མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་སྒྱུར་སྐབས་ཀྱི་མྱོང་ཚོར། བུ་ཆུང་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

བུ་ཆུང་ཚེ་རིང་།

ད་རེས་༧གོང་ས་མཆོག་གི་འདི་ག་ཝ་ཤིང་ཊོན་ཌི་སི་རུ་ཆིབས་བསྒྱུར་ལེགས་གྲུབ་བྱུང་བར་ད་ལྟ་བསམ་བློ་གཏོང་སྐབས་གུས་རང་བསྐལ་བཟང་གི་ལས་དོན་འདི་རིགས་སུ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་ཡོད་པ་དེ་རང་གི་མི་ཚེའི་ནང་ནམ་ཡང་བརྗེད་མི་ཐུབ་པའི་མྱོང་ཚོར་ཞིག་བྱུང་སོང་།

གུས་རང་ ༡༩༨༢ ལོར་རང་རེའི་གཞུང་གི་ཞབས་ཞུར་དངོས་སུ་འཛུལ་ཞུགས་བྱས་ནས་ད་བར་དགའ་སྤོབས་ཆེ་ཤོས་དེ་ནི་༧གོང་ས་མཆོག་གི་མཛད་དོན་དང་འབྲེལ་བའི་ལས་དོན་འདི་འདྲའི་ཐོག་རང་ནུས་གང་ཐུབ་ཀྱིས་ཞབས་ཞུའི་གོ་སྐབས་བྱུང་བ་དེ་ཡིན།

སློབ་གྲྭ་ཆེན་མོའམ་མཐོ་སློབ་ཐོན་རྗེས་ཐོག་མར་ལོ་གཉིས་ཙམ་རིང་རྒྱ་གར་གསར་ཤོག་ཞིག་གི་གསར་འགོད་པའི་ལས་ཀ་བྱས་པ་ཡིན། དེ་སྐབས་སྤྱིར་བོད་མི་ཞིག་ཡིན་པའི་ཆ་ནས་བོད་པའི་ལས་འགུལ་དང་འབྲེལ་བ་ཡོད་པ་དང་ཚགས་པར་དེའི་ནང་སྐབས་རེར་བོད་དོན་སྐོར་རྩོམ་བྲིས་རྒྱུའི་གོ་སྐབས་བྱུང་རུང་ཉིན་རེའི་ལས་ཀ་ནི་རྒྱ་གར་རྒྱལ་སར་ཡོད་པའི་མཐོ་སློབ་ཁག་གི་ལས་དོན་སྐོར་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་དེ་ཡིན། དེ་ནས་དེ་སྐབས་རང་གཞུང་དྲིལ་བསྒྲགས་ལས་ཁུངས་དང་ད་ཆ་ཕྱི་དྲིལ་ལས་ཁུངས་སུ་ཞབས་ཞུ་མགོ་བཙུགས་པ་ནས་ཉིན་རེའི་ལས་དོན་དེ་ཡང་བོད་དང་འབྲེལ་བ་རང་ཆགས་པ་རེད། ལྷག་པར་༡༩༩༥ ལོར་འདི་ག་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ལས་དོན་ཆེད་གཏོང་གནང་རྗེས་གུས་པའི་ལས་འགན་གཅིག་ནི་༧གོང་ས་མཆོག་གི་འདི་ཕྱོགས་ཀྱི་ཆིབས་བསྒྱུར་གོ་སྒྲིག་ལ་རམ་འདེགས་ཞུ་རྒྱུ་དེ་ཡིན། ཕྱོགས་གཅིག་ནས་ལས་དོན་དང་ལས་འགན་ཞིག་ཡིན་རུང་ཕྱོགས་གཞན་ཞིག་ལ་གང་ཟག་སུ་འདྲ་ཞིག་དང་ལྷག་པར་བོད་མི་ཡིན་ཕྱིན་ཆེད་༧གོང་ས་མཆོག་གི་མཛད་འཆར་དང་འབྲེལ་བའི་ལས་དོན་ཐོག་མཉམ་ཞུགས་བྱེད་རྒྱུ་ནི་རྙེད་དཀའ་བའི་གོ་སྐབས་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་རེད་།

ད་རེས་ཝ་ཤིང་ཊོན་གྱི་ཆིབས་བསྒྱུར་དེས་༧གོང་ས་མཆོག་ལ་འཛམ་ གླིང་མི་མང་སྤྱི་དང་དམིགས་བཀར་བོད་མི་ཚོས་དད་གུས་ཆེན་པོ་བྱེད་ཀྱི་ཡོད་པའི་གཞི་རྩ་ག་རེ་ཡིན་པ་དེ་གསལ་པོ་བསྟན་སོང་སྙམ། འདི་ཁུལ་དུ་དངོས་སུ་ཡོད་ཅིང་ཟླ་བ་འགའ་ཞིག་ཙམ་ལས་མ་ཕྱིན་པའི་བྱིས་པ་གཙོས་བོད་མི་ཚོ་དང་ལྷག་པར་བོད་ནང་དང་རྒྱལ་ཁབ་གཞན་ནང་ཡོད་པའི་བོད་མི་ཚོས་༧གོང་ས་མཆོག་ལ་སྒོ་གསུམ་གུས་པས་ད་རེས་ཀྱི་ཆིབས་བསྒྱུར་འདིར་དགའ་བསུ་ཞུས་སྟངས་དེས་ཁོང་དང་བོད་མིའི་དབར་མི་རབས་དང་། ལོ་རྒྱུས། དེ་བཞིན་ལས་དབང་གི་འབྲེལ་བ་གཏིང་ཟབ་ཡོད་པ་དེ་མཚོན་གྱི་འདུག ཡང་ཚེས་ ༡༨ཉིན་ལོ་གསར་དུས་སྐབས་དང་བསྟུན་ནས་སྣེ་ལེན་མཛད་སྒོ་ཞིག་དང་། ཚེས་ ༡༩ ཉིན་གྱི་དམངས་གཙོའི་ཞབས་ཞུའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་སོགས་ཀྱི་སྐབས་ཨ་རི་བ་དང་དེ་བཞིན་ཕྱི་མི་བརྒྱ་ཕྲག་འགའ་ཞིག་གིས་༧གོང་ས་མཆོག་ལ་དགའ་བསུའི་རྣམ་འགྱུར་སྟོན་སྟངས་དེས་མགོན་པོ་གང་གིས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་དང་མི་རིགས་དབར་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབས་ལ་སོགས་པའི་མཛད་པ་འཕྲིན་ལས་ལ་རྗེས་སུ་ཡི་རངས་ཞུ་བཞིན་ཡོད་པ་མཚོན་གྱིན་ཡོད། ལྷག་པར་གཟེངས་རྟགས་དེས་༧གོང་ས་མཆོག་གིས་མིའི་སྤྱི་ཚོགས་ནང་དམངས་གཙོའི་ལམ་ལུགས་ལ་གནད་འགག་ཡོད་པ་དང་། དེའི་ཐོག་སྐུ་ངལ་འཛེམས་མེད་ཐོག་ནས་སྐུ་ལས་སྐྱོན་གྱིན་ཡོད་པ་དེར་ངོས་འཛིན་ཡོད་པ་མཚོན་ཡོད།

ཡང་ཨ་རི་གཞུང་གི་འཛིན་སྐྱོང་སྡེ་ཚན་གྱི་ཆབ་སྲིད་ཀྱི་ཐུགས་འགན་གཙོ་བོ་བཞེས་མཁན་སྲིད་འཛིན་སྦ་རག་ཨོ་སྦ་མ་དང་ཕྱི་སྲིད་བློན་ཆེན་ ཧི་ལ་རི་ཁི་ལིན་ཊོན་གཉིས་ཀ་ནས་༧གོང་ས་མཆོག་དང་མཇལ་ནས་བོད་དང་རྒྱལ་སྤྱིའི་དོན་གནད་ཐོག་བཀའ་བསྡུར་ལྷུག་པོ་གནང་བ་དང་། སྲིད་འཛིན་ཨོ་སྦ་མའི་མགྲིན་ཚབ་པས་རྗེས་སུ་གསལ་བསྒྲགས་གནང་བ་བཞིན་སྲིད་འཛིན་ནས་༧གོང་ས་མཆོག་གི་དབུ་མའི་ལམ་དང་འཚེ་མེད་ཞི་བའི་ཐབས་ལམ་ལ་སྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད་པ། བོད་རྒྱ་འབྲེལ་བའི་འབྲེལ་མོལ་མུ་མཐུད་རྒྱུར་རྒྱབ་སྐྱོར་གནང་བ་དེས་ཨ་རི་གཞུང་གི་ཆབ་སྲིད་སྔོན་བརྡ་ཞིག་རེད། སྲིད་འཛིན་མཆོག་དང་༧གོང་ས་མཆོག་དབར་གནད་དོན་མང་པོའི་ཐོག་དགོངས་ཚུལ་མཐུན་ཡོད་པ་དང་། ཕྱི་སྲིད་བློན་ཆེན་ནས་༧གོང་ས་མཆོག་ལྷན་ཕྱག་རོགས་གཞན་སུའང་མེད་པའི་ཐོག་ནས་བཀའ་མོལ་ཐོལ་པ་སྐར་མ་ ༡༥ ཙམ་གནང་བ་དེས་ཁོང་ནས་༧གོང་ས་མཆོག་ལ་དམིགས་བསལ་ཐུགས་རེ་ཡོད་པ་དང་ཐུགས་ཡིད་ཆེ་བའི་རྣམ་འགྱུར་བསྟན་པ་རེད།
གང་ལྟར་ད་རེས་ཀྱི་ཆིབས་བསྒྱུར་དེས་རང་གཞན་ཚང་མར་སེམས་ཤུགས་སྐྱེས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེས་དེ་དངོས་གསལ་བྱུང་བ། བོད་ཕྱི་ནང་དུ་ཡོད་པའི་བོད་མི་ཚོ་དང་མགོན་པོ་གང་ཉིད་དབར་ལས་དབང་གི་འབྲེལ་བ་གཏིང་ཟབ་དུ་ཕྱིན་པའི་གྲུབ་འབྲས་བྱུང་ཡོད་པའི་མྱོང་ཚོར་བྱུང་།

རྩོམ་ཡིག་འདི་ཁོང་གི་མོས་མཐུན་ལྟར་འདིར་བཀོད་པ་ཡིན། ཁོང་གི་ཟིན་བྲིས་ལ་གཟིགས་ན་ བུ་ཆུང་ཚེ་རིང་གི་ཟིན་བྲིས།  འདིར་བསྣུན་རོགས།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

སྐར་མ ༢༤ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༢༠ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༡ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 9

  1. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    “དེ་ནས་དེ་སྐབས་རང་གཞུང་དྲིལ་བསྒྲགས་ལས་ཁུངས་” ཁྱེད་ཀྱི་འབྲི་སྲོལ་ཡག་པོ་མི་འདུག ་་་”དེ་སྐབས”མི་ཟེར་བར་”སྐབས་དེ”ཞེས་བྲིས་ན་ཡག་པོ་་རེད། what do you think if i write “time that” instead of “that time”?

    Reply
  2. རིགས་ཀྱི་བུ། says:
    ལོ་ 16 སྔོན།

    འདི་ང་ཚོས་ཁ་དང་ཁ་སྤུ་སོ་སོར་མ་ཕྱེས་ན་མི་འགྲིག་པ་ཞིག་རེད།་་་་་་རྒྱུ་མཚན་ནི་དོ་གལ་ཆེན་པོས་བོད་གཞུང་དོན་གཅོད་ཁང་ཁག་རྒྱལ་ཁབ་གང་མང་ཞིག་ལ་བཙུགས་ཡོད་པས།་་་་་་་ཁོ་ཚོར་ཡུལ་དུས་དཔགས་པའི་ལས་དོན་མི་ཉུང་བ་ཞིག་ཡོད་པ་ལས་།་་་་་གོང་ས་མཆོག་ལ་ཕེབས་སྐྱེལ་དང་བདེ་འཇགས་ཀྱིས་མཚོན་ཆོས་སྲིད་ཀྱི་ལས་དོན་རིགས་མཐའ་གཅིག་ཏུ་དོན་གཅོད་ཀྱིས་ཐག་གཅོད་དགོས་པར་རྒྱུ་མཚན་མང་བོ་ཡོད་རེད།
    འོན་ཀྱང་ཨ་རི་ལྟ་བུར་མཚོན་ན་ནམ་རྒྱུ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་སེར་བ་ལྟ་བུས།་་་་་་་་བོད་གཞུང་དོན་གཅོད་ཁང་ལ་བརྩི་མེད་དང་ཕྱིར་འདེད་བྱས་དང་བྱེད་བཞིན་པ་རེད།་་་་་་ལར་ནས་ངྷ་སར་ཡོད་པའི་བཀའ་ཤག་གིས་རྩ་འཁྲིམས་གསེར་བྲིས་མ་ཡིན་ཟེར་བ་ཙམ་ལས།་་་་་་དངོས་དོན་ལག་ལེན་གྱི་ཐོག་ནས་ཨ་རིའི་དོན་གཅོད་ཀྱི་ལས་འགན་དང་སྐུ་དབང་ཡང་བགོད་སྒྲིག་ཞུ་ཐུབ་ཀྱི་མེད་པའམ།་་་་་་ཞུ་འདོད་མེད་པ་ང་ཚོས་སྔ་ས་ནས་མཐོང་སོང་།་་་་་་་འདི་ལྟར་བྱས་ནས་བོད་གཞུང་གི་སྲོག་དབུགས་དངུབས་བཞིན་པ་དང་གོང་༸ས་མཆོག་གི་སྐུ་འཚོ་བཞུགས་ཡིན་མིན་ལ་མ་ལྟོས་པར།་་་་་་་

    Reply
  3. རིག་འཛིན། says:
    ལོ་ 16 སྔོན།

    ᪠ᨙ᫕᫞ᨵ᫥་᫐ᨑ᪄་

    Reply
  4. བུ་སྨྱོན་པ། says:
    ལོ་ 16 སྔོན།

    མཆོག་ཏུ་བཀུར་འོས་བུ་ཆུང་ཚེ་རིང་ལགས། སྐུ་ཉིད་ཀྱི་ཉུང་ཚོར་ཀློག་རྗེས་སྐུ་ཉིད་ལ་ཟིན་བྲིས་ཡོད་པ་ཤེས་ཏེ་ཅི་ཞིག་བྲིས་ཡོད་དམ་སྙམ་ནས་བལྟ་བར་བསྐྱོད་སྐབས་ཡིག་གཟུགས་ཚང་མ་འཐོར་ཏེ་ཀློག་ཐུབ་ཀྱི་མིན་འདུག་པས་སྤྱི་ཚོགས་ལ་ཕན་པ་ངེས་ཅན་ཡོད་པའི་རྩོམ་བྲིས་དང་གནས་ཚུལ་སོགས་ཡོད་ཚེ་སྐུ་ཉིད་དུས་འཁོམས་དང་བསྟུན་ཟིན་བྲིས་ཀྱི་ཡི་གེ་བསྒྱུར་བཅོས་གནང་ན་ལེགས་པར་བསམ།
    སྨྱོ་ལབ་བརྒྱབས་ཡོད།

    Reply
  5. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    བསེ་རུས་དེ་འདྲ་བྱས་ནས་གལ་ཆེའི་གནས་ཚཱུལ་ཁག་ཐད་གཏོང་བྱས་ནས་ཡག་པོ་མི་འདུག་གམ

    Reply
  6. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    འདིར་བུ་ཆུང་ཚེ་རིང་གིས་༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཆིབས་སྒྱུར་སྐབས་ཀྱི་མྱོང་ཚོར། གླེང་ཞོར་དུ་གོ་སྐབས་འདི་བརྒྱུད་ནས་བུ་ཆུང་ཚེ་རིང་རང་ཉིད་ངོ་སྤྲོད་གང་ཡག་ཡག་བྱས་འདུག འདི་ངོ་སོ་ཡིན་ནམ་ཡང་ན་སྤྲེལ་ལད་ཡིན། ཡང་ན་ངོ་རྒོལ་ཡིན་ནམ་མ་གུས་པ་ཡིན། གལ་ཏེ་ཁྱོད་ཀྱིས་བཤད་འདོད་ན་ཨོ་བྷ་མས་༧གོང་ས་མཆོག་གད་སྙིགས་ཀྱི་སྤུངས་པའི་སྒོ་དཀྱུས་མར་ཕེབས་བསྐྱལ་གནང་དགོས་པའི་རྒྱུ་མཚན་རྒྱས་པ་ཞིག་འབྲི་དང་།

    Reply
  7. ནོར། says:
    ལོ་ 16 སྔོན།

    ཞབས་རོགས་ཡིན་ཟེར་མཁན་ཚོས་མ་འོངས་པར་ཕྱོགས་ཡོངས་ལ་ཤུགས་སྣོན་སྔར་ལྷག་གནང་དགོས་ཚོད་རེད། དཔེར་ན་ད་རེས་ཕོ་བྲང་དཀར་པོའི་ཕེབས་ལམ་ལྟ་བུ་རེད།

    Reply
  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    རྩོམ་འདི་འབྲི་མཁན་བུ་ཆུང་ཚེ་རིང་ལ་དོགས་སློང་འགའ་ཞུ་གི་ཡིན།

    དང་པོ།
    ཁྱེད་ཀྱིས། ཨ་རི་གཞུང་གི་ཆབ་སྲིད་ཀྱི་སྔོན་བརྡ་ཞིག་རེད་ཟེར་བའི་སྐད་ཆ་འདིའི་གོ་དོན་ག་རེ་རེད། འགྲེལ་བཤད་ཁ་གསལ་ཞིག་བསྐྱོན་དང་།
    གཉིས་པ།
    ༧གོང་ས་མཆོག་བྱང་ཨ་རི་སོགས་ལ་ཕེབས་ན། ཆིབས་བསྒྱུར་གྱི་གོ་སྒྲིག་དང་རོགས་རམ་གནང་མཁན་དེ། སྐུ་ཚབ་དོན་གཅོད་རེད་དམ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་རེད། སྐུ་ཚབ་དོན་གཅོད་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱི་ཕྱག་ལས་གནང་སྟངས་ཇི་ལྟར་རེད། འདི་ཁ་གསལ་བཟོ་རོགས།
    གསུམ།
    སྲིད་འཛིན་ཨོ་སྦ་མས་༧གོང་ས་མཆོག་གློ་སྒོ་ནས་བརྒྱུད་ཕེབས་འདུག་དོན་ཅི་རེད། ཕོ་བྲང་དཀར་པོའི་གློ་སྒོ་དེ་དོན་དངོས་སུ་སུའི་ཕེབས་ལམ་རེད་དམ། ཁྱེད་རང་དེའི་སྐབས་སུ་ཞབས་རོགས་སུ་འདུག བོད་རིགས་ྐློག་པ་པོ་ཚོར་འདིའི་སྐོར་ནས་ཁ་གསལ་ཅིག་གསུངས་རོགས།

    Reply
  9. བསེ་རུ། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་ད་ལྟ་རང་གྷ་གལ་གནམ་ཐང་དུ་ཞབས་སོར་འཁོད་དེ། བཞུགས་སྒར་དྷ་སའི་ཕྱོགས་སུ་ཆིབས་ཁ་བསྒྱུར་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese