མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་གཞུང་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་རྗེས་དྲན་ཞུས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་བོད་ཆབ་སྲིད་དང་འབྲེལ་བའི་གདོང་ལེན་མཛད་ཕྱོགས་དང་། ལྷག་པར་དགའ་ལྡན་ཕོ་བྲང་ཚགས་ཚུད་དང་རང་བཙན་གཙང་མ་གསལ་བཤད། ཁྱིམ་མཚེས་རྒྱལ་ཁབ་དང་གཞི་རིམ་གྱི་འབྲེལ་བ་མཉམ་ལས་བྱས་པའི་རླབས་ཆེན་གྱི་མཛད་རྗེས་ལ་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཟེར།

 

དེ་རིང་སྟེ་ཕྱི་ཚེས་ ༢༥ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་བའི་སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་ལོ་ ༡༠༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་ལྷན་ཁང་ཁག་བདུན་གྱི་བཀའ་བློན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་གཞུང་ཞབས་ལས་བྱེད་དང་སེར་སྐྱ་མང་ཚོགས་སོགས་འདུ་འཛོམས་བྱུང་ཡོད།

མཛད་སྒོའི་ཐོག་བཀའ་ཁྲི་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན། དེ་རིང་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ ༡༩༡༠ ལོར་རྒྱ་ནག་མན་ཇུའི་དམག་གིས་བོད་ལ་ཁྲིམས་འགལ་གྱི་བཙན་འཛུལ་དང་བརྡབ་གསིག་བྱས་མཐར། རྒྱ་གར་ནང་བཙན་ཡོལ་ཏུ་ཕེབས་ནས་ལོ་ ༡༠༠ འཁོར་བའི་རྗེས་དྲན་སྲུང་གཙི་བྱ་ཆེད་ང་ཚོ་འདིར་འཛོམས་ཡོད་སྟབས། བཙན་བྱོལ་བོད་གཞུང་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ངོས་ནས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་། ཁོང་གི་སྐུའི་རིང་གི་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་དང་འབྲེལ་བའི་སྐུ་ངལ་དང་གདོང་ལེན་མཛད་ཕྱོགས། ལྷག་པར་དགའ་ལྡན་ཕོ་བྲང་གི་གཞུང་དེས་ཚགས་ཚུད་དང་རང་བཙན་གཙང་མ། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་གཞི་རིམ་གྱི་འབྲེལ་བ་སོགས་མཉམ་ལས་བྱས་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་རྗེས་དྲན་གུས་འདུད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།

དགའ་ལྡན་ཕོ་བྲང་གི་མངའ་ཐང་ཉམས་དམས་སུ་སོང་བའི་སྐབས་ཤིག་ཏུ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ ༡༨༩༥ ལོར་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་། ཧ་ལམ་རྒྱལ་མཆོག་ལྔ་པ་ཆེན་པོས་ཐུགས་ཀྱི་ཕྱག་གནང་ལྟར་འགྲུབ་པའི་བོད་གཞུང་གི་ཆབ་སྲིད་ཀྱི་མངའ་ཐང་དང་། ཕྱག་ལས་གང་ཅིའི་ཐོག་རླབས་ཆེན་གྱི་མཛད་པ་བསྐྱངས་ཡོད། ཡིན་ནའང་།  ༡༩༠༤ ལོར་དབྱིན་ཇིའི་གོང་མས་བཙན་འཛུལ་དང་། ༡༩༡༠ ལོར་མན་ཇུའི་དམག་གིས་བཙན་འཛུལ་འོག་ཁོང་ཉིད་རྒྱ་ནག་དང་རྒྱ་གར་ནང་བཙན་བྱོལ་ཏུ་ཕེབས་དགོས་པའི་གནས་ཚུལ་བྱུང་བ་རེད། རྒྱ་གར་ནང་བཙན་བྱོལ་ཏུ་ཕེབས་རྗེས་སུའང་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། དེ་བཞིན་རྒྱ་གར་དབྱིན་གཞུང་དང་རྒྱ་ནག་དབུས་བར་གྱི་འབྲེལ་ལམ་བསྐྱར་གསོ་སོགས་ ༡༩༡༢ ལོ་ནས་ ༡༩༥༡ ལོའི་བར་ས་ཁྱོན་གྱི་ཆ་ནས་ཆོལ་ཁ་གསུམ་ཁྱོན་ཡོངས་དབང་བསྒྱུར་མ་ཐུབ་པ་ཡིན་ནའང་། ས་ཁྱོན་ཕྱེད་ཙམ་གྱི་ཐོག་དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་བྱས་པའི་ཆབ་དཔལ་རིག་གསུམ་སོགས་ཕུན་སུམ་ཚོགས་པ་ཞིག་བྱུང་བ་དང་། ལྷག་པར་དུ་རྒྱལ་དབང་ལྔ་བའི་བོད་གཞུང་གི་ཆབ་སྲིད་ཀྱི་འགན་ཏེ་སྐུ་ཕྲེང་བཅུ་གསུམ་པའི་བཞེས་ཏེ།  ༡༩༡༢ ལོར་རྒྱ་དམར་མཐར་སྤྲོད་བཏང་རྗེས་བོད་རང་བཙན་གྱི་གནས་བབ་བསྐྱར་དུ་གསལ་བཤད་གནང་བ་སོགས་རླབས་ཆེན་གྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས་ཡོད་སྟབས། དེང་སང་འཛམ་གླིང་སྤྱི་སྲོལ་ལྟར་བྱུང་རབས་ལོ་རྒྱུས་ལྡན་པའི་གནས་ཚུལ་བྱུང་རིམ་ལ་ལོ་བརྒྱ་འཁོར་རྗེས་བསྐྱར་དུ་དུས་དྲན་སྲུང་གཙིའི་ལམ་སྲོལ་ཡོད་པ་ལྟར། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་གལ་གནད་ཆེ་བའི་བྱུང་རབས་འདིར་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་ལ། དེ་རིང་གི་དུས་དྲན་གྱི་མཛད་རིམ་འདི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྣ་ཚོགས་ཤིག་གི་སྟེང་ནས་སྲུང་གཙི་བྱས་ཡོད།  

ལོ་རྒྱུས་དེབ་ཐེར་ནང་ཚེས་གྲངས་འདྲ་མིན་བཀོད་ཡོད་ནའང་ལོ་འདིིའི་དེ་རིང་གི་ཉིན་མོ་འདི་ནས་བཟུང་རྒྱ་གར་གྱི་བཀའ་བློན་སྤུག་དང་བདེ་སྐྱིད་གླིང་། ཀ་ལི་ཀ་ཏ་སོགས་སྐུ་ཕྲེང་བཅུ་གསུམ་པ་བཞུགས་ཡུལ་གྱི་ས་ཁུལ་ཁག་ཅིག་ཏུའང་དུས་དྲན་སྲུང་གཙི་བྱ་རྒྱུའི་བང་བསྒྲིགས་ཡོད། དེ་བཞིན་མ་འོངས་པར་བལྟས་ན་ ༢༠༡༢ ལོར་སྐུ་ཕྲེང་བཅུ་གསུམ་པ་མཆོག་བཙན་བྱོལ་ནས་རང་གི་སྐྱོང་ཡུལ་རྒྱལ་ཁབ་ཏུ་ཕྱིར་ལོག་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་འཁེལ་ཡོད་སྟབས། སྐབས་དེར། གཅིག་བྱས་ན་བོད་དོན་བདེན་མཐའ་གསལ་བ་དང་གཞིས་བྱེས་མཉམ་འཛོམས་བྱུང་བར་རེ་བ་དང་སྨོན་ལམ་རྒྱག་ངེས་པ་ཞིག་དང་རྒྱག་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། བོད་གཞུང་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ནས་ལྷག་བསམ་སྨྲ་མེད་ཀྱི་ངང་ནས་སྲུང་གཙི་བྱ་རྒྱུའི་རེ་འདུན་ཞུ་བ་ཡིན། ཞེས་གསུངས་བྱུང།  

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་རྣམ་དང་འབྲེལ་གསུངས་དོན།   རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས། ཆོས་སྲིད་གཉིས་ཀའི་མཛད་འཕྲིན་རྒྱས་པའི་བཀའ་དྲིན་ལས་བོད་ཅེས་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གནས་ཐུབ་པ་མ་ཟད།  བོད་གངས་ཅན་གྱི་སྐྱེ་འགྲོ་ཡོངས་ཀྱིས་ཆོས་འབྱོར་བདེ་སྐྱིད་ལ་རོལ་ཐུབ་པ་བྱུང་ཞིང་།  ཆབ་སྲིད་ཀྱི་འགན་བཞེས་སྐབས་བོད་དེ་རུ་སུ་ཛར་གོང་མ་དང་རྒྱ་གར་དབྱིན་ཇིའི་གཞུང་། རྒྱ་ནག་བཅས་ཀྱིས་རྩེད་བཞིན་པའི་འཁོར་ལོ་ཆེན་མོའི་ནང་ཚུད་ཡོད་སྟབས། རུ་སུའི་དབང་ཤུགས་སླེབས་དོགས་ཀྱིས་དབྱིན་ཇིའི་བོད་ནང་བཙན་འཛུལ་བྱས་ཏེ། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་པོ་དང་རྒྱ་ནག་ཏུ་བཙན་བྱོལ་ཏུ་ཕེབས་དགོས་བྱུང་ཚུལ་དང་།  མན་ཇུ་གོང་མའི་སྲིད་དབང་སྣུམ་ཟད་ལྟར་རྒུད་སྐབས། རྒྱ་ནག་གི་བློན་པོ་ཁག་ཅིག་དང་བོད་སྡོད་ཨམ་བན། དམག་དཔོན་གུའུ་ཅུན་བཅས་ཀྱིས་ལྐོག་བྱུས་དམར་རྗེན་དུ་ཐོན་ཏེ་བོད་ཤར་ཕྱོགས་ནས་ལྷ་སར་བཙན་འཛུལ་བྱས་མཐར། རྒྱ་གར་ནང་བཙན་བྱོལ་ཏུ་ཕེབས་དགོས་བྱུང་ཚུལ།  བཙན་བྱོལ་ཏུ་བཞུགས་སྐབས་སུ་སོག་པོ་དང་མན་ཇུ་གོང་མ་ཡུམ་སྲས། རྒྱ་ནག་ཏུ་ཡོད་པའི་དབྱིན་ཇི་དང་ཨ་རི། ཉི་ཧོང་། འཇར་མན་སོགས་ཀྱི་གཞུང་ཚབ་ལ་འབྲེལ་བ་བྱས་པ་སོགས་བོད་ཀྱི་ལོ་རྒྱུས་ཐོག་ཕྱིའི་རྒྱལ་ཁབ་དང་ཕྱི་འབྲེལ་སྲིད་བྱུས་གསལ་བོ་བཟུང་བ་ཐོག་མ་ཆགས་ཚུལ་སོགས་ཀྱི་མཛད་འཕྲིན་ཁག་དང་། དེ་བཞིན། སྐུ་ཕྲེང་བཅུ་གསུམ་པ་བཙན་བྱོལ་ཏུ་ཕེབས་དུས་ཀྱི་ཉམས་མྱོང་ལས་བོད་འདི་དེང་རབས་དང་མཐུན་པའི་འཛུགས་སྐྲུན་ཡར་རྒྱས་ཀྱི་གསར་གཏོད་མང་པོ་བྱས་ཡོད་པ་མ་ཟད། བོད་ཀྱི་སྔར་སྲོལ་རིག་གནས་སློབ་སྦྱོང་ལ་སྔར་ལས་དར་རྒྱས་དང་། ཕྱི་རྒྱལ་གྱི་སྐད་ཡིག་དང་རིག་འཕྲུལ་ལག་ཤེས་སོགས་ཀྱི་ཐད་སྐད་ཡིག་དང་གསོ་རིག་གི་སློབ་གྲྭ་གསར་འཛུགས་དང་། རྒྱ་གར་དང་དབྱིན་ཡུལ་སོགས་སུ་སློབ་སྦྱོང་ལ་མངགས་གཏོང་། ༡༩༡༢ ལོར་རྒྱ་ཁབ་སྲུང་སྐྱོབ་ཐད་བོད་ལྗོངས་དམག་སྤྱི་ཁང་གསར་འཛུགས་སོགས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་ཁག་ངོ་སྤྲོད་གནང་ཡོད།
མཐའ་མར་ཁོང་གིས། ད་ལྟ་ང་ཚོ་བཙན་བྱོལ་ཏུ་གནས་ཡོད་ཀྱང་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོས་སྔར་བྱུང་མ་མྱོང་བའི་མཛད་འཕྲིན་དང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་གཞིས་བྱེས་བོད་མི་ཡོངས་ཀྱིས་རང་ཁུར་རང་ལེན་བྱས་ཏེ་མ་ལན་མ་འགྱོད་པ་བྱ་རྒྱུ་དང་། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཞལ་གདམས་སེམས་བཅང་ཐོག་སྤང་བླངས་མ་འཛོལ་བ་བྱ་རྒྱུའི་རེ་སྐུལ་ཡང་གནང་ཡོད། 

འབྲེལ་ཡོད་གསར་འགྱུར།

Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

ཆུ་ཚོད་ ༤ སྔོན་ལ།
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༥ སྔོན་ལ།
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

ཆུ་ཚོད་ ༦ སྔོན་ལ།
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཨོ་གླིང་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

༢༠༢༥/༠༧/༣༠
འབའ་རྫོང་དུ་འཚོགས་མུས་ཡིན་པའི་ཐུན་ཏེ་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།
Mobile App

བོད་ནང་འདུ་འཛོམས་དམ་དྲག་བྱེད་ཀྱི་ཡོད་པ་དང་བསྟུན་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་།

༢༠༢༥/༠༧/༣༠

མཆན། 11

  1. གཉོམ་ཆུང་། says:
    ལོ་ 15 སྔོན།

    རྗེས་དྲན་བྱས་འཚོགས་དོན་འདི་ང་ཚོའི་རང་སྐྱོན་ངོས་ལེན་བྱེད་ཕྱིར་ཏུ་འེ་ཡིན་ནམ།་་་དེ་མིན་ཡང་སྐྱལ་སྐུ་གྲགས་ལམ་ལུགས་རྒྱུན་སྐྱོངས་ཀྱི་ཡིན་པེ།་་ང་ཚོའི་འདས་བའི་ལོ་རྒྱས་ནག་པོ་འདི་སེམས་ལ་དྲན་ན་༸རྒྱལ་དབང་བཅུ་གསུམ་པའི་མིང་བརྗོད་མི་ཐུབ་པ་ཞིག་ཆགས་ཡོད།་ཡིན་ན་ཡང་བླ་མ་རྒྱགས་པ་ཁ་ཤས་ཀྱི་ད་དུང་ཤེས་ཀྱི་མེད་པ་འདྲ།་

    Reply
  2. གཉོམ་ཆུང་། says:
    ལོ་ 15 སྔོན།

    གྲོགས་པོ་ལགས།་་༸རྒྱལ་དབང་སྐུ་འཕྲང་བཅུ་གསུམ་པ་རླབས་ཆེན་ཡིན་པ་ཤེས་ཚོད་དེ་ད་ང་ཚོ་མཁུ་སོང་བ་མ་རེ་འམ།

    Reply
  3. གཉོམ་ཆུང་། says:
    ལོ་ 15 སྔོན།

    རེད་ཡ།་རྒྱལ་དབང་སྐུ་འཕྲང་བཅུ་གསུམ་པའི་སྐབས་སུ་ཡང་།་ང་ཚོ་ཁ་ནས་༸རྒྱལ་བ་རིན་པོ་ཆེ་ཟེར་མཁན་གྱི་བླ་མ་རྒྱགས་པ་ཚོ་གཙོར་བྱས་ནས།
    ང་ཚོ་རང་གཞན་ཚང་མའི་བོད་དོན་རྒྱབ་ལ་བཞག་ནས།་སྐུ་གྲགས་ལམ་ལུགས་ཀྱི་དབང་བསྒྱུར་བྱས་ནས་།་་༸གོང་ས་བཅུ་གསུམ་པའི་གསུང་སྒྲུབ་མེད་
    པ་མངོན་གསུམ་ཚད་པའི་སྒྲུབ་ཐུབ་གྱི་ཡོད།་་ང་ཚོའི་འདས་པའི་ལོ་རྒྱས་བཤད་ཡོང་ན་སེམས་སྐྱོ་བ་རང་རེད།་་རེད་ཡ་་མའོངས་པ་ཡང་
    ངའི་ཚོད་སྤགས་བྱས་ན་།་་བླ་མ་རྒྱགས་པ་ཚོའི་སྤྱོད་པ་ལ་ལྟོའི་དང་།་དངུལ་དང་བུ་མོ་མཛེས་མ་རེ་ཡོད་ན།་་༸གོང་ས་མཆོག་གི་གསུང་རྣམས་ཧཧཧཧ

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་གིས་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བའི་རྒྱུ་མཚན་བགྲངས་ནས་རྗེས་དྲན་ཞུས་པ་འདིས་མ་འོངས་པར་བོད་གཞུང་གི་འཐབ་རྩོད་ལངས་ཕྱོགས་ཀྱང་རང་བཙན་གྱི་ཕྱོགས་སུ་བསྒྱུར་རྒྱུའི་སྔ་རྟགས་རེད་ཟེར།་དེ་བདེན་པ་ཡིན་ནམ། འདི་ནི་ཉེ་ཆར་གྱི་བོད་ཀྱི་གྲོས་མོལ་སྐུ་ཚབ་ལ་རྒྱ་ནག་གིས་སྐད་ཆ་རྣ་བར་འགྲོ་བ་ཞིག་མ་བཤད་པའི་བརྡ་ལན་སྤྲོད་པའམ་སྙིང་ནད་རྩོད་པ་རེད་ཟེར། ཁྱོད་ཚོར་དེའི་སྐོར་ནས་ཅིག་བཤད་རྒྱུ་་འདྲ་ཡོད་དམ།

    Reply
  5. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ་།
    རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རླབས་ཆེན་གྱི་མཛད་རྗེས་རིན་ཐང་ཅན་འཛམ་གླིང་སྤྱི་དང་ཁྱད་པར་བོད་བསིལ་ལྡན་ལྗོངས་སུ་བྱུང་བའི་བདེ་སྐྱིད་ཀྱི་གཞི་མ་ཉག་ཅིག་ཡིན་པས།
    རང་གཞན་ཀུན་གྱིས་དུས་གཏན་དུ་གུས་བཏུད་དང་རྗེས་དྲན་གྱིས་ཁོང་གི་ལམ་སྟོན་བཀའ་སློབ་ཁག་ལ་ཁྲ་ཆུང་མིག་བལྟས་དར་ལུང་རྣ་བས་ཉན་བློ་ཆུང་སེམས་ཀྱིས་བསམ་ནས་རྒྱལ་བ་ཁོང་གི་བཀའ་དགོངས་འགྲུབ་ཐབས་ལ་འབུངས་ཤོག།

    Reply
  6. ནད་པ says:
    ལོ་ 15 སྔོན།

    གངས་ཅན་བོད་ཀྱི་ཡུལ་ལ། །ལོ་རྒྱུས་མིན་འདུག་མ་གསུང་། །ཆོས་རྒྱལ་བོད་ཡུལ་ཆེན་པོ། །ལོ་རྒྱུས་མིན་ན་གང་ཡིན། །

    གངས་ཅན་བོད་ཀྱི་ཡུལ་དེ། །རང་བཙན་མ་རེད་མ་གསུང་། །སྐུ་འཕྲེང་བཅུ་གསུམ་སྐུ་རིང་། །རང་བཙན་མིན་ན་གང་ཡིན། །

    གངས་ཅན་ཆོལ་ཁ་གསུམ་ལ། །བོད་གཞུང་མིན་འདུག་མ་གསུང་། །བཞུགས་སྒར་གངས་ཅན་སྐྱིད་གཤོངས། །བོད་གཞུང་མིན་ན་གང་ཡིན། །

    གངས་ཅན་བོད་འབངས་ཡོངས་ལ། །ནོར་བུ་མིན་འདུག་མ་གསུང་། །༸ གོང་ས་ཡིད་བཞིན་ནོར་བུ། །ནོར་བུ་མིན་ན་གང་ཡིན། །

    གངས་ལྗོངས་ཆོལ་ཁ་གསུམ་ལ། །ཆིག་བསྒྲིལ་མིན་འདུག་མ་གསུང་། །ཉིས་སྟོང་བརྒྱད་ལོའི་ཞི་རྒོལ། །ཆིག་བསྒྲིལ་མིན་ན་གང་ཡིན། །

    གངས་ཅན་བོད་རིགས་ཡོངས་ལ། །མདུན་ལམ་མིན་འདུག་མ་གསུང་། །ཆོས་སྲིད་རིག་གཞུང་ཕ་སྐད། །མདུན་ལམ་མིན་ན་གང་ཡིན། །

    གངས་ཅན་ས་ཡ་དྲུག་ལ། །རྒྱལ་ཁབ་མིན་འདུག་མ་གསུང་། །གངས་ལྗོངས་ཆོལ་གསུམ་ས་ཁྱོན། །བོད་རྒྱལ་མིན་ན་གང་ཡིན། །

    འཛམ་གླིང་ས་གཞིའི་རིལ་མོར། །ཉི་མ་མི་འདུག་མ་གསུང་། །༸ བོད་ཀྱི་ཡིད་བཞིན་ནོར་བུ། །ཉི་མ་མིན་ན་གང་ཡིན། །

    འཛམ་གླིང་ཞི་བདེའི་དེད་དཔོན། །གངས་ཅན་ལྷ་གཅིག་པད་དཀར། །གསང་གསུམ་ཐུགས་ཀྱི་མཛད་འཕྲིན། །མཁའ་ལྟར་མཉམ་པར་གྱུར་ཅིག

    Reply
  7. སྟོབས་ says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས་ ཁྱེད་ཀྱི་དྲི་བ་ལན་འདེབས་བྱས་ཡོད་དེ་ལྟར་དུ་གཟིགས་རོགས་

    Reply
  8. སྟོབས་ says:
    ལོ་ 15 སྔོན།

    སྐབས་དེར་རྒྱ་ནག་མན་ཇུའི་དམག་བོད་ལ་ཐོན་ཚར་ཡོད་ན ། གལ་སྲིད་ཡོད་ན་བོད་ཀྱི་ས་ཚུགས་གང་ནས་བོད་ལ་བཙན་འཛུལ་དང་བརྡབ་གསིག་བྱེད་མགོ་བཙུགས་ཡོད་ན

    Reply
  9. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    རྟེན་འབྲེལ་ཞུ།།།བྱ་བ་བཟང་པོ་ཞིག་དང་ཕྱི་རབ་པ་ཚོའི་བྱེད་དགོས་ངེས་ཞིག་རེད
    བཀའ་དྲིན་ཆེ་་་་་་་་་་་་

    Reply
  10. སྒྱུ་མ says:
    ལོ་ 15 སྔོན།

    ༸གོང་ས་བཅུ་གསུམ་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་རླབས་ཆེན་གྱོ་དབུ་ཁྲིད་ཅིག་དང་། སྐུ་ཚེ་ཧྲིལ་པོ་བོད་ཀྱི་ཆེད་དུ་དཀའ་སྡུག་གིས་སྐྱེལ་བའི་སྐུ་ཚེ་ཞིག་དང་། ༸གོང་ས་བཅུ་བཞི་བའི་མཛད་པ་དང་གཅིག་མཐུན་དུ་གནས་པས། ང་ཚོ་བོད་མི་ཚོས་དུས་ནམ་ཡང་བརྗིད་མི་སྲིད།

    Reply
  11. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    ཤིན་ཏུ་བཀུར་འོས་སྤུན་ཟླ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས།
    རྗེས་དྲན་གྱི་ཚོགས་ཆེན་འདི་ལ་སྙིང་ནས་དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese