མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་རྒོལ་ཆེན་མོ། རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

གལ་གནད་ཆེ་བའི་རིགས་འདི་ཡིག་ཐོག་ཏུ་བཀོད་པ་དེ་ཆོས་དང་ཆབ་སྲིད་གང་གི་ཆ་ནས་ཀྱང་གལ་ཆེན་པོ་ཡིན་སྟབས། གནས་ཚུལ་དེ་དག་གི་དངོས་བྱུང་མིག་གིས་མཐོང་མཁན་གྱི་དཔང་བོ་དང་ཟུར་བོ་ཡོད་བསྡད་པའི་སྐབས་སུ་བཀོད་ཐུབ་པ་ཡིན་ན་ཚད་ལྡན་ཞིག་ཏུ་འགྱུར་ངེས་རེད་ཅེས་བཀའ་ཁྲི་མཆོག་གིས་གསུངས་སོང།

དེ་རིང་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་ཏྲེ་ཧོར་སྐྱིད་སྡུག་ཚོགས་པའི་གོ་སྒྲིག་འོག་བོད་གཞུང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་གཙོས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་སྤྱི་འཐུས་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། གསར་འགོད་པ་དང་ངྷ་སར་གནས་སྡོད་ཏྲེ་ཧོར་མི་མང་བཅས་འདུ་འཛོམས་ཐོག  བཀའ་ཁྲི་མཆོག་གིས་མཆོད་མེ་ཞལ་འབྱེད་དང་གཞིས་བྱེས་དཔའ་བོ་དཔའ་མོ་རྣམ་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་གནང་རྗེས། མདོ་ཁམས་ཏྲེ་ཧོར་ཁུལ་དུ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནས་ ༢༠༠༩ ལོའི་ཕྱི་ཟླ་ ༦ པའི་ས་གླང་ཞི་རྒོལ་ཆེན་མོའི་བར་གྱི་དངོས་བྱུང་ལོ་རྒྱུས་ཕྱོགས་བསྡོམས་ཀྱི་དཔེ་དེབ་ “ཞི་རྒོལ་ཆེན་མོ། རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས། ” ཞེས་པའི་དཔེ་དེབ་དབུ་འབྱེད་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་གསུངས་དོན།  ཐོག་མར་ཁྱེད་རང་ཚོས་མ་སྐུལ་དང་བླངས་ཐོག་སྔར་ལོའི་ལོ་གཉིས་རིང་བོད་ནང་བྱུང་བའི་གནས་ཚུལ་གལ་ཆེན་ཁག་བྱུང་རབས་རིག་པ་དང་མཐུན་པའི་ཚད་ལྡན་བདེན་རྟགས་ལྡན་པའི་ཕྱག་དེབ་ཕྱོགས་སྒྲིག་གནང་བར་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་གྱི་ངོས་ནས་ལེགས་གསོལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅེས་དང་།  སྤྱིར་འགྲོ་བ་མིའི་གཤིས་ཀའི་ནང་ད་ལྟའི་བྱུང་རིམ་དེ་དག་མ་འོངས་པའི་བྱུང་རབས་ཁྲོད་དོན་སྙིང་ལྡན་པ་ཡིན་པ་དེ་གོ་ཁག་པོ་ཡོད་པ་རེད། དེ་རིང་སང་ཉིན་ང་ཚོས་ལས་ཀྱིན་པའི་ལས་ཀ་དེ་དག་ལོ་བརྒྱ་ཕྲག་འདས་རྗེས་ཕྱིར་དྲན་གསོ་བྱས་པ་ཡིན་ན་། དངོས་ནས་བྱུང་རབས་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་རེད་བསམ་པའི་ཚོར་བ་དེ་ད་ལྟ་ང་ཚོར་སྐྱེས་ཀྱི་ཡོད་པ་མ་རེད། ཕྱོགས་གཞན་ཞིག་ནས་ཉིན་རེར་བྱུང་བའི་རིམ་པ་དེ་དག་ཡུན་ཙམ་ཞིག་ལ་དེབ་ཐེར་ནང་མ་བཀོད་པ་ཡིན་ན། དྲན་པའི་ཡིད་ནས་ཡལ་འགྲོ་བསམ་པའི་ཚོར་བ་དེ་ཕལ་ཆེར་ཡོད་པ་མ་རེད། དེ་འདྲ་ཡིན་སྟབས། རིག་གནས་ཁག་གི་ནང་དུ་ཐོས་བྱུང་རིག་པ་དེ་ཞན་ཆ་ཡོད་པ་ཞིག་ཏུ་ཆགས་འགྲོ་གི་ཡོད་པ་རེད། གང་ཡིན་ཟེར་ན། ལོ་མང་འདས་པའི་རྗེས་ལ་སྔོན་ལ་ག་རེ་བྱུང་བ་དེ་ཞིབ་འཇུག་དང་ཚོད་དཔག་བྱེད་རྒྱུ་ཞིག་མ་གཏོགས་བྱུང་བའི་ཉིན་མོ་དང་བྱུང་བའི་སྐབས་དེར་ཡིག་ཚང་དེབ་ཐེར་ནང་འགོད་ཐུབ་པ་ཁག་པོ་ཆགས་ཀྱི་ཡོད་པ་རེད། ཏཱ་ར་ན་ཐའི་རྒྱ་གར་ཆོས་འབྱུང་གི་སྒྲ་བསྒྱུར་ཞིག་གི་སྔོན་བརྗོད་ནང་དུ་ངས་འདི་ལྟར་བྲིས་མྱོང་།  བྱུང་བ་རིག་པ་ཞེས་པ་དེ་ནི། ལོ་བརྒྱ་ཕྲག་མང་པོ་ཞིག་གི་སྔོན་ལ་གངས་རིའི་ཐོག་མི་ཞིག་ཆས་པའི་རྐང་རྗེས་དེ་ལོ་མང་ཟིན་རྗེས་བསྐྱར་དུ་བཙལ་བའི་སྲོལ་ལྟ་བུ་ཞིག་ཡོད་པ་རེད། དེ་འདྲ་ཡིན་སྟབས། གནས་ཚུལ་མང་པོ་ཞིག་མཚུངས་བསྡུར་དང་རིགས་འགྲེ་ལ་བསྟུན་པ་དང་། ཕྱོགས་མཚུངས་ཡིག་ཆ་དང་དངོས་སུ་མྱངས་པ་གཞན་གྱི་རིག་པའི་ལམ་དང་བསྟན་སྲིད་ཀྱི་ལམ་ནས་བསྒྲུབ་རྒྱུ་མ་གཏོགས་མངོན་སུམ་མཐོང་བཞིན་པའི་སྐབས་སུ་དྲན་ཐོར་འགོད་པ་དང་ཡིག་ཆར་བཙལ་བ་དེ་དཀོན་པོ་རེད་ཟེར་ནས་བྲིས་མྱོང་ལ། དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། ལྷག་པར་ང་ཚོ་བོད་གངས་ཅན་པ་ཟེར་བ་དེ་བོད་ཀྱི་གནས་བབ་ལ་བལྟས་པ་ཡིན་ན།  ང་ཚོར་བྱུང་བ་རིག་པའི་གཞུང་ལུགས་དེ་གཞུང་ལུགས་གཞན་དང་བསྡུར་བའི་སྐབས་སུ་ཧ་ཅང་ཉུང་ཉུང་དང་། ཡོད་པ་དེ་དག་གཞུང་ལུགས་དང་མཐུན་པའི་གཏན་ལ་ཕེབས་པ་དཀོན་པོ་ཆགས་བསྡད་ཡོད་པ་རེད། ད་ལྟའི་བར་ཡོད་པའི་བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས། རྒྱལ་རབས། རྟོགས་བརྗོད། སྐྱེས་རབས་ཞེས་པ་སོགས་མང་པོ་ཞིག་ཕན་ཚུན་འབྲེལ་ནས་ཡོད་པ་ལས་དེ་ལྟ་བུའི་བྱུང་རབས་རྙེད་ཁག་པོ་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་བྱུང་རབས་བཤད་སྟངས་དང་། ང་ཚོས་བོད་ཀྱི་བྱུང་རབས་བཤད་སྟངས། ནུབ་ཕྱོགས་པ་ཚོས་བོད་ཀྱི་བྱུང་རབས་བཤད་སྟངས་སོགས་ལ་ཧེ་བག་ཆེན་པོ་ཡོང་བ་དེ་ང་རང་ཚོར་ཐོས་བྱུང་རིག་པའི་སྟེང་ལ་ཞན་ཆ་ཡོད་པའི་དབང་གིས་བྱུང་བ་ཞིག་རེད་ཅེས་གསུང་བྱུང་། 

ཁོང་གིས་མུ་མཐུད་གསུངས་དོན། ཕྱི་ལོ་ ༡༩༥༩ ལོ་ནས་འདས་པའི་ལོ་ ༦༠ ཉེ་བའི་རིང་། བོད་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་འཐབ་རྩོད་དང་སྤྱི་ཚོགས་ཀྱི་འཐབ་རྩོད། ཆོས་དང་རིག་གཞུང་གི་འཐབ་རྩོད་གཞི་རྒྱ་ཆེ་བ་བྱུང་ཡོད་པ་རེད། དེ་དག་ཡང་མགོ་བཙུགས་པའི་སྐབས་དང་རྗེས་སུ་བྱུང་བ་དེ་དག་ད་ལྟ་ང་ཚོའི་དྲན་འཛིན་ནས་ཡལ་ཟིན་པ་དང་། སྒྲིག་དགོས་བྱུང་ཡང་ཆ་ཚང་བ་ཞིག་སྒྲིག་རྒྱུའི་ཡིག་ཆ་རྒྱབ་ལྗོངས་ཉུང་ཉུང་ཆགས་ཡོད་སྟབས། གལ་གནད་ཆེ་བའི་རིགས་འདི་ཡིག་ཐོག་ཏུ་བཀོད་པ་དེ་ཆོས་དང་ཆབ་སྲིད་གང་གི་ཆ་ནས་ཀྱང་གལ་ཆེན་པོ་རེད། གལ་ཆེན་པོའི་གནས་ཚུལ་དེ་དག་གི་དངོས་བྱུང་མིག་གིས་མཐོང་མཁན་གྱི་དཔང་བོ་དང་ཟུར་བོ་ཡོད་བསྡད་པའི་སྐབས་སུ་འགོད་ཐུབ་པ་ཡིན་ན་ཚད་ལྡན་ཞིག་ཏུ་འགྱུར་ངེས་རེད། སྤྱིར་བོད་མདོ་ཁམས་ལ་མཚོན་ན། ས་ཁྱོན་དང་རྫོང་གཞི་ས་གནས་སོ་སོའི་ཁ་སྐད་དང་སྤྱོད་ཚུལ་འདྲ་མིན་དང་རྒྱ་ཆེན་པོ་རེད། དེ་འདྲའི་ནང་ནས་ཀྱང་ཧོར་གྱི་མིང་ཐོབ་མཁན་ཏྲེ་ཧོར་ཁམས་པ་མ་གཏོགས་ཡོད་པ་མ་རེད། བོད་པའི་སྐད་ནང་ཧོར་ཞེས་པ་དེ་ཁྱད་ཆོས་ལྡན་པའི་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། ཚིག་འདི་ཇི་ལྟར་བྱུང་མིན་མི་ཤེས་ཀྱང་ཏྲེ་ཧོར་ཞེས་པ་དེ་ཆོས་དང་ཆབ་སྲིད་གཉིས་ཀྱི་ཐོག་དཔའ་མཛངས་རྟུལ་ཕོད་དང་སྐྱེས་བུ་དམ་པ་མང་པོའི་སྐྱེས་ཡུལ་ཡིན་པ་རེད། ང་རང་གི་དྲན་ཚོར་ནང་སེ་འབྲས་དགའ་གསུམ་གཙོས་པའི་དགོན་སྡེ་ཁག་ཏུ་དགེ་བཤེས་མང་པོ་ཡོད་པ་རེད། ལྷག་པར་ ༥༨ ལོར་དུ་ཆུ་བཞི་སྒང་དྲུག་གི་ལས་འགུལ་སྤེལ་སྐབས་དང་ད་ལྟའི་སྐབས་གང་ཡིན་ཡང་ཏྲེ་ཧོར་ཁམས་པ་ཚོས་ཆོས་སྲིད་ཀྱི་བྱ་བཞག་མང་པོའི་ནང་ཆ་ཤས་བླངས་བ་དང་ལེན་བཞིན་པའི་ཉེར་ལེན་ལ་བརྟེན་ནས་ ༢༠༠༨ ལོ་དང་ ༢༠༠༩  ལོར་ཏྲེ་ཧོར་གྱི་ས་ཁུལ་མང་པོའི་ནང་ཞི་རྒོལ་གྱི་གནས་ཚུལ་བྱུང་བ་དང་། གནས་ཚུལ་དེ་དག་བདེན་པ་དང་དཔང་རྟགས་ཡོད་པའི་ཐོག་ཡིག་ཐོག་ལ་བཀོད་པར་ཧ་ཅང་ངོ་མཚར་དང་གཟི་བརྗིད་ཆེན་པོ་རེད། གནས་ཚུལ་རེ་རེ་བྱུང་བའི་སྐབས་སུ་ཡིག་ཐོག་ཏུ་འགོད་པ་དང་རྒྱུན་མཐུད་མ་ཐུབ་ཚེ་ཆ་མ་ཚང་བ་ཞིག་ཆགས་འགྲོ་གི་ཡོད་སྟབས། ལམ་སྲོལ་བཏོད་ཚར་བ་འདིའི་རིགས་ཀྱི་བྱུང་རིམ་སོགས་མུ་མཐུད་རྒྱུན་སྐྱོང་གིས་འགོད་ཐུབ་པ་ཡིན་ན་འགྲོ་བ་མི་སྤྱི་དང་ལྷག་པར་ཏྲེ་ཧོར་མི་མང་ཡོངས་ལ་ཆབ་སྲིད་ཀྱི་བྱུང་རབས་ལྡན་པ། རིག་གནས་ཀྱི་དོན་སྙིང་ལྡན་པ་ཞིག་ཡོང་ཐུབ་སྟབས། མུ་མཐུད་འདིའི་ཕྱོགས་ལ་ཕྱག་ལས་གནང་རོགས་ཞེས་འབོད་སྐུལ་ཡང་གནང་སོང།

དཔེ་དེབ་དབུ་འབྱེད་གནང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དེབ་འདིའི་ནང་སྔ་ཕྱི་བར་གསུམ་དང་པར་དང་གནས་ཚུལ་སོགས་ཀྱི་རྒྱབ་སྐྱོར་མཐུན་འགྱུར་གནང་མཁན་གྱི་ཏྲེ་ཧོར་མི་སྣ་ཁག་གཅིག་ལ་ཁ་བཏགས་དཀར་བོའི་ལེགས་སྐྱེས་དང་། དེ་བཞིན་བཀའ་ཁྲི་མཆོག་གིས་དེབ་འདིར་སྔ་ཕྱི་བར་གསུམ་དུ་ཞུ་དག་དང་དག་སྒྲིག་གནང་མཁན་བོད་མི་མང་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང་ཕྱག་རོགས་རྣམ་གཉིས་ལ་ཐུགས་རྗེ་ལེགས་གསོའི་ཁ་བཏགས་འབུལ་བཞེས་གནང་སོང།

མདོ་ཁམས་ཏྲེ་ཧོར་སྤྱི་མགྲིན་ནས་པར་སྐྲུན་འགྲེམས་སྤེལ་བྱས་པའི་༼ཞི་རྒོལ་ཆེན་མོ། རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས་༽ཞེས་པའི་དཔེ་དེབ་འདིའི་ནང་བོད་ཆོལ་གསུམ་གྱི་ཞི་བའི་འོས་ལངས་ཀྱི་བྱུང་ཡུལ་ཁག་གི་ས་གནས་ངོ་སྤྲོད་དང་འབྲེལ་ཏྲེ་ཧོར་ཁུལ་དུ་ཞི་བའི་འོས་ལངས་བྱུང་རིམ་ཞིབ་བཤད། ཏྲེ་ཧོར་ཁུལ་གྱི་གནད་ཡོད་མི་སྣ་འབུར་འཇོམས་ཀྱི་ངན་ཇུས་བཅས་ས་བཅད་དགུ་དང་། ཞི་རྒོལ་ཁྲོད་འཛུལ་ཞུགས་བྱས་པའི་ཆབ་སྲིད་བཙོན་པའི་ཁྲོད་ནས་ལག་སོན་རྒྱལ་གཅེས་དཔའ་བོ་དཔའ་མོའི་མཚན་གཞུང་། བོད་ཆོལ་གསུམ་གྱི་ས་ཁྲ་དང་དཀར་མཛེས་ཁུལ་གྱི་ས་ཁྲ། བྲག་མགོ་རྫོང་གི་ས་ཁྲ། རྟའུ་རྫོང་གི་ས་ཁྲ་བཅས་དང་། དྲག་གནོན་འོག་དམར་གསོད་དང་རྐྱེན་འདས་སུ་བཏང་བ་ཁག་ཅིག་གི་སྐུ་པར་སོགས་བཀོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༤ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༥ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 17

  1. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    good good ok

    Reply
  2. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 16 སྔོན།

    དོན་དངོས་ཀྱི་བྱུང་བ་རྣམས་ཡིག་ཐོག་ཏུ་ཕབ་པ་བཟང་། བཀྲ་ཤིས་བདེ་ལེགས།

    Reply
  3. Khamrin says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས

    Reply
  4. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 16 སྔོན།

    རིན་ཐང་ལྡན་ཞིང་།
    གཟི་འོད་འབར་བའི་ལོ་རྒྱུས་འདི་ལྟར་ཉར་ཚགས་དང་ཕྱོགས་སྒྲིག་གིས་
    འཛམ་གླིང་གི་ངོས་འདིར་དྲན་ཐོར་བཞག་པ་ཡིད་རངས་དང་།

    གཞིས་བཞུགས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་སེམས་བསམ་པའི་གཏིང་ནས་གདུང་སེམས་མཉམ་བསྐྱེད་དང་
    མྱ་ངན་དྲན་གསོ་ཞུ་བཞིན་ཡོད།

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    རྡ་སའི་ཏྲེ་ཧོར་སྐྱིད་སྡུག་དང་དགེ་བེ་རི་འཇིག་མེད་རྣམས་ལ་ཐུགས་རྗེ་ཆེ་ཞུ།དེ་ལྟ་བུའི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་ཐུབ་པར་དགའ་འོས་པ་ཞིག་རེད།
    དེབ་དེ་མགྱོགས་པོ་བལྟ་རྒྱུ་རེག་པའི་རེ་བ་ཡོད།

    Reply
  6. ནགས་མེ། says:
    ལོ་ 16 སྔོན།

    ཏྲེ་ཧོར་བ་ཚོས་ཡག་ཐག་ཆོད་བཀོད་འདུག མགོ་མཇུག་ཡོད་པ་བཀོད་འདུག བོད་སྤྱི་ཕན་གྱི་ལས་ཀ་རེད། འོན་ཏེ། མཇུག་ཕྱོགས་སུ་བཀོད་པའི་བོད་ཀྱི་ས་ཁྲ་དེར༼ བོད་ཆོལ་ཁ་གསུམ་གྱི་ས་ཁྲ ༽ཞེས་བྲིས་འདུག་པ་དེ་ལས་ཀྱང ༼ བོད་ཀྱི་ས་ཁྲ ༽ ཞེས་བྲིས་ན་ལྡབ་འགྱུར་གྱིས་ལེགས་པ་མཐོང་། ང་ཚོས་ཆོལ་ཁ་ཞེས་པའི་ཚིག་འདི་རྩལ་འདོན་བྱ་དགོས་དོན་མེད་ལ་བོད་ཅེས་བོས་ཡོང་དུས་ནས་ཆོལ་གསུམ་ཡོངས་བོས་ཟིན་པ་རེད། ངའི་བསམ་ཚུལ་ནི་ཆོལ་ཁ་ཞེས་པའི་ཚིག་འདི་ཅི་ཙམ་གྱིས་བེད་སྤྱོད་ཉུང་བ་བྱས་ན་བོད་སྤྱི་ལ་དགེ་ཕན་ཡོད་པ་མཐོང་གི་ཡོད།

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    གཔག་་་་་དཔག་་་་་་འདོ་་་་་འདི་་་་་ལ་བཅོས་་་་་

    Reply
  8. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ངོ་མ་རྟེན་འབྲེལ་ཞུ་་་དགའ་འོས་་བ་ཞིག་རེད་་་་་་་་བསམ་ཚུལ་ཞིག་ཞུ་ན་འདོད་་་་དེབ་དེ་ཕར་བལྟས་ཚོད་གྱི་རྣ་བར་ཞེ་དྲགས་འགྲོ་བོ་མ་བྱུང་་་་ངེས་ཟེར་ན་་དེབ་མཐུས་གཙང་རིན་གོང་ཆུང་ངུ་ཞིག་འདོད་་རྒྱུ་མཚན་་་་་མཐོ་དམན་བར་གསུམ་གྱི་ཀློག་ཐུབ་རྒྱུ་རེད་་་་་་ཕར་བལྟས་ཚོད་ལ་དེབ་དེ་རིན་གོང་ཆེ་བར་འདོད་་་འོན་ཀྱང་ཚོད་གཔག་ཙམ་རེད་་་་་་ཕྲན་ནས་དེབ་དེ་མཐོང་བ་དང་ཀློག་འདོད་ཤིན་ཏུ་བྱུང་་འོན་ཀྱང་བཀའ་ཁྲིའི་ཕྱག་ཏུ་བརྣབས་པའི་དེབ་དེའི་བཟོ་དབྱིབས་་་སྤུས་ལེགས་འདོ་འདྲ་ཞིག་གི་རིན་གོང་ལ་བསམ་ནས་་་དེབ་དེ་བླུ་བས་རེ་ཐག་ཆད་ཐ་ཡ་་་ཧ་ཧ་ཧ་ངོ་མ་ཡིན

    Reply
  9. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཏྲེ་ཧོར་སྐྱིད་སྡུག་ཚོགས་པར་ཐུགས་རྗེ་ཆེ་ཞུ། དཔེ་དེབ་དེ་གང་ཞིག་ནས་ཇི་ལྟར་རག་གི་རེད།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གཞན་མ་གཏོགས་རྣམ་ཤེས་དེ་ཚོ་སྙིང་རྗེ་ཨ་་་་་་་་་་་་་་།།།།།།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གོང་གི་པར་འདིར་ལྟས་ན་བེ་རི་འཇིགས་མེད་འདི་འདྲེ་དངོས་གནས་ཡིན་པ་འདྲ། མ་རེད་དམ། 2008གྱི་དཔའ་བོའི་རྣམ་ཤེས་ཆ་ཚང་མ་བདེ་གཟིགས་སུ་བཀོད་ནས་བཀའ་བློན་ཁྲི་པའི་ཕྱག་ཏུ་ཕུལ་མཁན་དེ། འདྲེ་མིན་ན་ག་རེ་རེད་ཨ། གསུངས་དང་།

    Reply
  12. karma dorje says:
    ལོ་ 16 སྔོན།

    ལོ་རྒྱུས་དྲོ་མོ་དེབ་གཟུགས་སུ་གསར་ཐོན་བྱུང་བར་དགའ་སྒོམ་དང་། ཨ་ཙི་དྲ་རྒྱའི་ནང་ལ་ཀློག་ཆོག་ཆོག་ཡོད་ན་དགའ་བ་ལགས།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཡང་ཅིག་ཆད་འདུག་པས་ཀློག་པ་པོ་སོ་སོས་ཡང་ཞེས་པ་ག་ནས་ཆད་པ་ཤེས་པ་རོགས།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཏྲེ་ཧོར་ཁམས་པའི་མི་རེད། སྲིད་པ་ཆགས་པའི་རྡོ་རེད།
    བེ་རི་འཇིགས་མེད་འདྲེ་རེད། འདྲེ་ཡིས་བྱས་སྟངས་གཟིགས་དང་།

    ལྷ་དང་འདྲེ་ཡི་ཁྱད་པར། ཡུན་རིང་འགྲོགས་ན་ཤེས་ཡོང་།
    གསེར་དང་བྱེ་མའི་ཁྱད་པར། བསྲེག་བཅད་རྡར་ན་ཤེས་ཡོང་།

    དགྲ་གཉེན་གོ་ལྡོག་གི་བཙན་བྱོལ་སྤྱི་ཚོགས་ནང་དུ་འདྲེ་སྤྱི་འཐུས་བེ་རི་འཇིགས་མེད་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བོད་མི་རིགས་ཀྱི་ཆེད་དུ་རང་ཉིད་འདྲེ་རེད་ཟེར་མུ་མཐུད་ནས་ཕྱག་ལས་གནང་རོགས་ཞུ་རྒྱུ་ཡིན།

    Reply
  15. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད།

    Reply
  16. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    ལེགས་སོ་་་་་་་་་་ལེགས་སོ། དངོས་བྱུང་གི་ལོ་རྒྱུས་དེ་དག་ཡིག་ཐོག་ཏུ་བཀོད་པར་ངོ་མ་བཟང་གི།། བོད་ཡིག་ཙམ་མ་ཟད་དབྱིན་ཡིག་དུ་འཕབ་སྒྱུར་བྱ་ཐུབ་ན་དེ་བས་བཟང་གི།

    Reply
  17. ཁ་བ་སྐམ་པོ། says:
    ལོ་ 16 སྔོན།

    ལོ་རྒྱས་ངོ་མ་ཡིག་ཐོག་ལ་བཀོད་ན་བཟང་གི་རེད་དེ་བཟང་གི་བཟང་གི་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese