མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཅིག་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

དཀར་མཛེས་མི་དམངས་ཁྲིམས་ཁང་གིས་བོད་མི་གཅིག་ལ་ལོ་གཉིས་རྗེས་ནས་སྲོག་ཐོག་ གཏོང་རྒྱུ་དང་། གཞན་གཉིས་ལ་ཚེ་བཙོན་དང་ལོ་ ༡༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཕྱི་ཚེས་ ༢༦ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉེ་ཆར་རྒྱལ་ཁབ་ཁ་བྲལ་དང་། སྤྱི་བའི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག བོད་མི་པད་མ་ཡེ་ཤེས་ཞུ་བར་ལོ་གཉིས་རྗེས་སུ་སྲོག་ཐོག་ལ་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་དང་། དེ་བཞིན་བསོད་ནམས་མགོན་པོ་འབོད་པར་ཚེ་བཙོན་དང་། ཚེ་དབང་རྒྱ་མཚོ་ལ་ལོ་ ༡༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གོང་གསལ་ལྟེ་གནས་ཁང་གིས་སྤེལ་བ་ལྟར་ན། ༢༠༠༩ ལོའི་ཟླ་ ༢ པའི་ཚེས་ ༢༨ ཉིན་ཉག་རོང་རྫོང་ཐང་སྐྱིད་ཤང་གྲོང་བརྡལ་ནང་བོད་རང་བཙན་གྱི་སྦྱར་ཡིག་བཀྲམས་པ་དང་། ཐང་སྐྱིད་ཤང་སྲིད་གཞུང་གི་གཞུང་ལས་ཁང་ལ་མེ་སྐྱོན་བྱུང་ཡོད་པ་རེད། དོན་རྐྱེན་བྱུང་རྗེས་ཀྱི་ཟླ་ ༣ པའི་ཚེས་ ༡༡ ཉིན་ཉག་རོང་རྫོང་གི་སྤྱི་བདེ་ཉེན་རྟོག་པས་ཤང་སྲིད་གཞུང་གིས་དོན་རྐྱེན་དེ་དག་ལ་དོགས་གཞིའི་འོག་ནས་པད་མ་ཡེ་ཤེས་དང་། བསོད་ནམས་མགོན་པོ། ཚེ་དབང་རྒྱ་མཚོ་བཅས་རང་ཁྱིམ་ནས་འཇུ་བཟུང་གིས་བཙན་ཁྲིད་བྱས་ཏེ། ཟླ་ ༥ རིང་གར་སོང་ཆ་མེད་དུ་གྱུར་ཡོད། དེ་རྗེས་སི་ཁྲོན་གྱི་ཁྲིན་ཏུའུ་རུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག

༢༠༠༩ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཙམ་ལ་ཐང་སྐྱིད་ཤང་གི་ལས་བྱེད་ཚོས་མི་འདི་གསུམ་ལ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་ཚར་བའི་བརྡ་ལན་བསྐྱལ་ཡོད་འདུག

༢༠༠༩ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༧ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་པད་མ་ཡེ་ཤེས་ལ་ལོ་གཉིས་ངང་སྒུག་གི་སྲོག་ཐོག་ཁྲིམས་ཐག་བཅད་པ་དང་། བསོད་ནམས་མགོན་པོར་ཚེ་བཙོན། ཚེ་དབང་རྒྱ་མཚོར་ལོ་ ༡༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

པད་མ་ཡེ་ཤེས་ནི་ད་སྐབས་རང་ལོ་ ༢༩ དང་། ཕ་ཡུལ་ཉག་རོང་ཐང་སྐྱིད་ཤང་ཉི་ཟླ་གྲོང་ནས་རེད། ཚེ་དབང་རྒྱ་མཚོ་ནི་རང་ལོ་ ༣༣ དང་ཁོང་ནི་ཉག་རོང་རྫོང་ཐང་སྐྱིད་ཤང་སློབ་ཆུང་གི་མ་བྱན་རེད། བསོད་ནམས་མགོན་པོ་ནི་རང་ལོ་ ༢༥ དང་ཁོང་ཡང་ཉག་རོང་རྫོང་ཐང་སྐྱིད་ཞང་སློབ་ཆུང་གི་མ་བྱན་རེད།

ད་སྐབས་པད་མ་ཡེ་ཤེས་ནི་དར་རྩེ་མདོར་སྤྱི་བདེ་ལྟ་སྲུང་ཁང་དུ་མུ་མཐུད་བཀག་ཉར་བྱེད་བཞིན་ཡོད་པ་དང་། བསོད་ནམས་མགོན་པོ་དང་ཚེ་དབང་རྒྱ་མཚོ་གཉིས་སི་ཁྲོན་ཞིང་ཆེན་གྱི་སྡེ་ཡང་ས་ཁུལ་དུ་ཡོད་པའི་བཙོན་ཁང་ཞིག་ཏུ་བཅུག་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 46

  1. རྨ་ ཉག་ཕྲན། says:
    ལོ་ 15 སྔོན།

    གྲྭ་རྒོད་ལགས་ཁྱེད་འདི་ལྟར་ཤུ་དགོས་ན་ཤུ་ཐུབ་ས་རེད་དམ།

    Reply
  2. བཀྲ་ཤིས་ཟླ་བ། says:
    ལོ་ 15 སྔོན།

    རྒྱ་ནག་གིས་དུས་རྒྱུན་དུ་བཤད་རྒྱུ་ནི། རྒྱ་བོད་གཉིས་ཀྱི་རྙོག་སྒྲ་མིན་པར། ཏཱ་ལའི་བླ་མ་ཁོ་ནའི་སྐུ་དོན་ཡིན་པར་བཤད་ཀྱི་ཡོད། དེ་འདྲ་ཡིན་ན་བོད་མི་མང་པོར་བརྡུང་བརྡེག་དང་། སྲོག་ཐོག་ཏུ་བཏང་བ་སོགས་བྱས་དགོས་དོན་གང་ཡིན་ནམ།

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    དྲ་གནས་འདིར་ལྟོས་དང་། གསར་འགྱུར་འདི་འདྲ་ཞིག་འདུག
    http://news.qq.com/a/20100301/001230.htm

    一名支持“疆独”的日本学者2月27日在北京被拒绝入境。这一消息成为日本多家媒体28日关注的热点。有分析认为,中国政府拒绝日本人入境的罕见举动表明其对新疆问题的重视。

    据日本《朝日新闻》2月28日报道,研究维吾尔族人的日本中央大学的契约讲师水谷尚子2月27日在北京机场被中国入境管理部门拒绝入境。去年7月,水谷尚子曾经策划了热比娅的访日活动,并为热比娅做了入境身份保证人。她以所谓的维护维吾尔族人权利为由,进行了一系列活动,发表了诸多言论,在日为“疆独”势力奔跑。

    报道援引水谷尚子本人的描述称,她乘飞机到达北京机场后,工作人员通过机内广播要求她最先走下飞机,然后在入境事务处告诉她,这次不被允许进入中国。报道称,水谷尚子大约在5年前到过中国。这次她事先没有申请签证,准备利用中国对日本人实施的入境15天免签制度,到中国新疆等地活动。

    日本《读卖新闻》的报道提及水谷尚子著有《被中国追赶的维吾尔族人》一书,认为她此行不仅计划要到去年发生暴力事件的新疆维吾尔自治区,还准备在北京和一些写新疆纪实的作者见面。《读卖新闻》认为,中国政府拒绝日本公民入境是十分罕见的,这说明中国政府对新疆问题十分重视。日本共同社也认为,中国拒绝水谷尚子的原因在于她用行动支援海外的“疆独”分子。

    日本一位不愿意透露姓名的中国问题专家对《环球时报》表示,中国政府这样做是可以理解的。在中国看来,热比娅的行为是分裂中国的行为,支持热比娅就是支持分裂中国。世界上恐怕任何一个国家都不会接受希望分裂自己国家的人入境。日本学者中岛岭雄曾经提出中国在未来应该分裂成为7块地区,这个论点后来被李登辉发展成为“两国论”。事后,中国就多次拒绝中岛岭雄申请访华签证。这次,中国拒绝水谷尚子入境再次表明中国可以同意外国持不同政见的学者入境,但不会允许在行动上支持分裂中国的外国学者入境。

    Reply
  4. གཉོམ་ཆུང་། says:
    ལོ་ 15 སྔོན།

    གྲོགས་པོ་གཞིས་ལུས་མི་མང་གི་སྡུག་སྔལ་འདི་རྟོགས་མཁན་ཡོད་ས་མ་རེད་ཡ།
    ད་སེམས་སྡུག་ནས་ཡོང་ཡ་གཅིག་ར་ཡོད་ནི་མ་རེད་ཨ་ཡོ་ཤེ།

    Reply
  5. གཉོམ་ཆུང་། says:
    ལོ་ 15 སྔོན།

    དངོས་གནས་དྲང་གནས་སེམས་པ་སྐྱོ་དགོས་རང་རེད་ཤག རྒྱ་འདི་བ་ཚང་གི་འདུག་འཇུག་གིན་མི་འཇུག་གི་ཨ་ཡོ།

    Reply
  6. གྲྭ་རྒོད says:
    ལོ་ 15 སྔོན།

    འཇང་གཡུ་ལྷ་ཐོགས་འགྱུར་ལ་དེ་འདྲ་ཡིན་པ་བདེན་ཤེས་རེད།དོན་དངོས་ལ་ཡག་པོ་བྱས་ཏེ་ཁོང་ཚོའི་སེམས་ཤུགས་མ་ཆགས་པ་ཞིག་བྱེད་རྒྱུ་གལ།འོན་ཀྱང་ཚེ་བ་མེད་པའི་ངོ་རྒོད་ཀྱི་ཁྲོད་ན་མེ་བསེགས་བཏང་བ་དེ་ཚོ་ཡག་པོ་མ་རེད་གང་ཡིན་ཞེ་ན་རྒྱ་མིའི་གཞུང་ལ་ལག་ཆ་ཞིག་སྤྲདཔ་་དང་འདྲ་བོད་རང་གི་ཞི་བའི་ངོ་རྒོད་ཡིན་ཟེར་བ་དེ་རྒྱ་སྤྱིའི་ཐོག་རྒྱ་ནག་གི་རྫུན་བཟོ་བྱེད་པའི་ལག་ཆ་སྤྲད་པ་མ་རུ་དམ།

    Reply
  7. ནགས་མེ། says:
    ལོ་ 15 སྔོན།

    ཁོང་ཚོའི་འཆི་ཕོད་སྟོབས་ཤུགས་ཀྱིས་རྒྱ་སྤྱིའི་ནང་བོད་དོན་གླེང་སློང་གང་འཚམ་ཐོབ་ཀྱི་ཡོད་པ་རེད།

    Reply
  8. karma dorje says:
    ལོ་ 15 སྔོན།

    སེམས་དཔའ་ཆེན་པོ་གྷན་དྷིས།
    ཧིན་སྐད་དུ། གུ་ལ་མི་ སེ་ ཇི་ནེ་སེ་ ཏོ། །སོའོ་ཏནྟ་ཏ་ར་ ཀེ་ ལི་ཡེ་ མར་ན་ ཨཅྖྰ་ ཧེ། །
    རོབ་ཙམ་བསྒྱུར་ན།
    གཞན་གྱི་འོག་ཏུ་གསོན་པ་ལས། །
    རང་དབང་ཆེད་དུ་འཆི་བ་ལེགས། ། གསུངས་འདུག

    Reply
  9. lobsang says:
    ལོ་ 15 སྔོན།

    མི་ཉག་སྐལ་བཟང་ལགས་ལ། དུས་བབ་ལ་ཁག་ཞེ་དྲག་ཡོད་པ་མ་རེད་ གང་ཡིན་ཟེར་ན་ གསལ་འགོད་པ་བསྐོ་བཞག་བྱ་རྒྱུ་ཡང་དཀའ་ནི་རེད རྒྱ་གང་ཁྲན་གྱིས་དབང་སྒྱུར་བྱས་ཡོད་པས་ས་ཆ་ཞིག་ལ ང་ཚོས་ཚང་མས་ཕྱུར་བ་བྲི་འདོགས་ཀྱི་དཔེ་ལྟར་ རང་རང་གི་ས་ནས་གསལ་འགོད་པ་བྱ་རྒྱུ་དང་ཡང་ན་གསལ་འགོད་པ་བཙལ་རྒྱུ་དེ་རེད རང་གི་ས་ཆའི་མིའི་རྩལ་ལྟ་བུ་ཞིག་ཡང་རེད ཁྱོད་ཀྱིས་ཕྱོགས་གླེང་གི་སྐད་ཆ་འདྲ་བཤད་ནས་འདུག་རྒྱུ་མ་གཏོགས་མེད་གི དེ་བས་ཕ་ཡུལ་དུ་དེ་འདྲའི་མི་གསོ་སྐྱོང་བྱ་རྒྱུ་ལ་བསམ་བློ་ཐོངས

    Reply
  10. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    གྲྭ་རྒོད་ལགས་ གོང་དུ་ཁྲིམས་ཐག་བཅད་པའི་དཔའ་རྒོད་དེ་ཚོའི་ལས་གང་བྱེད་དང་སྐ་ཆ་གང་བཤད་སྐབས་དེ་དུས་ཀྱི་གསར་འགྱུར་སོགས་ལ་དོ་སྣང་མ་བྱེད་པ་འདྲ་
    ༢༠༠༩ ལོའི་ཟླ་ ༢ པའི་ཚེས་ ༢༨ ཉིན་ཉག་རོང་རྫོང་ཐང་སྐྱིད་ཤང་གྲོང་བརྡལ་ནང་བོད་རང་བཙན་གྱི་སྦྱར་ཡིག་བཀྲམས་པ་དང་། ཐང་སྐྱིད་ཤང་སྲིད་གཞུང་གི་ལས་ཁང་དང་སྡོད་ཁང་སུམ་བཅུ་ལྷག་ཙམ་མེ་སྐྱོན་གཏང་ནས་ བསྐབ་དེ་དུས་རྫོང་གི་སྤྱི་བདེ་ཉེན་རྟོག་པས་བཙུན་བཟུང་བྱེད་དུས་ཁོང་ཚོའི་བྱ་བ་འདི་ང་ཚོའི་བྱེད་པ་ཡིན་ ང་ཚོ་ཨུ་ཐུགས་ཐབས་ཟད་ནས་བྱ་བ་འདི་མ་བཙོམ་ཐབས་མེད་རེད་ ཁྱེད་ཚོའི་སྔ་ནས་ད་བར་དུ་གཉའ་ནོན་ཤུགས་གཞོག་དང་ཉུམ་ཆུང་ཐུབ་ཚོད་ཁོ་ན་བྱེད་པས་ ང་ཚོ་བཟོད་ཐབས་བྲལ་ ང་འདི་ནས་གསོད་ན་མ་གཏོག་མཁོན་ལེན་བླངས་ཐགས་ཆོད་ཡིན་ཟེར་བའི་སྐད་ཆ་དེ་ཉེ་འཁོར་གྱི་མི་ཚང་མའི་ཧ་གོ་དོན་གསལ་རེད་ ང་ཁོང་ཚོ་ལ་ཆ་རྒྱུས་ཡོད་ཁོང་ཚོའི་ལས་དེ་འདྲ་ཞིག་བྱེད་ནས་བཙུན་བྱོལ་སྤྱི་ཚོགས་ནང་ལ་འགྲོ་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་བའི་ལམ་ཞིག་ཡོད་པ་ཤེས་གི་ཡང་མ་རེད།། ཁྱོད་ལྟོས་དང་ཁོ་ཚོའི་ལུང་པའི་ནང་ནས་འོང་བའི་མི་གཅིག་ཀྱང་ཆབ་བཙོན་པའི་ཁེ་བཟང་ལེན་ནས་བསྡོད་ཡོད་གི་མ་རེད་
    ལུང་པ་གཞན་གི་ཆབ་སྲིད་བཙོན་པ་ཡིན་མིན་ཚང་མ་དགུ་བཅུ་གསུམ་ཚོགས་པའི་ནང་ཞུགས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་བའི་ལེན་བསྒྲིགས་སྡད་ཡོད་པ་ཚང་མའི་ཤེས་གསལ་རེད།།

    Reply
  11. གྲྭ་རྒོད says:
    ལོ་ 15 སྔོན།

    བོད་ནི་མི་རིགས་གྲངས་ཉུང་ཡིན་པས་མི་གཅིག་ཡང་མ་ཤོར་བ་བྱེད་ཐུབ་བྱེད་དགོས་རེད་ལོ།

    Reply
  12. གྲྭ་རྒོད says:
    ལོ་ 15 སྔོན།

    འཇང་གཡུ་ལྷ་ཐོགས་འགྱུར་ལ་ཁྱོད་ཀྱི་བཤད་པ་དེ་འདྲ་ཡིན་མིན་གྱི་དོག་པ་ཡོད་པས་བཤད་པ་ཡིན་ལོ།དེ་མིན་ན་སེམས་ཤུག་རེད།རང་དོན་རང་གི་སྒྲུབ་ཤེས་འདུག་ལ་རང་ཉིད་བོད་ཡིན་པ་ཤེས་འདུག་པའི་རྟགས་ཞིག་ཏུ་མཐོང་བོད་ས་ཡོངས་གི་མི་རེ་ངོ་རེ་ནས་བསྒྲུབ་དགོས་ཡ་དེ་ཤེས་ཡོན་ཐོག་རྒྱལ་ཁབ་ལེན་ཐུབ་བྱེད་རྒྱུ་དེ་རེད།སེམས་ལ་བཟུང་།

    Reply
  13. གྲྭ་རྒོད says:
    ལོ་ 15 སྔོན།

    འཇང་གཡུ་ལྷ་ཐོགས་འགྱུར་རེ་ངོ་མ་རེད་ལོ་ཕྱི་རྒྱལ་ཁབ་ལ་འགྲོ་ཐུབ་ཕྱིར་ལས་དོན་འདྲ་མིན་བྱེད་པ།ལས་དོན་ཁ་སྤྱིར་བ་དེ་འདྲ་མིན་ན་ཡག་པོ་རེད་ལ་ཁོང་ཚོ་ལ་སེམས་ཤུག་མ་ཆག་པ་ཞིག་བྱེད་དགོས་པ་རེད་ཟེར་བ་ཡིན་ལ།རང་སྲོག་རྒྱ་ལག་དུ་ཤོར་བ་རྣམས་ལ་དུང་དུས་ཀྱི་ཆབ་སྲིད་ཀྱི་འགྲོ་ལུགས་མེད་པ་གསལ་བོར་རེད་བསམ་གི་འདུག་དེ་ལས་སེམས་ཤུག་ཡོད་མཁན་དག་གི་རང་སྲོག་བསྟན་རྒྱུ་དེ་གལ་ཆེན་པོ་རེད་ལ་སློབ་སྤྱོང་བྱས་ཏེ་རྒྱལ་ཁབ་སླར་གསོ་བྱེད་དགོས།

    Reply
  14. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    གྲྭ་རྒོད་གིས་ ཁོང་ཚོའི་བོད་རྒྱལ་ཁབ་གིས་ཆེད་དུ་རང་སྲོགས་བློས་གཏང་ན་ཡང་དཔའ་རྒོད་མ་རེད་ཟེར་བ་དེ་རྒྱུ་མཚན་ཅི་ཡིན་
    འོ་ན་སུ་ཁུལ་ཁུག་སྐྱོག་ཞིག་ནས་བོད་རང་བཙུན་ཡིན་ཟེར་བའི་ཤོག་འཁྱར་ཁ་ཤས་གཏོར་ནས་ལམ་སང་རྒྱ་གར་འོང་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འགྲོ་ཨེ་ཐུབ་ལྟ་བའི་ལས་དེ་འདྲ་བྱེད་ན་དཔའ་རྒོད་ཡིན་པ་མིན་འགྲོ

    Reply
  15. གྲྭ་རྒོད says:
    ལོ་ 15 སྔོན།

    འོ་དཔའ་རྒོད་རེད་ཟེར་ཐུབ་གི་མེད་གང་ཡིན་ཞེ་ན་བོད་ཞིག་ཡིན་པའི་རང་ཉིད་ལ་འགན་ཡོད་རང་གི་ཆེད་དུ་རང་ཉིད་ཤུ་བ་རེད་ལ་དེ་ལ་ཧང་སེང་དགོས་དོན་མེད་དེ་ལས་གསོད་མཁན་ཚོའི་ཇི་ལྟར་གསད་མིན་ཐོག་ལ་སྐད་ཆ་རེ་ཡོད་ན་བཤད་རན་རེད་ལོ།བདེན་པ་ཡིན་པའི་རེ་བ་ཡོད།མི་རིགས་གི་ཆེད་དུ་ཡིན་པ་དང་དགོས་པ་གཞན་ཞིག་གི་ཆེད་དུ་ཡིན་ན་བདེན་ལུགས་སྐྱོངས་དགོས་རེད་།དྲང་བོར་བཤད་དགོས།སེམས་མ་ཕམ་པ་ཞིག་ཡོངས་པའི་རེ་བ་ཡོད།

    Reply
  16. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དགོང་དེ་དགོངས་ལ་བཅོས་རོགས་ཞུ།

    Reply
  17. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྒྱུ་མ་ལགས།དགོང་དག་གསུངས་མི་དགོས།དོན་བཟང་པོ་འདུག་རྒྱབ་སྐྱོར་ཡོད།

    Reply
  18. སྟོབས་ says:
    ལོ་ 15 སྔོན།

    རང་ཉིད་ཀྱི་ཚེ་སྲོག་རང་དབང་ཀྱི་ཆེད་དུ་བསྔོས་པ་ལ་བློ་ཅི་ཕམ ། གཞན་དབང་འོག་དུ་གསོན་པ་ལས་རང་དབང་ཀྱི་ཆེད་དུ་ཤུ་ན་དགའ་ཞེས་པའི་རང་དབང་ཀྱི་དཔའ་གཏམ་དེ་གོ་ཨེ་མྱོང་ །

    Reply
  19. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    སྙིང་རྗེ་ཡིན་ན་ཡང་། ༧གོང་ས་མཆོག་གིས་མི་རིགས་ཀྱི་བདེ་སྡུག་གླེང་ནས་གྲོངས་མཁན་ཚོ་ལ་དགེ་བ་རྒྱ་ཆེན་ཡོད་རེད་ཅེས་བཀའ་སློབ་གནང་སོང་། བོད་དོན་ནི་སངས་རྒྱས་ཀྱི་བསྟན་དོན་ཡིན་གསུངས་ཀྱི་འདུག དེའི་ཕྱིར་དཔའ་བོ་འདི་ཚོས་སྐུ་སྲོག་བོད་དོན་ལ་བསྔོས་བ་འགྲིག་གི་ནོར་མེད་ཁུ། དེ་མིན་ཨ་རིག་དང་དངུལ་ར་སྡེ་བ་གཉིས་ཀྱིས་ས་བརྩོད་བརྒྱབ་ནས་སྤུན་ཟླ་སུམ་ཅུའི་ཚེ་སྲོག་ཤོར་བ་ལ་ཕྲན་ཕངས་སེམས་སྐྱེ་གི དེ་ཚོའི་ཚེ་སྲོག་མི་རིགས་སམ་བོད་དོན་ལ་ཕུལ་ཡོད་ན་ངས་དགའ་བསུ་བྱེད་ས་རེད། ད་དེ་ཚོ་མི་གླེང་གི་བྱེད་ཡ།

    Reply
  20. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    འདིར་རང་དབང་གི་གླེང་སྟེགས་བརྒྱུད་ནས་ཁ་བརྡ་ཚིག་འགའ་ཞུ་འདོད་བྱུང་།
    ང་རང་དུས་ཡུན་རིང་པོ་ཞིག་ནས་ད་བར་བོད་ཀྱི་དུས་བབ་ཚགས་ཤོག་ཀློག་བའི་གོམས་འདྲིས་སུ་སོང་། འོན་ཏེ་སྐབས་རེ་ཚགས་ཤོག་འདིས་ངའི་སེམས་ལ་མི་བདེ་བའི་ཚོར་སྣང་སྐྱུར་མོ་ཐེངས་འགའ་ཐོབ་མྱོང་། མིང་རྫིག་པོ་རེ་དང་དོན་སྟོང་པའི་བསམ་ཚུལ་མི་ཉུང་ཞིག་གིས་ངའི་སེམས་ལ་བག་ཆགས་ཤིག་སྟེར་མ་མྱོང་། གལ་ཏེ་ངའི་འདིར་ཆོལ་ཁའི་མིང་ཞིག་འཁྱེར་ཡོང་པ་ཡིན་ན་མི་ཚོས་ང་ལ་དཀྲུག་ཤིང་གི་གཏེ་པོ་ཞེས་ཁ་རྡུང་གཏོང་ཐག་ཆོད་རེད། ཡིན་ན་ཡང་སྐད་ཆ་དེ་ཚོ་ཞེན་ཁོག་སྐམ་པོ་ཙམ་ཡིན་པས་སྣང་མེད་དུ་འཇོག་འདོད་པ་ཡིན། ཚགས་ཤོག་འདིར་བོད་ཀྱི་ས་ཁུལ་ཆ་ཤས་ཤིག་གི་གནས་ཚུལ་ཙམ་མ་གཏོགས་བོད་ཡོངས་ཀྱི་གནས་ཚུལ་བཀོད་འབྲི་བྱེད་པ་ཧ་ཅང་ཉུང་ཉུང་རེད། འདི་ལྟར་བསམ་བློའི་འཇལ་ཚད་ཆུང་ཞིང་མིག་རྒྱང་ཐུང་བའི་ལས་བྱེད་ཚོར་འགན་དེ་འཁྲི་ཡོད། ང་ཚོར་ལངས་ཕྱོགས་གསར་པ་དང་ལྟ་བ་གསར་པ། བརྗོད་གཞི་གསར་པ་དང་ཐབས་ཇུས་གསར་པ། མཐུན་སྒྲིལ་གསར་པ་དང་ནུས་པ་གསར་པ། གནས་ཚུལ་གསར་པ་དང་ཕུགས་འདུན་གསར་པ་ཡོད་དགོས་པ་ཡིན། མདོར་ན་ཚགས་ཤོག་འདིར་བོད་སྤྱིའི་གནས་ཚུལ་བཀོད་དགོས་པའི་ཁ་ཕྱོགས་གསར་པ་ཞིག་ལ་ཤུགས་སྣོན་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན།

    Reply
  21. སྒྱུ་མ says:
    ལོ་ 15 སྔོན།

    ད་ལྟར་ངེད་ཅག་གི་མདུན་ན་ཡོད་པ་ནི་ལོ་གཉིས་ཀྱི་རྗེས་སུ་སྲོག་ཁྲིམས་ཕོག་པ་དེའི་ཚེ་སྲོག་གང་འདྲ་བསྐྱབ་རྒྱུའི་སྐོར་ཡིན་པ་ལས།་ཉག་རོང་ཏྲེ་ཧོར་གྱི་ཁོངས་ཡིན་མིན་སོགས་ཀྱི་རྩོད་གླེང་བྱེད་ས་མིན་པར་སྣང་། མ་གཞི་དེང་སྐབས་རང་ཅག་སྒང་བ་བོད་པ་ཚང་ལ་ས་ལག་མཐིལ་ཙམ་ཞིག་མེད་ས་ནས་རྩོད་གླེང་དེ་དག་གིས་ཕན་ཐོགས་གང་ཞིག་ཡོད་དམ། ཆོལ་ཁའི་བར་གྱི་ས་མཚམས། ལུང་ཚན་བར་གྱི་ས་མཚམས་རྩོད་པ་ལས། བོད་རྒྱ་བར་གྱི་ས་མཚམས་རྩོད་ཐུབ་ན་དཔའ་བོ་རེད། ད་ལྟ་རང་ཅག་གི་མིག་མདུན་ན་ཡོད་པའི་སྲོག་ཁྲིམས་ཕོག་པའི་དཔའ་བོ་ཁོང་ཡང་བོད་རྒྱའི་ས་མཚམས་དང་བོད་ཀྱི་ཐོབ་ཐང་གླེང་ནས་སྲོག་ཁྲིམས་ཕོག ཁྱེད་ཅག་གིས་ཁོང་དང་ཁོང་གི་སྐོར་མི་གླེང་བར་ས་མཚམས་གླེང་དོན་ཅི། དགོངས་དག གཅིག་བྱས་ན་ངའི་སྐད་ཆ་དེ་དག་ཐལ་ཡོད་ཤག

    Reply
  22. འབྲོག་ཁྱི། says:
    ལོ་ 15 སྔོན།

    ཡང་གཅིག་ཚེ་སྲོག་ཤོར་སོང་། ད་གང་དྲག།

    Reply
  23. karma dorje says:
    ལོ་ 15 སྔོན།

    བོད་མི་གཅིག་སྲོག་ཐོག་ལ་བཏང་ན། བོད་མི་འབུམ་ཕྲག་མང་པོ་རྒྱ་དང་ཁ་བྲལ་དུ་འགྲོ་བགྱིད་ཡོད་པ་དེ་ད་ལྟའི་བླུན་རྨོངས་དྲེགས་པ་ཅན་ཏང་གི་ལས་བྱེད་མི་ཤེས་པ་དེ་གང་དྲགས། ཅི་དྲགས། ཁྱེད་ཚོའི་མིའི་ལུས་ལ་མིའི་འདུ་ཤེས་ཡག་པོ་ཅིག་ག་དུས་བསླེབ་ཡོང་།

    Reply
  24. འཆི་མེད་ says:
    ལོ་ 15 སྔོན།

    ངས་ཞུས་པའི་སྐད་ཆ་ལ་དོ་སྣང་བྱེད་པ་ཐུགས་རྗེ་ཆེ་

    Reply
  25. འཆི་མེད་ says:
    ལོ་ 15 སྔོན།

    གྲོགས་པོ་ཅོ་རི་ལགས་ བེར་འཇིག་གིས་བྲིས་པའི་དེབ་དེ་དྲ་ངོས་ནས་ལྟ་ཐུབ་མིན་ ངས་མ་ཤེས་ ང་རྒྱ་གར་ལ་ཡོད་དུས་གསེར་རྟ་ཚུལ་ཁྲིམས་སར་གཡར་ནས་ངས་ཚར་གཅིག་ལྟས་པ་ཡིན་

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གྲོགས་པོ་འཆི་མེད་ལགས་བེ་རིའི་བྲིས་པའི་དེབ་དེ་དྲ་ངོ་ན་ལྟ་ཐུབ་ཀྱིན་འདུག་གམ།་་་་་་་ཐུབ་ན་ལམ་སྟོན་གནང་རོགས་་་་་་་་ཁྱེད་ཀྱི་ཡ་མཚན་པའི་སྐད་ཆ་རེ་བཤད་དུས་གཅིག་ལྟ་འདོད་ཆེ་ཁུ།

    Reply
  27. འཆི་མེད་ says:
    ལོ་ 15 སྔོན།

    གྲོགས་པོ་ཅོ་རི་ལགས་ ཁྱེད་ཀྱིས་ཉག་རོང་ཏྲེ་ཧོར་ཁམས་པ་རེད་ཟེར་བ་རྒྱུ་མཚན་ཅི་ལ་གཟིགས་པ་ཡིན་ནམ

    Reply
  28. འཆི་མེད་ says:
    ལོ་ 15 སྔོན།

    དགོངས་འདག་ཞུ་ ལོ་རྒྱུས་་ཐོགས་གོ་མྱོང་མེད་པའི་སྐད་ཆ་དག་ཁྱོད་ཚོའི་བྲི་ཆོག་ན་ ངའི་ཀྱང་ནོར་མི་ཆོག་པའི་རྒྱུ་མཚན་ཨེ་ཡོད་ན ཁྱེད་ཀྱི་བེར་འཇིག་གིས་བྲིས་པའི་དེབ་དེ་ལ་གཟིགས་དང་མཁྱེན་གི་རེད།།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོགས་འཆི་མེད་ལགས་། བེ་འཇིགས་ཀྱིས་བོན་པོ་དང་རྙིང་མའི་སྡེ་དག་ཏྲེ་ཧོར་གྲ་ཚང་རེད་ཟེར་ཡོད་པའི་དབང་དུ་གཏོང་ཡངསྐད་ཆ་དེ་་ང་ཅོ་རི་ལ་བཤད་དགོས་དོན་གང་ཡིན་ནམ།

    ཚིག་པ་གཡག་ལ་ཟ་རྡོག་རྒྱག་ཀ་བ་ལ་བྱུང་གིན་མེད་དམ།

    Reply
  30. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཆི་མེད་ལགས་་་ཏྲེ་ཧོར་གྲྭ་ཚང་ཟེར་བ་ཞིག་སྐྱེས་ནས་ད་ལྟར་བར་དུ་གོ་མྱོང་མེད་། ཁྱེད་ཀྱི་ནོར་མ་སོང་ངམ།

    Reply
  31. འཆི་མེད་ says:
    ལོ་ 15 སྔོན།

    སྤྱིར་བཏང་བྱེད་ན་ང་ལ་ ཆོལ་ཁ་དང་ལུང་ཚུན་སོགས་ཀྱི་ ཕྱོགས་རེས་བྱེད་པའི་སྐད་ཆ་དག་ལ་དགའ་པོ་ཡེ་ནས་མེད་ ཡིན་ཡང་ཏྲེ་ཧོར་བརྟེན་བཞུགས་ཚོགས་པའི་ངེས་ནས་དེབ་ཞིག་གིས་ནང་ལ་ཉག་རོང་ཏྲེ་ཧོར་ཁོངས་སུ་ཡིན་མདོག་མང་པོ་ཞིག་བེར་འཇིགས་ཟེར་བ་དེའི་བྲིག་འདུག ད་དུང་བོན་པོ་དང་རྙིང་མའི་དགོན་སྡེ་དག་ཏྲེ་ཧོར་གྲ་ཚང་ཁོང་ཡིན་ཁུལ་ཡང་བཤད་འདུག་ དེ་ལྟ་བུའི་ཁོང་ལུང་མེད་པའི་སྐད་ཆ་ཚོ་དུས་ནམ་ངེས་ལེན་བྱེད་ཐབས་མེད་ སྤྱིར་བཏང་ཁྱེད་ཚོ་གང་བཤད་བསམ་གི་ཡོད་མེད་ངས་མི་ཤེས་ ཡིན་ཡང་དེ་ལྟ་བུའི་འཆལ་གཏམ་དག་རྒྱ་ཡིན་དུ་བཏང་ན་ཡག་པོ་མུ་འདུག

    Reply
  32. འཆི་མེད་ says:
    ལོ་ 15 སྔོན།

    ཅོ་རི་ལག་ དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བ་དེ་ རྒྱ་ནག་དམར་ཕྱོགས་ཚོགས་པའི་བཟོས་པ་གསལ་པོ་རེད་ འོ་ན་དཀར་མཛོས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་སུ་ཡོད་པ་ཚང་མ་ ཏྲེ་ཧོར་ཡིན་ནམ་ ཁྱོད་བསམ་བློ་ཞིག་ཐོང་དང་

    Reply
  33. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོགས་འཆི་མེད་ལགས་ཁྱེད་ས་རྩོད་ཆུ་རྩོད་བཙན་བྱོལ་སྤྱི་ཚོགས་ནང་དུ་ཡང་ཡོད་ས་རེད་ད་་ཧཧཧཧཧཧཧཧཧ

    Reply
  34. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་འཆི་མེད་ལགས་་་་་་་་་བདེན་ཁྱེད་བདེན་་་་་་་་་་་ཉག་རོང་བ་ལ་དཀར་མཛེས་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཅོད་བྱས་པ་འདི་ཡང་དངོས་ཡོད་རེད། དེ་འདྲ་ཡིན་དུས་དཀར་མཛེས་མི་དམངས་ཁྲིམས་ཁང་གིས་ཐག་བཅོད་དགོས་དོན་གང་ཡིན་ནམ།
    དང་པོ་བསམ་བློ་ཐོངས་དེ་ནས་སྐད་ཆ་བཤད་དགོས་པ་འདི་འགྲོ་བ་མིའི་ཤེས་ཡོན་ཞིག་རེད།

    Reply
  35. འཆི་མེད་ says:
    ལོ་ 15 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས་ ཁྱེད་ཀྱིས་ཁམས་ཉག་རོང་ཟེར་བ་དེ་ཏྲེ་ཧོར་ཁོང་སུ་བཏོག་པའི་རྒྱུ་མཚན་ཅི་ཡོད་ ལོ་རྒྱུས་ཐོགས་ཁོང་སྐྱེལ་ར་སྤྲོད་ཅི་ཡོད་ མ་གཞི་ནས་ཁྱེད་བཤད་ལྟང་ལ་ལྟས་ནས་ཕྱོགས་རེས་འཐེན་ཁྱེར་དང་དབྱེན་དཀྲུག་གི་མཆལ་གཏམ་ཁོ་ན་སྒྲོགས་མཁན་ཞིག། ཏྲེ་ཧོར་ཉག་རོང་གི་ཁོངས་སུ་འགྲོ་རབ་ལས་ཉག་རོང་ཏྲེ་ཧོར་གི་ཁོངས་སུ་འགྲོ་རབ་ད་བར་དུ་མེད།།

    Reply
  36. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    འདིར་རང་དབང་གི་གླེང་སྟེགས་བརྒྱུད་ནས་ཁ་བརྡ་ཚིག་འགའ་ཞུ་འདོད་བྱུང་།
    ང་རང་དུས་ཡུན་རིང་པོ་ཞིག་ནས་ད་བར་བོད་ཀྱི་དུས་བབ་ཚགས་ཤོག་ཀློག་བའི་གོམས་འདྲིས་སུ་སོང་། འོན་ཏེ་སྐབས་རེ་ཚགས་ཤོག་འདིས་ངའི་སེམས་ལ་མི་བདེ་བའི་ཚོར་སྣང་སྐྱུར་མོ་ཐེངས་འགའ་ཐོབ་མྱོང་། མིང་རྫིག་པོ་རེ་དང་དོན་སྟོང་པའི་བསམ་ཚུལ་མི་ཉུང་ཞིག་གིས་ངའི་སེམས་ལ་བག་ཆགས་ཤིག་སྟེར་མ་མྱོང་། གལ་ཏེ་ངའི་འདིར་ཆོལ་ཁའི་མིང་ཞིག་འཁྱེར་ཡོང་པ་ཡིན་ན་མི་ཚོས་ང་ལ་དཀྲུག་ཤིང་གི་གཏེ་པོ་ཞེས་ཁ་རྡུང་གཏོང་ཐག་ཆོད་རེད། ཡིན་ན་ཡང་སྐད་ཆ་དེ་ཚོ་ཞེན་ཁོག་སྐམ་པོ་ཙམ་ཡིན་པས་སྣང་མེད་དུ་འཇོག་འདོད་པ་ཡིན། ཚགས་ཤོག་འདིར་བོད་ཀྱི་ས་ཁུལ་ཆ་ཤས་ཤིག་གི་གནས་ཚུལ་ཙམ་མ་གཏོགས་བོད་ཡོངས་ཀྱི་གནས་ཚུལ་བཀོད་འབྲི་བྱེད་པ་ཧ་ཅང་ཉུང་ཉུང་རེད། འདི་ལྟར་བསམ་བློའི་འཇལ་ཚད་ཆུང་ཞིང་མིག་རྒྱང་ཐུང་བའི་ལས་བྱེད་ཚོར་འགན་དེ་འཁྲི་ཡོད། ང་ཚོར་ལངས་ཕྱོགས་གསར་པ་དང་ལྟ་བ་གསར་པ། བརྗོད་གཞི་གསར་པ་དང་ཐབས་ཇུས་གསར་པ། མཐུན་སྒྲིལ་གསར་པ་དང་ནུས་པ་གསར་པ། གནས་ཚུལ་གསར་པ་དང་ཕུགས་འདུན་གསར་པ་ཡོད་དགོས་པ་ཡིན། མདོར་ན་ཚགས་ཤོག་འདིར་བོད་སྤྱིའི་གནས་ཚུལ་བཀོད་དགོས་པའི་ཁ་ཕྱོགས་གསར་པ་ཞིག་ལ་ཤུགས་སྣོན་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན། དོད་བྱུང་།

    Reply
  37. karma dorje says:
    ལོ་ 15 སྔོན།

    ཡང་རྒྱ་གཞུང་གིས། བོད་ཀྱི་ཡུལ་མི་ཚོར་དངུལ་ལོར་སྟོན་ནས་བོད་པ་ཁྱེད་ཚོའི་སྐུ་སྐྱིད་སྐུ་སྐྱིད་ལོ་གསར་གཏོང་རོགས་གནང་ཟེར་དགོས་ཡ་ཅིག་ཡང་ཁོ་རང་ཚོས་བཟོ་བགྱིད་འདུག

    Reply
  38. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧོར་བུ་ལགས།
    ཉམ་ཐག་བོད་མིའི་ཚེ་སྲོག་དེ་མི་དྲག་སྐུ་དྲག་ཚོའི་མི་ཚེ་བསྐྱལ་བྱེད་ཙམ་རེད་མ་གཏོགས་དེང་སང་རྒྱ་དང་བོད་ཀྱི་བར་རུ་ཉམ་ཆུང་ཚེ་སྲོག་ལ་བསམ་བློ་གཏོང་མཁན་ཡོད་མེད་ང་རང་ཚོ་ཉམ་ཆུང་ཚོས་མ་གཏོགས་སུ་ཡིས་ཤེས།

    དེ་ལས་ལྐོག་དངུལ་འདྲ་ལེན་ཡ་ཡོད་ན་སྐུ་ངོ་ཚོས་བྱེད་ཀྱིན་རེད་ད།

    Reply
  39. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    རྒྱ་སྤྲང་ཇག་པ་གཞུང་གི་བོད་ལ་ཞི་བདེ་དང་སྐྱིད་པོ་ཡོད་ཅེས་སྤྱི་ཟླ་གཉིས་པའི་ཚེས་འགོར་འཛམ་གླིང་ལ་བསྒྲགས་སོང་།ཟླ་འཇུག་ཏུ་བོད་མིར་སྲོག་ཁྲིམས་བཅད་ཡག་གི་འགོ་ཚུགས་སོང་།གཅིག་བྱེད་ན་ང་ཚོས་དོན་མ་རྟོག་པར་ཡིན་པ་འདྲ།རྒྱ་གཞུང་གི་ཞི་བདེ་དང་སྤྲོ་སྐྱིད་ཀྱི་འཚོ་བ་དེ་མི་སྲོག་བཅད་ཡག་དང་བཙོན་འཇུག་བྱེད་རྒྱུ་དེ་ལ་གོ་ཡིི་ཡོད་པ་འདྲ།དེ་མིན་ན་རྒྱ་གཞུང་ལ་ཞི་བ་མི་འགྲོ་བ་ཡིན་པ་འདྲ།དེ་ལྟར་ཡིན་ན་ང་ཚོས་ཀྱང་དྲག་པོ་མི་ཤེས་པ་དང་མི་ཕོད་པ་མ་རེད།ཡིན་ནའང་གནས་སྐབས་བཙོན་བྱོལ་གཞུང་གཙོ་བྱེད་པའི་ཚོགས་པ་ཁག་གིས་པདྨ་ཡེ་ཤེས་སྲོག་ཐོག་མི་གཏོང་བའི་ལས་འགུལ་སྣ་ཚོགས་སྤེལ་དགོས་པ་རེད་མ་གཏོག་སྤྱིར་ང་ཚོ་བོད་མི་ཉུང་བ་དང་གཉིས་ནས་བོད་ཀྱི་དཔའ་བོ་གཅིག་ཉུང་དུ་འགྲོ་ས་རེད།

    Reply
  40. ལུང་རྟོགས། says:
    ལོ་ 15 སྔོན།

    བུ་རྒོད་ཚོ། ཁྱོད་ཚོའི་གཟི་བརྗིད་ནམ་ཡང་ནུབ་མི་སྲིད། བོད་མི་མང་པོ་ཞིག་ནས་ནང་ཁུལ་བརྩོད་རྙོག་ཆུང་ཚག་གི་ཆེད་དུ་རང་སྲོག་གཏང་གི་ཡོད་ན། མི་འདི་ཚོ་ནི་དངོས་གནས་ཤི་རུང་ཤི་གོ་ཆོད་པ་ཞིག་རེད

    Reply
  41. karma dorje says:
    ལོ་ 15 སྔོན།

    འཛམ་གླིང་གང་སར་སྲོག་ཐོག་ཁྲིམས་ཆད་མེད་པ་བཟོ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྒྱ་མིའི་བྱ་སྤྱོད་དེ་ནི་བཙན་ཤེད་དང་ཁྲིམས་བརྒལ་རེད།

    Reply
  42. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གསར་འགྱུར་འདིའི་འགོ་བརྗོད་དུ་ལྟ་དུས་མི་ཞིག་ལ་སྲོག་ཁྲིམས་བཅད་འདུག་ཞེས་མཐོང་སོང་། ཞིབ་ཏུ་ལྟ་དུས་མི་རེད་འདུག་མི་ཏྲེ་ཧོར་ཁམས་པ་རེད་འདུག་

    ཁོ་སྙིང་རྗེ།་་་་་་་་་་

    Reply
  43. བསེ་རུ། says:
    ལོ་ 15 སྔོན།

    ཁོང་རྣམས་ཀྱིས་བློས་གཏོང་ཆེན་པོ་ཞིག་གནང་བས་བཙོན་འཇུག་ཁྲིམས་ཐག་ཇི་ལྟར་བཅད་ཀྱང་འགྱོད་པ་གནང་གི་མེད་པ་ནི་སྨྲོས་མི་དགོས་པ་ཞིག་རེད།
    འོན་ཀྱང་། ཁོང་རྣམས་ཀྱི་ནང་མི་སྤུན་ཉེ་ཚོར་མཚོན་ན། ཉིན་མཚན་དུས་དྲུག དབྱར་དགུན་སྟོན་དཔྱིད་མེད་པར་ལོ་ངོ་དེ་དག་གི་རིང་ཁོང་རྣམས་ཀྱི་ཆེད་ཐུགས་ཁྲལ་དང་མྱ་ངན་གྱིས་གནོན་བཞིན་བཞུགས་དགོས་པ་ནི་ཅི་འདྲའི་བཟོད་དཀའ་བ་ཞིག་མ་རེད་དམ།

    Reply
  44. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    དོན་རྐྱེན་དེ་དག་ལ་དོགས་གཞིའི་འོག་ནས་འཇུ་བཟོང་བྱས་པ་མ་གཏོགས་སྲོག་ཁྲིམས་དང་ཚེ་བཙོན་བྱེད་དགོས་པས་ནག་ཉེས་་རྒྱལ་ཁབ་ཁ་བྲལ་དང་། སྤྱི་བའི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་ལས་གཞན་མེད་དམ
    དོན་ངོས་ཐོག་ཁོང་ཚོའི་བྱ་བ་ཅི་ཞིག་བྱས་ཡོད་དམ་་་་་་་་་་་་་་་་་་་་་་་་་་

    Reply
  45. blackman says:
    ལོ་ 15 སྔོན།

    it is sad news and black news

    Reply
  46. གྲྭ་རྒོད says:
    ལོ་ 15 སྔོན།

    དངོས་ཡིན་ན་སེམས་འཕང་བའི་ངོས་ནས་ཐུགས་རྗེ་ཆེ་ཞུ།དོན་དངོས་ལ་བོད་དོན་དུ་ཡིན་པའི་རེ་བ་ཡོད།བདེན་པ་རང་བཀོད་རྒྱུ་གལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese