་སྡུག་བསྔལ་དང་གཉའ་གནོག་འོག་དུ་འཚོ་བཞིན་པས་གྲྭ་བ་མགོན་མེད་ཞིག་གི་རེ་བ་རེདདདདདདདདདདདདདདདདདད

    Reply
  6. གྲྭ་རྒོད says:
    ལོ་ 16 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  7. རྐང་གསུམ། says:
    ལོ་ 16 སྔོན།

    ལོ་སྔོན་མ་ནས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་བོད་ནང་གི་དོན་སྐྱེན་གང་མང་ཞིག་འཛམ་གླིང་ཁྱོན་ཡོངས་ལ་གསལ་བོར་བསྟན་ཐུབ་ཡོད་ལ་། མ་ཟད་ད་རེབ་ཡང་འདི་ལྟར་བོད་མདོ་སྨད་ཀྱི་རྔ་ཡུལ་མི་མང་ནས་ལོ་སར་སྐབས་རྩམ་པ་དང་མཎེ་ཁ་འདོན་གྱི་ལས་ལ་བརྩོན་པ་སོགས་དེ་དང་དེ་མཚུངས་ཀྱི་བོད་མདི་སྨད་ཕྱོགས་ཀྱི་བོད་མི་ཚོའི་གནས་སྟེངས་འཛམ་གླིང་ལ་ཁྱབ་བསྒྲགས་བྱེད་དང་བཞིན་ཡོད་པ་དེ་ལ་གུས་པས་སེམས་སྟེང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

    Reply
  8. karma dorje says:
    ལོ་ 16 སྔོན།

    ༇། །གཞིས་བྱེས་བོད་མིས་༸གོང་ས་མཆོག་དང་ཨོ་རྦ་མ་མཆོག་གིས་མཇལ་འཕྲད་སྟབས་བསྟུན་གྱིས་རྒྱ་མིས་སྲོག་དང་རྒྱུ་དངོས་ལ་མ་གནོད་པའི་སྒོ་ནས། དུས་གཅིག་ཏུ་ཚང་འཛོམས་ཀྱིས། ༇། །བསང་གཏོང་བ་དང་རླུང་རྟ་གཏོར་བ། ཤོག་སྦག་སྤར་བ་དང་ལྷ་རྒྱལ་འཐེན་པ་སོགས་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་ཀི་སྒྲ་དང་བཅས་མང་ཚོགས་ཀྱིས་དགའ་བའི་འབོད་སྒྲ་བསྒྲགས་པ་ནི་དབུ་མའི་ལམ་གྱི་ཐབས་ལམ་འཚེ་མེད་ཞི་བའི་ལས་འགུལ་ཚད་དང་ལྡན་པ་རེད། འབྲེལ་ཡོད་ཚང་མར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞེས་རྒྱུར།

    Reply
  9. གངས་མྱུག says:
    ལོ་ 16 སྔོན།

    བོད་ནང་གི་སེམས་ཤུགས་ཅན་ཚོར་སྙིང་ཁོང་ནས་དགའ་གུས་དང་བསྔགས་བརྗོད་ཞུ། ང་སྡོད་སའི་སྦེལ་ཀོལ་གྲོང་སྡེ་འདིར་ངས་མཐོང་བ་ཚོས་མདང་དགོང་ཀེ་རོམ་རྩེ་བ་ལས་གསར་འགྱུར་ཙམ་ལའང་བལྟས་མ་སོང་། ང་ཚོ་བཙན་བྱོལ་བ་ཚོར་ནཚ་སྡུག་ཅག་ཅིག་འདུག འདི་ཇི་ལྟར་སེལ་དགོས་སམ། དགོས་སར་ཚོར་བ་མེད་པའི་ན་ཚ་འདི་ངེས་པར་སེལ་དགོས།

    Reply
  10. ཀ་ཉག་ཚེ་རིང་། says:
    ལོ་ 16 སྔོན།

    ཚེས་བཅུ་དགུའི་ཉིན་གྱི་བོད་ནང་གི་དུས་ཚོད་ 3་ ཙམ་ལ་ཁ་པར་འབྱོར་ནས་གསུང་དོན་རྔ་པ་ནས་གོ་ཚོད་ལ་རེབ་གོང་ནས་མདང་དགོང་བོད་དར་འཕྱར་བ་སོགས་ཀྱིས་གནས་ཚུལ་བྱུང་འདུག་པ་དང། སྐབས་དེར་མི་གཉིས་འཛིན་བཟུང་བྱས་འདུག་ཚུལ་གོ་གི་འདུག་ཅེས་གསུངས་པས ཕ་ཡུལ་རེབ་གོང་ལ་ངོ་ཤེས་ཡོད་པའི་མི་རྣམས་ཀྱིས་གནས་ཚུལ་དེའི་ཐད་རྒྱུས་ལོན་རེ་བྱེད་ཐུབ་པའི་རེ་བ་ཡོད། གནས་ཚུལ་དེ་རྔ་པའི་སྲང་ལམ་གྱི་གཏམ་ཞིག་ཡིན་སྟབས་མཐའ་གཅིག་ཏུ་བདེན་པའི་ངེས་པ་མེད།

    Reply
  11. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཀ་ཉག་ཚེ་རིང་་ལགས་ཀྱི་གསུང་བ་བདེན་པ་རེད་་་་་་གཅར་རྡུང་དང་འཛིན་བཟོང་མ་བྱས་ངེས་བ་མེད་ལ་དུས་དེར་བྱུང་མེད་ཀྱང་དེའི་རྐྱེན་བས་་་་་་་་་་་་་་་་་་་་་་་་་་་ཀིརྟིའི་བྱེས་པ་གྲྭ་ཚང་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་བཀའ་དྲིན་ཆེ་ཞུ་རྒྱུ་དང་གནས་ཚུར་་ཕྱོགས་ལྷོང་མེད་པ་གནང་རོགས་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན་་་་་་་གསལ་བཤད་ཞུ་རྒྱུ་ཞིག་ལ་ཕྱོགས་ལྷོང་བྱེད་ཀུན་འདུག་ཞུས་བ་གཏད་ནས་མིན་་་་་་

    Reply
  12. ཤན་པ་ལག་དམར། says:
    ལོ་ 16 སྔོན།

    རེད་ངོ་མ་བོད་ནང་གི་བོད་མི་ཚོས་འདི་ལྟར་དགའ་བའི་འབོད་སྒྲ་བསྒྲོགས་སྐབས་བཙན་བྱོལ་ནང་གང་ཡང་མེད་དོན་ཅི་ཡིན་ནམ། དེ་མིན་ཕྲན་ནས་གོ་ཐོས་ལ་བོད་ནང་གི་བོད་མི་ཚོས་རྒྱ་སྒོར་གཅིག་ཁྲི་ལྷག་གི་ཤོག་སྦག་སྣ་ཚོགས་ཉོས་ནས་དགོས་འབོད་བྱས་སོང་ཟེར།

    Reply
  13. ཀ་ཉག་ཚེ་རིང་། says:
    ལོ་ 16 སྔོན།

    ཕ་ཡུལ་དུ་གནས་ཚུལ་དེ་ལྟར་འབྱུང་བཞིན་པའི་སྐབས་དེར་གནས་ཚུལ་མཁོ་སྤྲོད་པ་ཚོས་མཐོང་སར་འཛིན་བཟུང་དང་གཅར་རྡུང་བཏང་བའི་གནས་ཚུལ་མ་བྱུང་བ་ཙམ་ལས་དེ་ལྟར་བྱུང་མི་འདུག་ཅེས་གཏན་ནས་ཞུས་མེད་ལ་ཞུ་ཕོད་པ་ཡང་མི་འདུག རྒྱུ་མཚན་ནི། ཚང་མས་ཤེས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese