མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱམས་བརྩེ་ལྡན་པའི་མི་རབས་ཤིག་བསྐྲུན་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཕྲུ་གུ་འཚར་ལོངས་ཡོང་བཞིན་པའི་སྐབས་སུ་བྱམས་སྐྱོང་འཐུས་སྒོ་ཚང་བ་ཞིག་རག་པ་ཡིན་ན་རྗེས་སུ་ཕྲུ་གུ་དེ་མི་བཟང་པོ་ཞིག་ཆགས་ཐུབ་ཅེས་༧གོང་ས་མཆོག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་བཞེས་སྐབས་གསུངས་ཡོད།

ཟླ་འདིའི་ཕྱི་ཚེས་ ༡༨ ༧གོང་ས་མཆོག་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་དང་ལྩམ་ཧི་ལི་རེས་ཁི་ལེན་ཊོན་མཆོག་དང་མཇལ་འཕྲད་གནང་རྗེས། ཕྱི་ཚེས་ ༡༩ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་དམངས་གཙོ་ཐེབས་རྩ་ཁང་གིས་དམངས་གཙོ་མཛད་རྗེས་ཀྱི་གཟེངས་རྟགས་ཏེ་༧གོང་ས་མཆོག་ལ་ཕུལ་ཡོད་པ་དང་། ཟླ་འདིའི་ཚེས་ ༢༠ ཉིན་༧གོང་ས་མཆོག་ཨ་རིའི་གྲོང་ཁྱེར་ལོ་སིཨེན་ཇི་ལེ་སིའི་ནང་རྟེན་གཞི་བྱས་པའི་དྭ་ཕྲུག་གཅེས་སྐྱོང་ཁང་ Whole Child International   གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཉིན་དེར་མཛད་སྒོ་ཁག་གཉིས་ལ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཉིན་དེའི་སྔ་དྲོ་ཆུ་ཚོད་ ༢ རིང་བཞུགས་གནས་མགྲོན་ཁང་དུ་དྭ་ཕྲུག་གཅེས་སྐྱོང་ཚོགས་པའི་ཚོགས་མི་དང་དྭ་ཕྲུག་གཅེས་སྐྱོང་གནང་མཁན་གྱི་ཆེད་ལས་པ་རྣམས་དང་། དེ་བཞིན་སྤྱི་ཚོགས་ཕན་བདེ་དང་གཞན་ཕན་ཕྱག་ལས་གནང་མཁན་གྱི་མི་སྣ་ཁག་ཅིག་ལ་མཇལ་འཕྲད་དང་ལྷན་དུ་༼བྱམས་བརྩེའི་ཉམས་ལེན། མགོན་སྐྱབས་མེད་པའི་གོ་ལ་ཁྱོན་ཡོངས་ཀྱི་ཕྲུ་གྲུ་ཚོར་གཅེས་སྐྱོང༌༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས་དེར་ཡོད་མི་སྣ་རྣམས་ལ་བཀའ་སློབ་གནང་དོན།   ཕྲུ་གུ་ཚོ་འགྲོ་བ་མི་ཞིག་ཡིན་པས་ཁོང་ཚོར་ཡང་འགྲོ་བ་མིའི་ཐོབ་ཐང་ཡོད་ལ། མ་འོངས་པའི་སྤྱི་ཚོགས་ཡག་པོ་ཞིག་ཡོང་མིན་ཡང་མི་རབས་གསར་པ་དང་གཞོན་སྐྱེས་ཚོར་རག་ལས་ཡོད། གལ་ཏེ་ནང་སེམས་ཀྱི་རིན་ཐང་བྱམས་བརྩེ་དེ་མེད་པ་ཡིན་ན། མི་ཕན་ཚུན་བར་བཤུ་གཞོག་བྱེད་པ་སོགས་ཀྱི་ལས་བྱེད་ཀྱིན་ཡོད་སྟབས།  ང་ཚོའི་ནུས་ཤུགས་གཙོ་བོ་དེ་བྱམས་བརྩེ་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཐོག་སློབ་གསོ་རྒྱག་ཐབས་བྱ་དགོས། ང་ཚོའི་མི་རབས་རྗེས་མ་དེ་བྱམས་བརྩེ་ཅན་གྱི་མི་རབས་ཤིག་བསྐྲུན་དགོས་པ་རེད། གལ་ཏེ། ཕྲུ་གུ་འཚར་ལོངས་ཡོང་བཞིན་པའི་སྐབས་སུ་བྱམས་སྐྱོང་འཐུས་སྒོ་ཚང་བ་ཞིག་རག་པ་ཡིན་ན་རྗེས་སུ་ཕྲུ་གུ་དེ་མི་བཟང་པོ་ཞིག་ཆགས་ཐུབ་གི་རེད་ཅེས་བཀའ་སློབ་གནང་ཡོད་པ་དང་།  ཉིན་རྒྱབ་དུ་ྋགོང་ས་མཆོག་གིས་ཕྲུ་གུ་དང་འབྲེལ་བའི་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་རྟགས་  Whole Child International Humanitarian Award ཐོག་པ་དེ་བཞེས་གནང་ཡོད་པ་རེད།  

དེ་བཞིན། ཐེངས་འདིའི་༧གོང་ས་མཆོག་གིས་ཨ་རིའི་ནང་རླབས་ཆེན་གྱི་མཛད་འཕྲིན་ཁག་བསྐྱངས་བ་དང་ཆབས་ཅིག་ཨ་རིའི་སེ་ཨན་ཨན་བརྙན་འཕྲིན་གྱི་དུས་ཡུན་སྐར་མ་ ༤༥ རིང་གི་བགྲོ་གླེང་གི་ལེ་ཚན་ནང་ཆིབས་བསྒྱུར་བསྐྱངས་ཏེ། སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་སྐབས་ཀྱི་གནས་ཚུལ་དང་འབྲེལ་༧གོང་ས་མཆོག་གིས་དབུ་མའི་ལམ་དེས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་པའི་སྐོར་གྱི་བཀའ་མོལ་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 18

  1. གངས་ཕྲུག says:
    ལོ་ 16 སྔོན།

    གོང་ས་མཆོག་གི་བཀའ་སློབ་ཞིག་དུ་ང་རྒྱལ་བ་རིན་པོ་ཆེན་ཡང་དགེ་རྒན་གྱི་རྟ་ལྕག་འོག་ཏུ་མཚར་ལོངས་བྱུང་བ་རེད་མ་གཏོགས་རྟོག་པ་སྔོན་སོང་རེད་ཟེར་ནས་བཞག་བཞག་པ་དེ་འདྲ་མ་རེད་འདི་ཤེས་དགོས་པ་རེད། ཅེས་གསུངས་ཡོད།

    Reply
  2. སྤང་མདའ་སྟོབས་རྒྱས། says:
    ལོ་ 16 སྔོན།

    སྐྱབས་སུ་མཆི།
    གངས་རི་ར་བའི་སྐོར་བའི་ཞིང་ཁམས་ནས། །ཕན་དང་བདེ་བར་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐར་བར་དུ་བརྟན་གྱུར་ཅིག །

    Reply
  3. གྲྭ་རྒོད says:
    ལོ་ 16 སྔོན།

    བོད་ནང་གི་དབའ་བོ་དབའ་མོ་ཚོས་ཆེད་དུ་བོད་རང་བཙན་ཤེས་འོས་འཕེན་རོགས་ཟེར་བ་དེ་ངོ་མ་བཤད་ན་རང་སྐྱོན་མ་ཤེས་པའི་གླེན་རྟགས་ཁོ་ན་ཞིག་རེད།གང་ཡིན་ཟེར་ན་བོད་ས་ཡོངས་ནས་རང་དབང་ཆེད་ཡར་ལིང་བྱེད་སྐབས་འབོད་ཚིག་བེད་སྤྱོད་བྱེད་སྟིང་ཐོག་རང་བཙན་སྒྲོག་ཡོད་ཀྱང་དོན་ངོ་མ་དེ་གོང་ས་མཆོག་གི་གསུང་བའི་དབུ་མའི་ལམ་གི་ལིང་ཕྱོགས་ཡིན་པ་ར་སྤྲོད་ཐོབ་ཐུབ།བཙན་བྱོལ་གཞུང་གི་ངོས་ནས་གསལ་བསྒྲགས་གི་མ་འདང་བའི་ལམ་ནས་བྱུང་བ་ཞིག་རེད།བོད་ནང་གི་བོད་པ་ཡོངས་སུ་རྫོགས་པ་དབུ་མའི་ལམ་གི་ཐོག་འདོད་པ་ཡོད་རེད་ཟེར་ནས་བཤད་ཐུབ།

    Reply
  4. གྲྭ་རྒོད says:
    ལོ་ 16 སྔོན།

    དབུ་མའི་ལམ་གི་ཐོག་ལ་རྡོག་རྩ་གཅིག་བྱེད་ཐུབ་ན་ཤུན་ཏུ་ལེགས།རང་གི་མི་རིགས་འདི་རྡོག་རྩ་གཅིག་གི་ལམ་ནས་ཤེས་ཡོན་ཡར་ཐོན་ཡོངས་ཐུབ་ལ་འབད་པ་བྱེད་རྒྱུ་དེ་གཙོ་བོ་ནང་གི་གཙོ་བོ་རེད།

    Reply
  5. གྲྭ་རྒོད says:
    ལོ་ 16 སྔོན།

    ཧོར་བུ་ཡེ་ཤེས་ལགས།བོད་རང་བཙན་ནི་ད་ལྟ་ང་ཚོའི་རེག་ཀྱང་རང་གི་འཛིན་སྐྱོངས་ཆ་ཚང་བ་ཞིག་ཐུབ་དམ།ཤེས་ཚུལ་ཐོག་གང་འདྲ་ཞིག་ཡོད་མེད་དང་དཔལ་འབྱོར་ཐོག་གང་འདྲ་ཞིག་ཡོད་མེད་དེ་ཚོ་ཤེས་སམ།རང་བཙན་གྱི་རྒྱལ་ཁབ་ཞིག་ལ་གང་དང་གང་ཚང་དགོས་མིན་ཤེས་སམ།བོད་ལ་དེ་ལྟར་ཚང་གི་འདུག་གམ།དེ་ལས་དབུ་མའི་ལམ་གི་ཐུག་ལ་རྡོག་རྩ་གཅིག་བྱེད་ཐུབ་ན་ཤུན་ཏུ་ལགས།

    Reply
  6. སྟོབས་ says:
    ལོ་ 16 སྔོན།

    ཧོར་བུ་ཡེ་ཤེས་ལགས་ལ་ ཞུ་རྒྱུ་ཞིག་ལ་བོད་ཅེས་པ་ཏེ་སུས་རྟགས་མ་རྟགས་ལ་བྱོས་རྟོག་མེད་ཞེས་པའི་གོ་དོན་ཅི་རེད་འགྲེལ་བཤད་ཞིག་གནང་རོགས

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    གྲྭ་རྒོད་ལགས།བོད་རང་བཙན་མ་དགོས་ན།བོད་ཅེས་པ་དེ་སུས་རྟགས་དང་མ་རྟགས་ལ་བྱོས་རྟོག་མེད།དེ་ལས་ཀྲོང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁམས་ཟེར་ན་འགྲིག།

    Reply
  8. སྟོབས་ says:
    ལོ་ 16 སྔོན།

    བོད་རང་བཙན་ལ་འོས་འཕེན་རོགས་ཞེས་བཤད་ན་བློ་ཡིད་དུ་མ་ཤོང་བའི་སྐད་ཆ་ཞིག་རེད ། ཁ་བརྡ་དྲ་ཚིགས་ཀྱིས་གསལ་བྱེདཡག་པོ་ཞིག་བྱེད་རོགས་ཞུ

    Reply
  9. karma dorje says:
    ལོ་ 16 སྔོན།

    ད་ལྟའི་ཕྲུག་གུ་ཚོ་ནི་འབྱུང་འགྱུར་གྱི་མི་རབས་གསར་པའི་སོན་རྩ་རེད།
    སངས་རྒྱས་བཅོམ་ལྡན་འདས་ཀྱིས། མྱུ་གུ་ལ་གཅེས་སྤྲས་དགོས་ཀྱི། སྡོང་པོ་ལ་ནི་མ་ཡིན་ནོ། གསུངས་པ་བཞིན་དུ་༸གོང་ས་མཆོག་གི་ཐུགས་བཞད་དང་གཅིག་ཏུ་འདྲེས་པ་ལགས།

    Reply
  10. karma dorje says:
    ལོ་ 16 སྔོན།

    སི་ཨན་ཨན་བརྙན་འཕྲིན་མ་རེད། སྰི་ ཨེན་ཨེན་བརྙན་འཕྲིན་རེད།

    Reply
  11. རྐང་གསུམ། says:
    ལོ་ 16 སྔོན།

    བྱམས་བརྩེ་དང་བདེ་སྐྱིད་ཅིག་དགོས་ན་དྲིན་མ་ལོའི་པང་ནས་ཡོང་དགོས་པ་ཞིག་རེད།

    Reply
  12. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    དོན་གྱི་བདག་པོའི་བསླབ་བྱ་མང་མེད་ན་ཉུང་མེད་ཚོད་ཡིན་་་་་་་་ཕ་མ་ཚོའི་ཕྲུ་གུ་་སྐྱོང་མི་ཤེས་བ་མ་ཟད་བསླབ་བྱ་གནང་དེ་བས་མི་ཤེས། རྡུང་རྒྱུ་དང་དམོད་མོ་བྱེད་རྒྱུ་སོགས་ཅི་ཙམ་མང་ན་དེ་ཙམ་གྱི་ཕྲུ་གུ་སྐྱོངས་བ་དང་དབྱིན་ཡིག་ལ་སློབ་སྦྱོང་ཡག་པོ་བྱོས་དང་མ་འོང་བར་དེས་ཕན་ནི་རེད་ཕྱི་རྒྱལ་ལ་འགྲོ་དགོས་ཚུལ་སོགས་བསླབ་བྱ་སྟེ་ཆེས་གཟབ་ས་ཞིག་རེད།། ང་ཚོའི་ཕ་མ་དང་སློབ་དགེ་དག་གི་ཆེས་བསླབ་བྱ་གལ་ཆེན་ཞིག་རང་གི་བུ་རབ་ཚ་རྒྱུད་དག་ལ་གནང་ཡོད་ཁུལ་རེད་ད་ཧ་ཧ་ཧ་

    Reply
  13. གྲྭ་རྒོད says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་ལ་ཞུ་རྒྱུ།དྲི་བ།བོད་ཞེས་པའི་མིང་འདི་རྒྱལ་པོ་སུ་ཞིག་གི་རང་བཏག་པ་ཞིག་རེད་དམ།བོད་ཞེས་པ་འདི་ཇི་ལྟར་བཏགས་སམ།

    Reply
  14. གྲྭ་རྒོད says:
    ལོ་ 16 སྔོན།

    བོད་རང་བཙན་ནི་ལོ་རྒྱས་ཐོག་བདེན་པ་ཞིག་ཡིན་ཡང་ད་ལྟས་བོད་གི་གནས་བབས་ལ་ཞིག་ན་ཡོང་ཐུབ་མེད་པ་ཞིག་རེད་བསམ་གི་འདུག་༧གོང་ས་མཆོག་གི་གསུང་བའི་དབུ་མའི་ལམ་འདི་ང་ཚོ་བོད་པ་ཚང་གི་གནས་བབས་དང་བསྟུན་ནས་གསུང་བ་ཞིག་རེད་ལ་ལག་ལེན་ཡང་ཐུབ་པ་ཞིག་རེད་བསམ་གི་ཡོད།

    Reply
  15. གྲྭ་རྒོད says:
    ལོ་ 16 སྔོན།

    ༧གོང་ས་མཆོག་གི་གསུང་འདི་དག་ང་ཚོ་བོད་པ་ཚང་མའི་ལག་ལེན་བྱེད་ཐུབ་པ་ཞིག་ཡོངས་ཐུབ་བྱེད་དགོས་རེད་ལ་དེ་ཡང་གཞུང་རྒེར་གཉིས་ནས་འབད་པ་བྱེད་རྒྱུ་གལ་ཆེན་རེད།

    Reply
  16. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    ང་ཚོའི་ཕ་མ་དང་དགེ་རྒན་ཚོས་ཀྱང་ང་ཚོ་བོད་ཕྲུ་གུ་རྣམས་བརྡུང་རྒྱུ་མཚམས་བཞག་པ་ཙམ་མིན་པར་བདག་ཅག་བྱིས་པའི་བློ་དང་འཚམས་པའི་བསླབ་བྱ་སྤྲོད་པའི་སྒོ་ནས་བསྐྱང་ཐུབ་ན་དགེ་མཚན་ཆེ་བ་ལ།
    ང་ཚོའི་སྤྱི་ཚོགས་ག་དུས་ཡིན་རུང་མགོ་ཡོད་ལ་མཇུག་གུ་མེད་པ་འདིས་ཡིད་སྐྱོ་གི།

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དུས་བབ་ནང་གི་དྲ་གྲོགས་ཚང་མ་ཁ་བརྡའི་ནང་དུ་བོད་རང་བཙན་གྱི་ཆེན་དུ་འོས་ཤོག་བླུགས་པར་ཕེབས་རོགས། དྲ་ཐག་འདི་ཡིན།
    http://www.khabdha.org/?p=6688&cpage=1#comment-23383

    དྲ་གྲོགས་ཚོ། མགྱོགས་པོར་འོས་བླུགས་པར་ཕེབས་རོགས། གོང་གི་དྲ་ཐག་ནང་དུ་དྲ་ཤར་གསུམ་ཡོད་པའི་དཀྱིལ་མ་དེ་ལས་དབྱིན་ཡིག་གི་Quick Vote ཞེས་པ་ལས་yes སྟེང་གནོན་དགོས་པ་ཡིན།
    རྒྱ་གར་གྱི་ཉིན་གུང་དུས་ཚོད་༡།༤༥་ཐོག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆའི་༩་དང་། ཁ་གཏད་བརྒྱ་ཆའི་༩༡་རེད་འདུག འགྱོགས་པོར་འོས་བླུགས་པར་ཕེབས་རོགས། ཕན་ཚུན་ལ་བརྡ་ལན་སྤྲོད་རོགས།

    Reply
  18. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 16 སྔོན།

    བདེ་སྐྱིད་དང་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་འདོད་ན།་ཆུང་བྱིས་པ་ཚོར་ནང་སེམས་ཀྱི་རིན་ཐན་བྱམས་བརྩེ་འཐུས་སྒོ་ཚང་པ་ཞིག་རག་ཐབས་ལ་འབད་དགོས་པའི་རླབས་ཆེན་གྱི་བཀའ་སློབ་གནང་འདུག་པས་སྐྱབས་སུ་མཆི་རྒྱལ་བ་དོན་གྱི་བདག་པོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese