མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་དཀར་པོའི་ལོ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༧༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

དར་གྱི་སྒོ་ཆེན་བསླངས་ཤིང་། བསང་གསོལ་དང་བདུག་སྤོས་ཀྱིས་སྣེ་དྲངས་ཏེ་༧གོང་ས་མཆོག་ཕྱིར་བཞུགས་སྒར་དུ་ཞབས་སོར་བཀོད་སོང་། ཡིན་ཡང་མགོན་པོ་གང་གི་དགུང་ལོའི་བབ་དང་མཛད་འཕྲིན་ཁག་ལ་བསམ་སྐབས་ང་ཚོས་ལྷ་རྒྱལ་ཙམ་འཐེན་ནས་འདུག་ཚོད་མིན་པའང་ཇེ་གསལ་དུ་གྱུར།

༧གོང་ས་མཆོག་ད་ལོ་དགུང་ལོ་ ༧༥ རེད། འདི་ནི་ཕྱི་ལུགས་ལྟར་ན་ལོ་ ༢༥ རེའི་མཚམས་ཀྱི་ལོ་ཚིགས་གལ་ཆེ་ཤོས་ཏེ། དུས་རབས་གཅིག་ཕྱེད་བཞི་རུ་བགོས་པའི་ཕྱེད་མཐའ་མ་གཉིས་པ་དེ་རེད། འདི་ནི་གསེར་དཀར་པོ་སྲུང་གཙིའི་ལོ་རེད། དེ་བས་བོད་པ་ཚོས་ཀྱང་ལོ་འདིར་མགོན་པོ་གང་གི་སྐུའི་འཁྲུངས་སྐར་ཙམ་མིན་པར་ཁོང་གི་མཛད་འཕྲིན་ཁག་ལ་ཕྱོགས་ཡོངས་ནས་དབུ་འོག་དཔུང་འདེག་བྱ་རྒྱུ་ནི་གལ་ཆེ་བར་འདོད།

ཉེ་ཆར་༧གོང་ས་མཆོག་ཨ་རིའི་སྲིད་འཛིན་ལ་མཇལ་འཕྲད་གནང་སྐབས་གཞིས་ལུས་བོད་པ་ཚོས་རང་སྲོག་ལ་མ་འཛེམས་པར་དགའ་བསུའི་རྣམ་འགྱུར་ཅི་ཡང་བསྟན་ཡོད། མཇལ་འཕྲད་ཀྱི་རྗེས་སུ་༧གོང་ས་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་ཐེངས་འདིར་སྲིད་འཛིན་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་སོང་སྐོར་གསུངས་ཡོད། ཁོང་གི་ཆིབས་ཞབས་སུ་འབྲངས་མཁན་ཚོས་ཀྱང་དེ་སྐད་དུ་བསྒྲགས།

ཡིན་ཡང་། ཁོང་ཉིད་ཕོ་བྲང་དཀར་པོ་ནས་ཕྱིར་ཕེབས་སྐབས་ཀྱི་ཕེབས་སྒོ་དེའི་ཐད་བཤད་ཚུལ་མི་འདྲ་བ་དང་། ཐ་ན་ཕེབས་སྒོ་དེ་ནི་ཕོ་བྲང་དཀར་པོའི་ཐབ་ཚང་གི་སྒོ་ཡིན་ཚུལ་གླེང་མཁན་ཡང་ཡོད་ལ། འདི་ནི་གཙོ་བོ་རྒྱ་ནག་གི་གནོན་ཤུགས་དང་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་བརྩི་བཀུར་བྱས་པ་མ་འདང་བའི་གནད་དོན་ལ་ངོས་འཛིན་བྱེད་མཁན་དང་། གོ་སྒྲིག་འདི་དག་གི་དབང་གིས་རྒྱ་ནག་གི་བློ་ཁ་ཚིམས་ཡོད་པར་བཤད་མཁན་ཡང་བྱུང་ཡོད།

གང་ལྟར། ད་ལོ་ནི་༧གོང་ས་མཆོག་གི་དགུང་ལོ་ཁྱད་པར་བ་ཞིག་ཡིན་སྟབས། ང་ཚོས་ངེས་པར་དུ་ཁོང་གི་མཚན་དང་གྲགས་པ་ལ་གནོད་པའི་ལས་ཕྲ་མོ་ཙམ་ལ་ཡང་ཤིན་ཏུ་ནས་གཟབ་དགོས་པར་འདུག

ལྷ་རབ་བྱུང་ན། ད་ལོའི་གོ་སྐབས་འདི་དང་བསྟུན་ང་ཚོས་ཆོས་སྲིད་གཉིས་ཐད་ནས་བསམ་བློ་བཏང་སྟེ། ས་སྟེང་གི་ནང་བའི་རྒྱལ་ཁབ་ཐུན་མོང་གིས་ཁོང་གི་མཛད་རྗེས་ལ་ཡི་རང་གུས་བཀུར་དང་ཁོང་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་བརྟན་བཞུགས་རྒྱས་པ་ཞིག་ཀྱང་འབུལ་རྒྱུའི་དུས་ལ་བབ་ཡོད་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

སྐར་མ ༡ སྔོན་ལ།
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

སྐར་མ ༢༣ སྔོན་ལ།
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣

མཆན། 7

  1. སྐྱ་ཀ says:
    ལོ་ 16 སྔོན།

    རང་ཐོག་ཏུ་བབས་པའི་གནད་དོན་ཡོད་ན་དེ་ནི་སུས་ཀྱང་གསལ་བརྗེན་ངང་གཞན་ལ་སྟོན་མི་སྲིད། རོགས་སྐྱོ་དེ་ནི་ངོ་མ་མུན་ནག་ནང་དུ་འཕང་པའི་མདའ་མོ་ཞིག་ལས་ཅིི།

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དབྱངས་བུ་ལགས། འདིའི་སྐོར་གྱི་གནས་ཚུལ་གྷོ་གྷལ་ནང་དུ་བཙལ་ན་ཁེངས་བསྡད་འདུག འདིར་བོད་དོན་སྐོར་ལ་བསམ་ཚུལ་སྤེལ་མཁན་གཅིག་དྲངས་ན། ཁུ་ལོ་ཌེ་ཡ་ ཨར་པེ་ ལགས་རེད། ཁོང་གི་རྩོམ་བྱང་ལ་ Victory to the gods ཞེས་བཏགས་འདུག འདི་ཡང་གྷོ་གྷལ་ནང་བཙལ་ན་རྙེད་གི་རེད།

    གནས་སྐབས་འདི་ཙམ་ཡིན།

    Reply
  3. དབྱངས་བུ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས།
    ཁྱེད་ཀྱི་རྩོམ་ཡིག་ནང་༼ཁོང་ཉིད་ཕོ་བྲང་དཀར་པོ་ནས་ཕྱིར་ཕེབས་སྐབས་ཀྱི་ཕེབས་སྒོ་དེའི་ཐད་བཤད་ཚུལ་མི་འདྲ་བ་དང་། ཐ་ན་ཕེབས་སྒོ་དེ་ནི་ཕོ་བྲང་དཀར་པོའི་ཐབ་ཚང་གི་སྒོ་ཡིན་ཚུལ་གླེང་མཁན་ཡང་ཡོད་ལ། འདི་ནི་གཙོ་བོ་རྒྱ་ནག་གི་གནོན་ཤུགས་དང་སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་ལ་བརྩི་བཀུར་བྱས་པ་མ་འདང་བའི་གནད་དོན་ལ་ངོས་འཛིན་བྱེད་མཁན་དང་། གོ་སྒྲིག་འདི་དག་གི་དབང་གིས་རྒྱ་ནག་གི་བློ་ཁ་ཚིམས་ཡོད་པར་བཤད་མཁན་ཡང་བྱུང་ཡོད། ༽ཅེས་གསལ་འདུག གནས་ཚུལ་དེ་འདྲ་ངས་དེ་སྔ་མི་གཞན་གྱི་ངག་
    ཐོག་ནས་ཐོས་བྱུང་ཀྱང་། ཡིག་ཐོག་དང་གསར་ལམ་ཁག་ནས་རྩ་བ་ནས་མཐོང་
    ཐོས་མ་བྱུང། ཁྱེད་ཀྱི་རྩོམ་ཡིག་ནས་མཐོང་བ་དེ་ནི་ཕལ་ཆེར་ངས་གསར་ལམ་ནས་མཐོང་བ་ཐེངས་དང་པོ་དེ་རེད།
    མདོར་ན་ངས་ཁྱེད་ལ་བཀའ་འདྲི་ཞུ་འདོད་པ་ནི་ཁྱེད་ཀྱི་གསར་འགྱུར་གྱི་འབྱུང་ཁུངས་གང་ཡིན་ནམ། ཡང་ན་ཁྱེད་ཀྱི་ཞིབ་རྒྱས་གསུངས་ན་གང་འདྲ་འདུག་གམ།

    གལ་ཏེ་སྐུ་ངལ་འཕྲད་ཚེ་ལན་འདེབས་མེད་ཀྱང་འགྲིག
    ཐུགས་རྗེ་ཆེ།།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    ལུང་རིགས་རྒྱལ་ལགས་ཀྱིས་བརྟན་བཞུགས་རྒྱས་པ་འབུལ་དགོས་གསུངས་པ་དེ་བདེན་པ་རེད། འོན་ཀྱང་། ནང་པ་ཡོད་དོ་ཅོག་གིས་ཐུན་མོང་ཐོག་བརྟན་བཞུགས་ཤིག་འབུལ་དགོས་ན། ཆབ་སྲིད་ཀྱི་ཤུགས་རྐྱེན་དབང་གིས་སེམས་ལ་བསམས་ཀྱང་དོན་དངོས་སུ་སྒྲུབ་སྐབས་དཀའ་ངལ་འཕྲད་རྐྱེན་ཞིག་རེད་སྙམ།

    ང་ཚོའི་གནད་དོན་འདིར་བསམ་བློ་གཏོང་མཁན་མང་ཡང་ལག་ཏུ་ལེན་མཁན་དཀོན་རྐྱེན།
    ང་དང་ང་འདྲ་བའི་གང་ཟག་ཚོས་སྡུག་སྐད་རྐྱང་འདོན་པ་ལས་རང་ཉིད་ཀྱིས་ཅི་ཡང་སྒྲུབ་མི་ཐུབ་པའམ་སྒྲུབ་མི་ནུས་པ་དེ་སྐྱོན་ཆ་ཆེ་ཤོས་དེ་རེད་མི་འདུག་གམ། །

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 17 སྔོན།

    ལྔ་བཅུའི་དུས་དྲན་དང་གཞུང་ཞབས་བགྲོ་གླེང་ཚོཊ་འདུའི་སྐོར་གོ་ཐོས་མེད་པ་ཅི་རེད
    ཡང་ན་ངའི་མ་ཚོར་བ་རེད་་་་་་་་་་་་

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 17 སྔོན།

    ཁོང་གི་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་བརྟན་བཞུགས་རྒྱས་པ་ཞིག་ཀྱང་འབུལ་རྒྱུའི་དུས་ལ་བབ་ཡོད་པར་ཐག་གཅོད་མི་ཐུབ་ཀྱང་བརྟན་བཞུགས་འབུལ་རྒྱུ་ལ་རྒྱབ་བཅོལ་ཡོད

    Reply
  7. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    ཨ་རྒྱའི་སྐོར་གྱི་གཞས།

    ན་ནིང་མ་མཇལ་སེམས་པ་སྐྱོ་སོང་།།
    ད་ལོ་མཇལ་ཡང་དོན་གོ་ཆུང་སོང་།།

    སོ་ཡ་རེ་ལོ། ཨ་རི།
    ཞང་ཡ་རེ་ལོ། རྒྱ་རི།

    མི་ཆེན་དཔོན་པོའི་གཉའ་བ་ཞུམ་སོང་།།
    བླ་ཆེན་ཕེབས་སྒོའི་གསང་བ་ཤོར་སོང་།།

    སོ་ཡ་རེ་ལོ། ཨ་རི།
    ཞང་ཡ་རེ་ལོ། རྒྱ་རི།

    སང་ལོ་མཇལ་ཡོང་རེ་བ་མི་ཞུ།།
    གནངས་ལོ་ཨེ་མཇལ་རེ་ལྟོས་མ་བྱེད།།

    སོ་ཡ་རེ་ལོ། ཨ་རི།
    ཞང་ཡ་རེ་ལོ། རྒྱ་རི།

    ཨ་རི་རྒྱ་རི་གཉིས་ཀ་ནོར་སོང་།།
    རྒྱ་བོད་གཉིས་ཀ་མཉམ་དུ་ཁྲོས་སོང་།།

    སོ་ཡ་རེ་ལོ། ཨ་རི།
    ཞང་ཡ་རེ་ལོ། རྒྱ་རི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese