མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཡིག་སྐྱོབ་ན་བུད་མེད་གཙོ་བོར་ཟུང་། སྒོ་དམར་སངས་རྒྱས་བཀྲིས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྒོ་དམར་སངས་རྒྱས་བཀྲ་ཤིས།

བུ་ཞིག་ཤེས་ཡོན་པར་གསོས་པ་ནི་མི་སྒེར་ཞིག་གསོ་སྐྱོང་བྱས་པ་དང་།  བུ་མོ་ཞིག་ཤེས་ཡོན་པར་བསྐྱེད་བསྲིངས་པ་ནི་ཁྱིམ་ཚང་ཞིག་ཤེས་ཡོན་པར་བསྐྱེད་བསྲིངས་བྱས་པ་དང་འདྲ་འདུག   བསམ་ཚུལ་འདི་དོ་དགོང་གློ་བུར་ཏུ་སྐྱེས་པ་ཞིག་མིན།  དུས་ཡུན་རིང་བའི་མི་ཚེའི་བརྒྱུད་རིམ་གྱི་ཁྲོད་ནས་དངོས་སུ་མིག་མཐོང་ལག་ཟིན་དུ་གྱུར་བའི་མྱོང་བྱང་ཞིག་ཡིན།

ཉིན་ དེར་ཚོགས་ཐོག་ཏུ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་ས་ར་མཐོ་སློབ་ཀྱི་སློབ་དཔོན་ ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་གཉིས་ཀྱིས་གནད་ཆེ་བའི་བཀའ་སློབ་གནང་སོང་ལ། ཟུར་ཞུགས་པ་ཚོའི་ངོས་ནས་ཀྱང་རང་རང་གི་དགོངས་ཚུལ་ལྷུག་བརྗོད་གནང་སོང་།  སྐབས་དེར་ང་ལ་ཚོར་སྣང་ཞིག་བྱུང་བ་ནི། ཚོགས་འདུར་མི་གྲངས་བརྒྱ་ཕྲག་ལྷག་ཡོད་པའི་ཁྲོད་དུ་བུད་མེད་ལྔ་ཙམ་ལས་མི་འདུག་ པ་དེ་རེད།  ཅིའི་ཕྱིར།  ཅིའི་ཕྱིར་ཡིན་ནམ།  ནམ་ཀུན་ཁྲོམ་ལ་སོང་ན་བུ་ལས་བུད་མེད་མང་པོ་མཐོང་རྒྱུ་ཡོད་མོད།  འདི་ལྟ་བུའི་ཚོགས་འདུར་བུད་མེད་ནི་རྫས་ཙམ་ལས་མི་སྣང་བ་ཅིའི་ཕྱིར་ཡིན་ནམ།

དགོང་མོ་དེར་ནང་ལ་ལོག་རྗེས།  ངས་བོད་སྐད་ཡིག་གི་འཕེལ་རིམ་ལ་ཕྱིར་བལྟས་ཤིག་བྱས་པ་ཡིན།  བོད་ལ་བུད་མེད་མཁས་པ་ཅི་ཙམ་བྱུང་ཡོད་དམ།  མཁས་པ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་བཅུ་ཟིན་ཡོད་དམ། ? ངས་ལོ་རྒྱུས་མི་ཤེས་པས་ཁ་མཚོན་ཆོད་པའི་ལན་ཞིག་མ་བརྙེད་མོད།  གྲགས་ཚོད་ཙམ་ལ་གཞིགས་ནས་བཤད་ན་ཧ་ལམ་མེད་པ་འདྲ།  གནའ་སྔ་མོར་ང་ཚོར་དགོན་པ་ལས་སློབ་གྲྭ་མེད་པས།  འཇིག་རྟེན་པ་སྤྱི་དང་ཁྱད་པར་དུ་བུད་མེད་ལ་ཤེས་ཡོན་གྱི་གོ་སྐབས་ཐོབ་པ་ཤིན་ཏུ་ཉུང་བ་རེད།  འོན་ཀྱང་། དེ་རིང་།  སློབ་གྲྭ་ཁག་ཏུ་བུ་ལས་བུ་མོ་མང་བ་མེད་ཀྱང་ཉུང་བ་མེད་པའི་ཚོད་དུ་ཡོད་ཀྱང་།  བུད་མེད་ཚོའི་ནང་ལ་བོད་རང་གི་རིག་གནས་ལ་མཁས་པ་ཞིག་འདི་ལྟར་དཀོན་པའམ་ཡང་ན་ མེད་པའི་རྒྱུ་མཚན་གང་ལ་ཐུག་པ་ཡིན་ནམ།   དོགས་འཆར་འདིས་བསམ་ཕྱོགས་གཞན་ཞིག་གི་སྣེ་དྲངས་སོང་།  དེ་ནི་བོད་མིའི་འཚོ་བ་དང་རིག་གནས་ཀྱི་ཁ་ཕྱོགས་གཉིས་རེད།

སྔ་མོའི་བོད་མིའི་འཚོ་བའི་གོམས་གཤིས་ལྟར་ན།  “ཨ་ཕ་ཕྱི་ཡི་ལྕགས་རི་དང་།  ཨ་མ་ནང་གི་ནོར་བུའི་”དོད་ དུ་བསྡད་ནས་འཚོ་བ་སྐྱེལ་བ་དང་།  ཨ་མའི་འགན་འཁྲི་ནི་ཁྱིམ་ཕྱི་ནང་གི་ལས་ཀ་དང་བཟའ་མི་བུ་ཕྲུག་གི་འཚོ་བ་རེད།   གཏམ་དཔེ་འདི་གནའ་བོའི་གཏམ་དཔེ་ཞིག་རེད་མོད།  འཚོ་བའི་གོམས་སྲོལ་འདི་ཕྱིའི་སྣང་ཚུལ་ཙམ་མ་གཏོགས་སྤྱིའི་ཆ་ནས་དེང་གི་དུས་ སུ་ཡང་དེ་འདྲ་ཞིག་རེད་འདུག་པས།  བུ་ཕྲུག་ཚོར་མཚོན་ན་ཕ་མ་གཉིས་ལས་ཨ་མར་འདྲིས་ཆེ་ཞིང་།  ཨ་མའི་ཤུགས་རྐྱེན་ནི་ཨ་ཕ་ལས་ཆེ་བ་ཡོད་པ་རེད།

ཨ་མ་རྣམས་ལ་མཚོན་ན་ངེས་པར་དུ་ཤེས་དགོས་པ་ནི་ཕྲུ་ གུའི་བཟའ་བཏུང་སྤྱོད་གསུམ་དང་འབྲེལ་བའི་འཕྲོད་བསྟེན་ཤེས་བྱ་དང་།  བུད་མེད་ཀྱི་བདེ་ཐང་སློབ་གསོ་སོགས།  མདོར་དྲིལ་ན་ང་ཚོ་བོད་རང་གི་རིག་གནས་ཁྱབ་ཁོངས་སུ་མེད་པའམ་ཡོངས་གྲགས་སུ་མེད་པའི་རིག་གནས་ཁྱབ་ཁོངས་གཞན་ཞིག་ལ་འཛུལ་དགོས་པ་ལས།  ཁོང་ཚོའི་དགོས་མཁོ་དེ་དག་བོད་རང་གི་སྐད་ཡིག་གིས་ཁྱབ་པའི་རིག་གནས་མ་ལག་ཁྲོད་ ནས་རྙེད་དཀའ་བ་རེད།  འདི་ནི་ཕལ་ཆེར་དེང་གི་དུས་འདིར་བོད་རིགས་བུད་མེད་ཚོའི་ཁྲོད་ན་བོད་སྐད་ཡིག་ གི་རྨང་གཞིའི་ཤེས་བྱ་ཙམ་ཡང་ཡག་པོ་ཞིག་འབྱོར་ཐུབ་མེད་པའི་རྐྱེན་རྩ་རེད་འདོད།  (བོད་ལ་སྨན་གཞུང་དཔེ་མེད་ཅིག་ཡོད་པ་བདེན་ཡང་།  དེ་ཉིད་ཆེད་སྦྱོང་མ་བྱས་པར་ཁ་ཞོར་ལག་ཞོར་ནས་སྦྱོང་དཀའ་བ་ཞིག་རེད།)

གང་ལྟར།  ངས་འདི་ནས་གླེན་བཤད་ཅིག་བྱེད་འདོད་པའི་རྩ་བའི་སྐད་ཆ་ནི།  ང་ཚོས་བོད་རིགས་བུད་མེད་(བུ་མོ་དང་ཨ་མ། རྨོ་མོ་གང་ཡིན་ལ་མ་བལྟོས་པར་) ཚོར་བོད་སྐད་ཡིག་གི་ཟབ་སྦྱོང་འཛིན་གྲྭ་རེ་བསྡུས་ནས་དུས་ལྟར་བོད་ཡིག་སློབ་པ་དང་།  བུད་མེད་ཚོས་ངེས་པར་ཤེས་དགོས་པའི་ཕྲུ་གུའི་སློབ་གསོ་དང་། བུད་མེད་ཀྱི་བདེ་ཐང་སློབ་གསོ་སོགས་གོ་བདེ་ཞིང་། ཁ་ཞོར་ལག་ཞོར་ནས་ཀྱང་བལྟ་ཀློག་ཐུབ་པའི་དེབ་ཆུང་སྣ་ཚོགས་པ་བོད་ཡིག་ཏུ་བསྒྱུར་སྒྲིག་གིས་སྤེལ་ཐུབ་པ་ཡིན་ན།  འདིས་ང་ཚོའི་སྤྱི་ཚོགས་ཁྲོད་བོད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་རྒྱུ་རེད་སྙམ་སོང་།  
བཤད་ནས་ཚར་སོང་།  ནོར་འགལ་མཆིས་ན་དགོངས་དག

མཆན། 13

  1. འདྲེ་རིག་ལྡན། says:
    ལོ་ 13 སྔོན།

    རྣམ་པ་ཚོ་ཕེབས་ནས་དགོངས་ཚུལ་གསུངས་པར་དགའ་ཡོད། ངའི་རྩོམ་ཡིག་འདིར་བཀོད་ཡོད་པ་མ་ཤེས་པས་དུས་ཐོག་ཏུ་ལན་ཕུལ་ཐུབ་མ་སོང་།
    དབྱངས་བུ་ལགས་ཀྱི་དྲི་བ་དེ་ངས་ད་དུང་གོ་མ་སོང་། ཞིབ་འདང་ཞིག་རྒྱག་དགོས་འདུག
    བསེ་རུ་ལགས་ཀྱིས་དག་བཅོས་ཤིག་མཛད་འདུག་པར་བཀའ་དྲིན་ཆེ། ངའི་རྩོམ་ཡིག་ངོ་མ་དེ་ཟིན་བྲིས་སུ་ཡོད། གང་ལྟར། འདི་ནི་ཐོལ་བྱུང་དུ་བྲིས་པས་གཏགས་ནོར་རེ་ཡོད་སྲིད་པ་རེད། https://tibettimes.net/wordpress/blogs.php?id=40&post_id=7667
    གཞན་ཁྱེད་ཀྱིས་དབྱངས་བུའི་དྲི་བ་དེར་ལན་འདེབས་ངེས་ཡིན་ཟེར་ནས་ངའི་ཚབ་བྱས་འདུག་པ་དེར་་་་་་་་་ རང་ངོས་ནས་བསམ་གཞིགས་གནང་རོགས། བསེ་རུ་དང་འདྲེ་རིག་ལྡན་གཉིས་ཕན་ཚུན་ངོ་མི་ཤེས་པས་་་་་།
    གཞན་འདིར་ཕེབས་པའི་ཀློག་མཁན་ཡོངས་ལ་བཀའ་དྲིན་ཞུ།

    Reply
  2. བློ་གྲོས་རྒྱལ་པོ། says:
    ལོ་ 13 སྔོན།

    སྐུ་ངོ་མི་ཉག་སྐལ་བཟང་འདིས་གསུངས་སྟངས་ལ་བལྟས་ན་དུས་བབ་ཚགས་ཤོག་འདི་ས་ཁུལ་བྱེ་བྲག་པ་དང་ཤེས་ཡོན་ཅན་བྱེ་བྲག་པ་རེ་ཟུང་གིས་བདག་བཟུང་ཅན་ཞིག་ཏུ་གཟིགས་ཚུལ་ཡོད་པ་འདྲ་བོ་འདུག
    མི་ཉག་སྐལ་བཟང་ལགས་དེང་སྐབས་བརྡ་འཕྲིན་གྱི་དུས་རབས་སུ་སླེབས་ཟིན་པས་ས་ཁུལ་བྱེ་བྲག་པ་ཞིག་གི་བདག་བཟུང་བྱེད་བཞིན་པའི་མཐོང་སྣང་དེ་ནོར་འཁྲུལ་མ་ཡིན་ནམ། མདོ་སྟོད་ཕྱོགས་དང་སྒོས་སུ་མི་ཉག་ཁུལ་ལ་ཤེས་ཡོན་ཅན་དང་འཇོན་ཐང་ཅན་མང་པོ་མེད་པའི་རྒྱུ་མཚན་གྱིས་གཞན་གྱིས་བགྱིས་པར་མི་བཟོད་པའི་ཀུན་སློང་སྐྱེས་ན་ཡག་པོ་ཞིག་ཏུ་མ་མཐོང་།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    གྲོགས་པོ་སྒོ་དམར་ལགས། དེ་རིང་ཁྱེད་ཀྱི་བསམ་འཆར་འདི་ཆབ་སྲིད་ཆེན་པོ་ཞིག་ཏུ་ངས་ངོས་འཛིན་བྱེད་ཀྱི་ཡོད། ང་ཁྱེད་ཀྱི་སྒོ་འགྲམ་ན་ཡོད། སྐད་བཏང་ན་ནང་ལ་ཡོང་གི་ཡིན།

    Reply
  4. གཡག་ཕྲུག། says:
    ལོ་ 13 སྔོན།

    སྒོ་དམར་ལགས། ཁྱེད་ཀྱི་རྩོམ་ཡིག་དེ་དོན་དང་མཐུན་པའི་བསམ་ཚུལ་ཞིག་རེད། བོད་ཀྱི་བུད་མེད་ཚོས་དེར་བསམ་གཞིགས་བྱེད་དགོས་ངེས་རེད།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 13 སྔོན།

    དེངས་སང་ཕ་མ་གཉིས་ཀྱི་ལས་ཀ་ལ་ཕྱི་ནང་གི་ཁྱད་པར་ཅང་མེད་པ་རེད། ཀླད་པ་རྙིང་བ་ཁུར་ནས་འདི་འདྲ་གླེན་བཤད་མ་བྱེད།

    Reply
  6. མི་ཉག་སྐལ་བཟང་། says:
    ལོ་ 13 སྔོན།

    འདིར་རང་དབང་གི་གླེང་སྟེགས་བརྒྱུད་ནས་ཁ་བརྡ་ཚིག་འགའ་ཞུ་འདོད་བྱུང་།
    ང་རང་དུས་ཡུན་རིང་པོ་ཞིག་ནས་ད་བར་བོད་ཀྱི་དུས་བབ་ཚགས་ཤོག་ཀློག་བའི་གོམས་འདྲིས་སུ་སོང་། འོན་ཏེ་སྐབས་རེ་ཚགས་ཤོག་འདིས་ངའི་སེམས་ལ་མི་བདེ་བའི་ཚོར་སྣང་སྐྱུར་མོ་ཐེངས་འགའ་ཐོབ་མྱོང་། མིང་རྫིག་པོ་རེ་དང་དོན་སྟོང་པའི་བསམ་ཚུལ་མི་ཉུང་ཞིག་གིས་ངའི་སེམས་ལ་བག་ཆགས་ཤིག་སྟེར་མ་མྱོང་། གལ་ཏེ་ངའི་འདིར་ཆོལ་ཁའི་མིང་ཞིག་འཁྱེར་ཡོང་པ་ཡིན་ན་མི་ཚོས་ང་ལ་དཀྲུག་ཤིང་གི་གཏེ་པོ་ཞེས་ཁ་རྡུང་གཏོང་ཐག་ཆོད་རེད། ཡིན་ན་ཡང་སྐད་ཆ་དེ་ཚོ་ཞེན་ཁོག་སྐམ་པོ་ཙམ་ཡིན་པས་སྣང་མེད་དུ་འཇོག་འདོད་པ་ཡིན། ཚགས་ཤོག་འདིར་བོད་ཀྱི་ས་ཁུལ་ཆ་ཤས་ཤིག་གི་གནས་ཚུལ་ཙམ་མ་གཏོགས་བོད་ཡོངས་ཀྱི་གནས་ཚུལ་བཀོད་འབྲི་བྱེད་པ་ཧ་ཅང་ཉུང་ཉུང་རེད། འདི་ལྟར་བསམ་བློའི་འཇལ་ཚད་ཆུང་ཞིང་མིག་རྒྱང་ཐུང་བའི་ལས་བྱེད་ཚོར་འགན་དེ་འཁྲི་ཡོད། ང་ཚོར་ལངས་ཕྱོགས་གསར་པ་དང་ལྟ་བ་གསར་པ། བརྗོད་གཞི་གསར་པ་དང་ཐབས་ཇུས་གསར་པ། མཐུན་སྒྲིལ་གསར་པ་དང་ནུས་པ་གསར་པ། གནས་ཚུལ་གསར་པ་དང་ཕུགས་འདུན་གསར་པ་ཡོད་དགོས་པ་ཡིན། མདོར་ན་ཚགས་ཤོག་འདིར་བོད་སྤྱིའི་གནས་ཚུལ་བཀོད་དགོས་པའི་ཁ་ཕྱོགས་གསར་པ་ཞིག་ལ་ཤུགས་སྣོན་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན། དོད་བྱུང་།

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    བུ་མེད་ཞིག་གསོ་སྐྱོང་བྱས་མཐར་བྱེའུ་མགོ་སེར་ཞིག་བཙས་བཏང་ན་་་ཧ་ཧ་ཧ་ཧ་ཧ་དེ་ལས་གྲྭ་བ་དང་ཨ་ནེ་གསོ་སྐྱོང་བྱོས།
    བུ་ཕར་དང་བུ་མོ་མར་འགྱུར་སོང་དུས་ཁྱིམ་འཛིན་ཡིན་པ་གཅིག་མ་རེད་དམ།
    དེས་ན་བོད་ཡིག་སྐྱོབ་ན་གྲྭ་བ་དང་ཨ་ནེ་གཙོ་བོར་ཟུང་་་་ཧ་ཧ་ཧ

    Reply
  8. དབྱངས་བུ། says:
    ལོ་ 13 སྔོན།

    བསེ་རུ་ལགས།
    ངའི་དྲི་བར་དོན་ལྡན་གྱི་ལན་ཞིག་ཐོབ་རྒྱུའི་གཏམ་བཟང་ཐོས་པར་ངོ་མ་དགའ་
    སྤྲོ་ཆེ། རྒྱུ་མཚན་ནི་ངོས་རང་གི་ཕྲན་ཙམ་ཤེས་པ་ལས་གཏིང་ཟབ་པའི་གནད་དོན་
    ཤེས་ཀྱི་མེད་པས། ངས་ཁྱེད་ཀྱི་ལན་འདེབས་སྒུག་ནས་བསྡད་ཆོག ངའི་རེ་བ་ཆུ་ལ་མ་བསྐུར་བའི་རེ་བ་ཆེ་ཡོད།

    ཐུགས་རྗེ་ཆེ།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    ཧཧཧཧཧཧཧཧ་ཕ་མ་གོ་གནས་དང་དཔལ་འབྱོར་ཡོད་པ་རྣམས་ཀྱིས་བོད་སྐད་བོད་ཡིག་སློབ་ཀྱིན་རེད་ཨེ། བོད་སྐད་དང་བོད་ཡིག་སློབ་མཁན་གྲྭ་པ་ཨ་ནེ་དང་བོད་མི་ཉམ་ཐག་ཚོ་རེད་མ་གཏོགས་བཙན་བྱོལ་བོད་ཀྱི་མི་དྲག་སྐུ་དྲག་ཚོའི་མི་ལོ་ལྔ་བཅུའི་རིང་ཅི་འདྲ་བྱས་ཡོད་མེད་ང་ཚོ་བོད་མི་ཉམ་ཐག་རྣམས་ཀྱི་སེམས་ལ་གསལ་ལེ་ཡོད།

    མ་གཞི་ནས་ཕྲུག་གུ་ཚང་མ་བུ་གསོ་ཁང་ནང་དུ་བཞག་ནས་ནང་གི་ཨ་མ་ལ་ཡོན་ཏན་ཡོད་ཀྱང་བུ་ཕྲུག་ལ་སློབ་པའི་གོ་སྐབས་ག་དུས་ཡོིད་རེད་དམ།
    གལ་ཆེ་ནང་གི་དོན་ཆེན་ནི་བུ་གསོ་ཁང་གི་མ་མ་རྣམས་ལ་སློབ་སྦྱོང་ཡག་པོ་ཡོད་ན་ཕྲུག་གུ་ཚོ་ལ་བསླབ་ཐུབ་པའི་རེ་བ་དང་གོ་སྐབས་ཡོད་པ་མ་གཏོགས་ནང་གི་ཨ་མའི་རྩ་ལ་ཕྲུག་གུ་མེད་ན་སློབ་སྦྱོང་ཇི་ལྟར་སྤྲོད་དགོས་སམ།

    Reply
  10. རྭ་ལོ། says:
    ལོ་ 13 སྔོན།

    འཇིག་རྟེན་ཡ་རབས་ཀྱི་ལུགས་ལ་ཕ་མར་ཤེས་ཡོན་ཡོད་ན་བྱིས་པར་ཤེས་ཡོན་འབྱོར་བར་བཤད་ཀྱང་། ད་སྐབས་བལྟས་ཡོང་དུས། སྒོར་མོ་དང་གོ་ས་ཡོད་ན་བྱིས་པ་ཚོའི་མདུན་ལམ་རྒྱ་ཆེན་པོ་རེད།

    Reply
  11. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 13 སྔོན།

    ཨ་མ་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་གི་གནས་ཚད་ཅི་ཙམ་མཐོ་ན་བུ་ཕྲུག་ཚོ་བཟང་སྤྱོད་དང་ཤེས་ཡོན་ཅན།འཇོན་ཐང་དང་་རྣམ་དཔྱོད་ཅན་དུ་བསྐྱེད་སྲིང་བྱེད་རྒྱར་དགེ་ཕན་ཆེན་པོ་ཡོད་པས་སློབ་སྦྱོང་སྤྲོད་སྐབས་བུད་མེད་རྣམས་གཙོ་གཟུང་བྱེད་ཐུབ་ན་ཡག་པོ་ཡོད་པ་གནས་ལུགས་རྒྱུན་མཚན་ལྡན་པའི་སྐད་ཆ་རེད་།་

    Reply
  12. བསེ་རུ། says:
    ལོ་ 13 སྔོན།

    དག་ཡིག་གསར་བསྒྲིགས་ཀྱི་ལུགས་ལྟར་ན།
    ཟུང་དང་ཟུངས་གཉིས་ལས།
    ཟུང་ནི། ཆ་དང་གཉིས་ཀྱི་དོན་དང་།
    ཟུངས་ནི། གཟུང་བྱ། འཛིན་བྱེད། བཟུང་། ཟུངས། ཞེས་པ་ལྟར་འཛིན་པའི་སྐུལ་ཚིག་ལ་འཇུག་གོ།

    བོད་རྒྱ་ཚིག་མཛོད་ལྟར་ན།
    ཟུང་ནི། འཛིན་པའི་སྐུལ་ཚིག་ཏུ་གསུངས་འདུག

    ཡོངས་ཁྱབ་ཀྱི་སྤྱོད་སྲོལ་ལྟར་ན། འཛིན་པའི་སྐུལ་ཚིག་ལ་ཟུང་དང་ཟུངས་གཉིས་ལས་ཟུངས་དག་པར་བརྩིའོ།།
    དབྱངས་བུ་ལགས། ངས་ཁྱེད་ཀྱིས་དྲི་བ་ད་དུང་བརྗེད་མེད། འོན་ཀྱང་དོན་ལྡན་ལན་གྱི་ལན་ཞིག་ད་དུང་རྙེད་མ་བྱུང་།

    སྤྱིར་ངས་བལྟས་ན་བུད་མེད་ཀྱི་རང་བཞིན་དང་ནུས་སྟོབས་སོགས་ཀྱི་དབང་གིས་སྐྱེས་པ་གར་སླེབས་སར་བུད་མེད་སླེབས་ཐབས་མེད་ལ། སྐྱེས་པས་གང་འཇོན་རྣམས་བུད་མེད་ཀྱིས་འཇོན་ཐབས་མེད། དེ་བཞིན་བུད་མེད་ཀྱིས་གང་འཇོན་པ་དང་ནུས་པ་དེ་རིགས་སྐྱེས་པས་མི་ནུས་པ་དེ་འདྲ་ཡང་ཡོད་པ་མ་རེད་དམ། མདོར་ན། སྐྱེས་པས་གང་བྱས་གང་འཇོན་བུད་མེད་ཀྱིས་འཇོན་དགོས་པའི་ངེས་པ་མེད་ལ། བུད་མེད་ཀྱིས་གང་བྱས་གང་འཇོན་སྐྱེས་པས་འཇོན་དགོས་པའི་ངེས་པ་ཡང་མི་འདུག་སྙམ། །

    Reply
  13. དབྱངས་བུ། says:
    ལོ་ 13 སྔོན།

    སྒོ་དམར་སངས་རྒྱས་བཀྲ་ཤིས་ལགས།
    གོང་གི་རྩོམ་ཡིག་ཆ་ཚང་བཀླགས་པ་བརྒྱུད་རང་ཤུགས་ཀྱི་དྲི་བ་འགའ་ཤས་འདྲི་
    འདོད་ཆེན་པོ་བྱུང་བས་ལན་འདེབས་ཡོང་བ་ཞུ།
    ༡། ཁྱེད་ཀྱི་རྩོམ་ཡིག་ནང་གྲགས་ཚོད་ལ་གཞིགས་ན་བུད་མེད་མཁས་དབང་བྱུང་
    མྱོང་མེད་པའམ། བུད་མེད་མཁས་དབང་བོད་པའི་སྤྱི་ཚོགས་ནང་མེད་པ་ལྟ་བུ་བྲིས
    འདུག་པས། ཐོག་མར་དངོས་བདེན་ཡིན་མིན་རྒྱུ་མཚན་དང་བཅས་གསུང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist