མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སའི་དྲག་རྡུང་མགོ་བཙུགས་ཏེ་བོད་མི་ ༧༠ འཇུས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

གསུམ་བཅུའི་དུས་དྲན་ཐེངས་ ༥༡ པ་དེ་མགོ་མ་བཙུགས་པའི་སྔོན་འདིར། རྒྱ་གཞུང་གིས་ལྷ་ས་ཁུལ་ཏུ་དྲག་རྡུང་གི་ལས་འགུལ་མགོ་འཛུགས་བྱས་ཏེ་བོད་མི་བདུན་ཅུ་ལྷག་འཛིན་བཟུང་བྱས་འདུག

བོད་མིའི་ཞི་བའི་སྒེར་ལངས་ཀྱི་ཉིན་མོ་སྟེ། གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་ཐབས་ཤེས་འདྲ་མིན་གྱིས་བོད་ས་ཡོངས་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱིན་པ་མ་ཟད། ཉེ་ཆར་ནས་ལྷ་ས་ཁུལ་ཏུ་དྲག་རྡུང་གི་ལས་འགུལ་མགོ་འཛུགས་བྱས་ཏེ་ལྷ་སའི་བྱང་ཕྱོགས་སེ་ར་ལམ་ནས་བདེན་དཔང་ལག་འཁྱེར་ཅི་ཡང་མེད་པའི་བོད་མི་ ༧༠ ལྷག་འཛིན་བཟུང་བྱས་ཡོད་འདུག་ལ། ལྷ་སའི་གཙུག་ལག་ཁང་དང་པོ་ཏ་ལ། ར་མོ་ཆེ་སོགས་ཀྱི་ཁྲོམ་ལམ་ཡོངས་སུ་དམག་མི་བསྐོ་འཇོག་གིས་བསྔོགས་བཤེར་དང་མི་མང་འདུ་འཛོམས་བྱེད་དུ་འཇུག་གི་མེད་པར་དམ་དྲག་ཤུགས་ཆེར་བྱེད་ཀྱིན་ཡོད་འདུག་ལ། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ ༦ གི་ནང་གཅིག་མཚུངས་ཀྱིས་དྲག་རྡུང་གི་ལས་འགུལ་མགོ་འཛུགས་གནང་ཡོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་འཇམ་དཔལ་སྨོན་ལམ་ལགས་ཀྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ལ་གནས་ཚུལ་འགྲེལ་བརྗོད་གནང་གསལ་ལྟར་ན། ཐེངས་འདིའི་དྲག་རྡུང་གི་ལས་འགུལ་འདི་ནི། ཕྱི་ཟླ་ ༢ པའི་ཚེས་ ༢༦ ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཚན་པས་སྤྱི་ཚོགས་བདེ་འཇགས་ཀྱི་ལྷན་ཚོགས་ཤིག་གི་སྐོང་འཚོགས་གནང་བའི་སྟེང་གཏན་འབེབས་བྱས་པ་ཞིག་ཡིན་པ་དང་། ཚོགས་ཐོག་ཏུ་དམར་ཤོག་དྲུང་ཆེ་ཀྲང་ཅི་ལི་ཡིས་ཁ་བྲལ་ལ་ངོ་རྒོལ་དང་མཐའ་མའི་རྒྱལ་ཁ་ལེན་དགོས་པའི་སྐོར་གྱི་གཏམ་བཤད་ཀྱང་སྤེལ་ཡོད་འདུག  དེ་ཡང་གཙོ་བོ་སླེབས་ལ་ཉེ་བའི་གསུམ་བཅུའི་དུས་དྲན་སྐབས་བོད་མི་ཚོས་ངོ་རྒོལ་བྱ་ངེས་པའི་དོགས་ཟོན་འོག་དམ་དྲག་བྱེད་ཀྱིན་ཡོད་ཚུལ་དང་།  ད་ལྟའི་ཆར་བོད་རང་སྐྱོངས་ལྗོངས་ཀྱི་ས་ཁུལ་ཡོངས་སུ་དྲག་ཆས་དམག་མི་དང་ཉེན་རྟོག་པས་དྲག་རྡུང་གི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། གཞུང་ལམ་ཁག་དང་བསྐོར་ལམ། གྲོང་ཁྱེར་གྱི་གནས་གང་སར་བསྐོར་བསྐྱོད་ཀྱིས་མི་མང་ལ་འཇིགས་སྐུལ་བྱེད་ཀྱིན་ཡོད་པ་མ་ཟད། ཆུ་ཚོད་ ༢༤ རིང་དམ་དྲག་དང་ཛ་དྲག་གི་གནས་སྟངས་ཁྲོད་གནས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་ཀྱི་སྲིད་ཇུས་ལ་འགེབ་སྲུང་གི་ཚོགས་འདུ་བསྡུས།

སྐར་མ ༤༢ སྔོན་ལ།
Front Slider

ཀརྨ་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བོད་ཡིག་བོད་སྐད་ག་འདྲ་སྦྱོང་བཞིན་ཡོད་པའི་སྐོར་ལ་གླེང་མོལ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་སྟེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་འོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ།

༢༠༢༥/༡༡/༠༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།
Mobile App

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

༢༠༢༥/༡༡/༠༡
Mobile App

གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་འདུག

༢༠༢༥/༡༡/༠༡
Sikyong Penpa Tsering met with former U.S. Special Coordinators for Tibetan Issues. Photo Credit: Sikyong Penpa Tsering's FB Page.
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོར་ཐུག་འཕྲད་གནང་།

༢༠༢༥/༡༡/༠༡

མཆན། 16

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    f

    Reply
  2. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཁྱེད་ཀྱིས་གསུང་པ་བདེན་ཁ་འདུག་ལ་ལྷག་དོན་ང་ལྟ་བུ་རེ་བའི་གནས་མིན་ཞེས་བ་དེ་བས་ནོར་མི་འདུག། འོན་ཀྱང་ཚར་གཅོད་རོགས་ཞེས་པའི་ཚིག་ཟླུམ་དེའི་ཅི་ཞིག་ཕན ཐབས་ལམ་ཇི་འདྲ་ཞིག་ལ་བརྟན་ན་བཟང་ངམ། དེའི་ཕྱོགས་ལ་ཐུགས་བསམ་བཞེས་ནས་ མི་རེ་ངོ་རེས་བསྒྲུབ་ཐུབ་པ་དང་སྒྲུབས་དགོས་པ་ཅི་ཞིག་འདུག དེ་མིན་པའི་ཐབས་གང་དང་ཅི་ཡོད་པ་རྣམས་རེ་རེ་བྱས་ནས་གསུང་ན་མ་རེད་དམ། ཁྱེད་ཀྱི་ཤེས་དགོས་པ་ཞིག་ལ་ལྕགས་ཞྭ་ཅོན་མི་དག་རྒྱལ་བའི་བཀའ་ལ་མི་ཉན་པའི་སྡིག་ཅན་ཡིན་པ་ཤེས་དགོས། བོད་ཞེས་པའི་མིང་བྱང་འོག་དུ་ལྕགས་ཞྭ་ཅན་གཅིག་ཡོད་ཀྱང་མི་དགའ་ནི་ཞིག་ཡིན་པས་ཁྱེད་ལ་མིག་ལྟོས་ལ་ཕན་པའི་བླང་དོར་གྱི་གནས་རེ་སྟོན་རྒྱུ་ཡོན་ན་ངས་ཀྱང་ནུས་ཚོད་ཀྱི་ལག་ལེན་རེ་བྱེད་ངེས་ཡིན།།་དེ་མེད་པར་སེམས་ཤུགས་ཡོད་མདོག་གི་ཚིག་རྡོག་རེ་བྲེས་དེ་སྔར་བཞིན་འཚོ་ན་སྟོངས་པ་ཉིད་ལ་གཟུགས་མེད་དོ་ཟེར་ན་མ་རེད་དམ

    Reply
  3. ནད་པ says:
    ལོ་ 16 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །
    ༸ གོང་ས་མཆོག་གི་གསུང་ཡིན།

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    གངས་དགའ་ ཨོ་ཧ་གོ་སོང་ཁྱེད་རང་ཚོའི་བལྟ་དེ། མ་གཞི་ནས་བོད་མི་སུ་བྱས་ཀྱང་གཅིག་པ་རེད། དབྱེ་བ་མེད་བསམ་ནས་མགོ་བདེ་འཁྲབ་ཡིན་ནམ།

    Reply
  5. གངས་དགའ says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོ་ལགས། ཁྱེད་རང་གཉིད་ཁུག་པའི་རྐྱེན་གྱི་མ་ཤེས་པ་རེད། མ་གཞི་ནས་བོད་མི་སུ་བྱས་ཀྱང་གཅིག་པ་རེད། དབྱེ་བ་མེད།

    Reply
  6. བུ་སྨྱོན་པ། says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོར་བཤད་པར་རྒྱུ་མཚན་འདུག།

    Reply
  7. བུ་སྨྱོན་པ། says:
    ལོ་ 16 སྔོན།

    ངས་རེ་འབོད་བྱ་ཡུལ་ས་མཚམས་ཞིག་མེད་རུང་སུས་མཚར་གཅོད་ཐུབ་པ་དང་མཚར་གཅོད་འདོད་པ་དག་ལ་ཡིན། ད་དུང་རང་འདྲ་བའི་བལྟ་མོ་བསྟན་འདོད་པ་དག་རེ་སྐུལ་ཞུ་ཡི་མེད། དེ་བས་ངས་གནད་དོན་དེ་བཟློད་གར་ཞིག་ཏུ་ངོས་འཛིན་ཞུ་ཐུབ་བྲལ་སོང་། དེ་ནི་བསྟན་སྲིད་ལ་རྨ་འབྱིན་ཉེན་ཚབས་ཆེ་བས་བྲིས་ཤོར་སོང་ནོར་འཁྲུལ་ཡོད་ན་དགོངས་བསེལ་ཞུ།
    ད་དུང་ལྕགས་ཞྭ་གྱོན་མཁན་དག་ནང་མིར་དེ་བས་བརྩི་ཐབས་མིན་འདུག་བྱས་ཙང་དོན་མེད་ནང་འཁྲུག་ལ་ཞེད་དགོས་པ་བྱབ་ཆུང་རང་མ་རེད་པས།

    སྨྱོན་པས་སྨྱོ་ལབ་བརྒྱབས། རྒྱའི་རྡེའུས་འུར་ཤོབ་བཤད། ཧ་ཧ།

    Reply
  8. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    བཤད་ན་མི་འདོད་ཀྱང་ཁ་ནས་ཤོར་འོང་བ་འདྲ།
    ཤོར་བ་ལས་བཤད་རྒྱུ་ཡིན་་་་་་་ལྕགས་ཞྭ་གྱོན་པའི་འདྲེ་དག་མཚར་གཅོད་རོགས་ཞེས་པས་རེ་བསྐུལ་ཏེ་སུ་ལ་ཞུས་པ་ཡིན་ནམ
    ཡང་ལྟན་མོ་ཞིག་ལ་བལྟ་ན་འདོད་པ་རེད་པས་་་་་ཧ་ཧ་ཧ་ཧ་
    ནང་འཁྲུག་བྱས་ནས་ཕན་པ་ཅི་ཡོད་དེ་ལས་རླབས་ཆེན་གྱི་དབུ་ཁྲིད་ཀྱི་ལམ་སྟོན་འོག་ཤར་བསྐྱོད་བྱེད་རྒྱུ་ཡིན་ཟེར་མཁན་དག་གཅིག་ཏུ་བསྒྲིལ་རེན་མ་རེད་དམ

    Reply
  9. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ལྷ་ལ་གྲོངས་ཁྱེར་དུ་རྒྱ་གཞུང་ངོ་རྒོལ་གྱི་ལས་མགུལ་མང་པོ་ཞིག་སྤེལ་དང་སྤེལ་བཞིན་པ་རེད། བོད་དོན་ལས་མགུལ་སྤེལ་མཁན་ཕར་ཆེ་བ་ནི་ཁམས་དང་ཨ་མདོ་སོགས་མདོ་ཁམས་ཁུལ་ནས་འོངས་པའི་མི་དེ་ཚོ་རེད། མ་ཟད་དགོན་སྡེ་ཁག་གི་ནང་ནས་ཀྱང་མདོ་ཁམས་ཁུལ་གྱི་གྲྭ་བ་ཨ་ནེ་སོགས་རེད། དེ་མིན་སྟོད་པ་དང་དབུས་པ་ཚོས་འདི་འདྲའི་ངོ་རྒོལ་རྩ་བ་ནས་བྱེད་ཀྱིན་མེད།

    Reply
  10. བུ་སྨྱོན་པ། says:
    ལོ་ 16 སྔོན།

    ཉམས་ཆུང་བའི་ཆོས་ལྡན་ཞིང་ལ་རྒྱ་ནག་དམར་པོའི་འདྲེ་ལག་བརྐྱངས་རྗེས་ནས་ང་ཚོས་དྲང་བདེན་དང་། འཚེ་བ་མེད་པའི་ལས་འགུལ་ལག་ཆར་འཛིན་ཏེ་རྒྱལ་ཁ་ལ་རེ་འབོད་འོག་བོད་ཀྱི་དཔའ་བོ་དཔའ་མོ་གྲངས་ཀྱིས་ཆོད་དཀའ་བ་རྒྱ་ནག་ཀླ་ཀློའི་གདུབ་རྩུབ་མནར་གཅོད་ཀྱིས་ཕྱི་ལམ་བཏང་ཟིན་པ་དང་གཏོང་བཞིན་པར་སྙིང་རྗེབྱས་ཏེ་ཕན་རླབས་མ་མཆིས་པས་སོ་སོས་རང་ནུས་གང་ཐུབ་ོཀྱིས་སྤྱི་ཚོགས་ནང་དྲང་བདེན་དང་། འཚེ་མེད་ཀྱི་ལམ་ལ་རྒྱབ་གཏོད་དང་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་དོན་གྱི་སངས་རྒྱས་ཞིག་ཡིན་ཀྱང་ཀླད་མེད་བྱབ་ཆུང་འགས་ངན་སྨྲས་ཀྱིས་སྤྱི་ཚོགས་སྟེང་དཀྲུག་བཞིན་སྤྱི་ཚོགས་ལྷིངས་འཇགས་ལས་གཏོར་འདོད་མཁན་དག་རྩ་མེད་བཟོས་ཏེ་གཞིས་ལུས་བོད་མིའི་དཔའ་བོ་དཔའ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། གཞིས་བྱེས་མཉམ་འཛོམས་ཡོང་རྒྱུར་བསམ་རྒྱ་ཆེ་ཙམ་གནང་ན་འགྲིག་གི་མེད་ན།
    སྨྱོན་པའི་སྨྱོ་ལབ་ཡིན།་ལྕགས་ཞྭ་གྱོན་པའི་འདྲེ་དག་མཚར་གཅོད་རོགས།

    Reply
  11. བསེ་རུ། says:
    ལོ་ 16 སྔོན།

    སྙིང་རྗེ་སྙིང་རྗེ་མ་གསུངས།།
    རང་སེམས་རང་གིས་གཅུན་ཏེ།།
    གཞིས་ལུས་བོད་མིའི་རྩ་དོན།།
    དུས་ནས་དུས་སུ་བསྒྲུབ་རོགས།།

    ཁ་ནས་སྤྱི་དོན་བཤད་ཀྱང་།།
    ཁོག་ནས་རང་དོན་སྒྲུབ་སྐབས།།
    རྒྱལ་གཅེས་དཔའ་བོའི་སྙིང་ལ།།
    ཚེར་མ་བཙུགས་པ་མིན་ནམ།།

    Reply
  12. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དཔའ་བོ་དཔའ་མོ་ཁྱེད་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
    ཁྱེད་ཀྱི་གཉེན་འབྲེལ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སེམས་གསོ་བྱེད་བཞིན་ཡོད།

    Reply
  13. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ད་ཅི་བྱེད་དགོས་རེད།
    ཡ་ང་སྙིང་རྗེ་རེ་བྱེད་ནས་བསྡོད་རྒྱུ་ཡིན་ནམ
    ད་ངི་མ་སྙིང་ལང་ནི་ཞིག་རེད

    Reply
  14. སྟོབས་ says:
    ལོ་ 16 སྔོན།

    རྒྱ་ནག་་གི་ཆབ་སྲིད་ཀྱིས་གཡོ་ཇུས་འདི་མཁྲེགས་ནས་མཁྲེགས་དུ་རེད ། ང་ཚོ་ལ་ཐབས་ཤེས་གང་ལགས་ན

    Reply
  15. ནགས་མེ། says:
    ལོ་ 16 སྔོན།

    ང་ལྷ་ས་རུ་མི་ལོ་བཞི་སྡོད་མྱོང་། ལྷ་སའི་གནས་སྟངས་རྒྱུས་ལོན་ཡོད། དངོས་གནས་ས་ཆ་དེར་བོད་མི་ཚོ་དབུགས་གཏོང་ས་ཡོད་པ་མ་རེད། ཡ་ང་སྙིང་རྗེ། རང་དབང་གི་བདེ་སྐྱིད་ཚོར་མྱོང་ཡོད་པ་མ་རེད།

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སྐྱབས་མགོན་མཁྱེན། ད་ཡང་བོད་མིས་སྡུག་མྱོང་བའི་དུས་ཚོད་མགོ་བཙུགས་སོང་། ད་དུང་སུམ་བཅུའི་དུས་དྲན་སྐབས་ཅི་བྱུང་སུས་ཤེས།
    ཀྱེ་མ་གཞུས་ལུས་བོད་མིའི་སྡུག་བསྡལ་ལ།།
    ཀྱེ་ཧུད་ཀྱེ་ཧུད་ཅི་ལྟར་བྱས་ན་བཟང་།།
    བོད་སྐྱོང་ལྷ་སྲུང་གསོལ་འདེབས་བྱས་ན་བཟང་།།
    ཡང་ན་རྒྱ་དཔོན་ཞུ་བ་བྱས་ན་བཟང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese