མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} རེ་དྲུག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་དང་ནུ་མོ་མཚོ་མོ་སྐྱིད་གཉིས་ལན་ཀྲུག་ནས་བོད་ཡུལ་གྱི་ས་ཁུལ་གོར་མོ་བར་དུ་འགྲོ་བའི་རླངས་འཁོར་ནང་དུ་བུད་དེ། མེ་འཁོར་ནང་ནས་བློ་བཟང་གི་སེམས་ནང་དུ་སྐྱོ་གདུང་ཞིག་སླེབས་པ་ནི། བོད་ཡུལ་ལ་འགྲོ་བའི་མེ་འཁོར་འདིའི་ནང་དུ་བོད་རིགས་ཁོ་གཉིས་ལས་གཏན་དུ་མཐོང་ཡུལ་དུ་མེད་པ་དེ་ཡིན་པ་དང་། མེ་འཁོར་ནང་གི་གཉེན་རྟོག་མི་སྣ་དག་གིས་ཀྱང་མི་གྲངས་ལག་ཁྱེར་ཡོད་མེད་ལ་ཞིབ་གཤེར་གནང་གི་ཡོད་པ་མ་ཟད། ཁོ་རང་ལ་ཁྱེད་རང་གང་ནས་ཡིན་ཟེར་བ་དང་འབྲེལ་མི་གྲངས་ལག་ཁྱེར་སྟོན་ཟེར་ནས་བཤད་དུས། བློ་བཟང་གིས་རང་ཉིད་ལ་གསར་དུ་ཐོབ་ནས་ཉིན་གྲངས་གཉིས་ལས་སོང་མེད་པའི་མི་གྲངས་ལག་ཁྱེར་དེ་བསྟན་དུས་སུ། ནུ་མོའི་མི་གྲངས་ལག་ཁྱེར་གང་དུ་ཡོད་ཅེས་དྲིས་དུས། བློ་བཟང་གིས། ཁོ་མོ་ད་དུང་ལོ་ན་ཆུང་བའི་མི་གྲགས་ལག་ཁྱེར་མེད་པའི་སྐོར་བཤད་དུས། ཁོང་ཚོས་དེས་ན་ཁོ་མོ་ལ་མེ་འཁོར་འཛིན་བྱང་ཉོས་ཡོད་དམ་ཟེར་ནས་དྲིས་དུས། བློ་བཟང་གིས་བྱིས་པའི་མེ་འཁོར་འཛིན་བྱང་ཉོས་ཡོད་པ་དེ་བསྟན་དུས་སུ། དེ་ནི་ལོ་ན་བརྒྱད་ཀྱི་མར་འདབས་ནས་བརྩི་བཞིན་ཡོད་པ་དང་བུ་མོ་འདི་ལ་ཕར་བལྟས་ཚོད་ཀྱི་ལོ་ན་བརྒྱད་ལས་བརྒལ་བ་ལྟ་བུ་ཞིག་མཐོང་གི་འདུག་ཟེར་བ་དང་གཟུགས་ཀྱི་རིང་ཐུང་ཚད་དགོས་ཀྱི་ཡོད་པ་རེད་ཟེར་ནས་ཁོ་གཉིས་ཁྲིད་དེ་སོང་ནས་གཟུགས་པོའི་རིང་ཚད་ལས་བརྒལ་འདུག་ཟེར་ནས་བློ་བཟང་ལ་འཛིན་བྱང་ཁ་ཚང་ཞིག་ཉོ་དགོས་པར་བཤད་དེ། དེ་ག་རང་ནས་ལག་འཛིན་འཛིན་བྱང་གཏོང་སའི་འཕྲུལ་ཆས་དེ་ལས་འཛིན་བྱང་ཞིག་ཁོ་ལ་སྤྲད་དེ་དངུལ་འཁྱེར་ཤོག་ཞེས་བཤད་དུས། བློ་བཟང་གིས་མི་དེ་དག་ལ་གནས་ལུགས་བཤད་ས་མེད་པ་ཤེས་ནས་སྒོར་ཁུག་ཕྱིར་ཐོན་ནས་སྒོར་མོ་སྤྲད།

ཕྱིར་ཉིན་ཉིན་གོང་ཕར་བརྒྱབ་ཙམ་ཞིག་ལ་ཁོ་གཉིས་གོར་མོ་རུ་འབྱོར་མ་ཐག བློ་བཟང་གིས་ནུ་མོ་ལ་ངེད་གཉིས་འདི་ནས་ལྷ་སར་འགྲོ་བའི་རླངས་འཁོར་ཞིག་འཚོལ་དགོས་ཀྱི་ཡོད་པ་རེད་ལ། འགྲོ་རོགས་བོད་མི་རེ་རེག་ན་ཡག་པོ་ཡོད་པ་རེད་ཟེར་ནས་བཤད་དུས། ནུ་མོ་མཚོ་མོ་སྐྱིད་ཀྱིས་རང་གི་ཕུ་བོས་བཤད་པ་དེར་མགོ་བོ་སྒུར་ནས་ལན་ཞིག་འདེབས་པ་ལས། ཕུ་བོ་བློ་བཟང་གིས་གང་བཤད་ལ་ཉན་ནས་བསྡད་ཡོད་པ་མ་ཟད། ཁོ་མོ་རྒྱང་རིང་ཞིག་ནས་འདི་ལྟར་མིག་ཆུ་ཞིག་གཏོང་དགོས་པ་ཆགས་རྒྱུར་གཏན་ནས་ཡིད་དུ་ཡང་ཤར་མེད་པ་རེད།

བློ་བཟང་གིས་ནུ་མོ་མཚོ་མོ་སྐྱིད་ལ། ཕར་ཕྱོགས་དེ་ནས་འགྲོ་བཞིན་པའི་གྲྭ་བ་ཁ་ཤས་ཤིག་བསྟན་ནས། རྒྱུགས། ཕར་ཕྱོགས་གན་ན་ཨ་ཁུ་ཁ་ཤས་ཤིག་འགྲོ་བཞིན་ཡོད་པ་དེ་དག་ལ་སོང་ནས་སྐད་ཆ་ཞིག་དྲིས་དེ་ཕྱིར་ཤོག ཕུ་བོས་འདི་ནས་ཅ་ལག་སྲུང་དེ་ཁྱེད་རང་ལ་སྒུག་ནས་འདུག་ཞེས་བཤད་མ་ཐག ནུ་མོ་མཚོ་མོ་སྐྱིད་དེ་མ་ཐག་ཨ་ཁུ་དེ་དག་གི་རྗེས་སུ་རྒྱུགས་དེ་བུད་སོང་ན་ཡང་། སྐར་མ་བཅོ་ལྔ་ཉི་ཤུ་ཞིག་འགོར་ན་ཡང་། ནུ་མོ་བསྟན་ནས་ཕྱིར་ཡོང་མེད་པར་ཆགས་དུས་སུ། བློ་བཟང་གིས་རང་གི་སེམས་པ་འཚབ་འཚུབ་དུ་གྱུར་ནས། ད་ག་རེ་བྱུང་བ་ཡིན་ནམ་སྙམ་ཞོར་ནུ་མོ་རྒྱུགས་འགྲོ་སའི་ཕྱོགས་སུ་བལྟ་ཞོར་དུ་བ་རྔུབ་འཐེན་བྱེད་བཞིན་སྙིང་ཆུང་དྲག་དུ་ལྡིང་བཞིན་བསམ་བློ་འདྲ་མིན་སྣ་ཚོགས་ཤིག་འཁོར་ནས་བསྡད་ཡོད་པའི་སྐབས་དེར། གོར་མོ་ནས་ལྷ་སར་འགྲོ་བའི་རླངས་འཁོར་ཁ་ལོ་བ་དེས་བློ་བཟང་ལ་ད་ང་ཚོ་འགྲོ་རན་སོང་། ནང་དུ་ཤོག འགྲོ་ཟེར་ནས་བཤད་དུས། བློ་བཟང་གིས་ཁ་ལོ་བ་ཁ་ཆེ་དེ་ལ་ཅུང་ཙམ་སྒུག་རོགས་གནོང་། ངས་ནུ་མོ་ཕར་ཕྱོགས་དེར་འགྲོ་སོང་། ད་ཕལ་ཆེར་སླེབས་གྲབས་ཡོད་ངེས་ཡིན། སྐུ་མཁྱེན་ཅུང་ཙམ་སྒུག་དང་། ང་རང་ཕར་ཕྱོགས་དེར་སོང་ནས་ཁྲིད་དེ་འོང་ཞེས་ཞུ་བ་འཐེན་དུས། ཁ་ལོ་བ་ཁ་ཆེ་དེ་ཡིས་ཡ་ དེས་ན་ཁྱེད་རང་མགྱོགས་པོ་ཤོག སྐར་མ་བཅུའི་ནང་དུ་མ་སླེབས་པ་ཡིན་ན་ང་ཚོ་འདི་ནས་བུད་འགྲོ་ངེས་ཡིན་ཞེས་བཤད
དེ་དུས་བློ་བཟང་གིས། ཁ་ལོ་བ་དེར། དེས་ན་འགྲིག་གི་རེད། གལ་སྲིད་ཁྱེད་ཅག་འགྲོ་དགོས་བྱུང་བ་ཡིན་ན་ནི། ང་རང་གི་ཅ་ལག་འདི་ཚོ་རླངས་འཁོར་ཕྱི་ལོག་ལ་བཏོན་སན་འདི་རུ་འཇོག་རོགས་ཞུ་ཟེར་ཞོར་རང་གི་ནུ་མོ་མཚོ་མོ་སྐྱིད་འགྲོ་ས་དེ་ཡི་ཕྱོགས་སུ་རྒྱུགས་དེ་སོང་བ་རེད།

བློ་བཟང་ཡར་རྒྱུགས་མར་རྒྱུགས་བྱས་པ་དང་ལམ་བར་ནས་མི་མང་བོ་ཞིག་ལ་སྐད་ཆ་དྲིས་ཀྱང་། མཐོང་སོང་ཟེར་མཁན་ཞིག་གཏན་ནས་མ་བྱུང་བའི་སྐབས་དེར་བློ་བཟང་གི་སེམས་གཏིང་ནས་སྐྱོ་བ་དྲགས་པོ་ཞིག་སྐྱེ་བའི་སྒང་ལ་བློ་འགྱོད་དང་ཁོང་ཁྲོ་གཅིག་གྱུར་དུ་རང་གིས་སྒང་ལ་སྐྱེ་ཞོར་དུ་ཕྱིར་རླངས་འཁོར་ཡོད་སའི་ཕྱོགས་སུ་མི་ཡོང་ཐབས་མེད་ཆགས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

སྐར་མ ༤༠ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

མཆན། 2

  1. sha tak ri sim says:
    ལོ་ 17 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། སྐུ་ཉིད་ཕེབས་པ་དགའ་ཡོད། མུ་མཐུད་དུ་ཕེབས་ཤོག

    Reply
  2. free sopu says:
    ལོ་ 17 སྔོན།

    བློ་བཟང་ང་ངོ་མ་ཁག་མི་འདུག་དེས་རྗེས་ལ་ཅི་བྱུང་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese