མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་པོའི་སྙིང་སྟོབས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། ངྷ་ས་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་དུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་བོད་དོན་སྐོར་ལ་བྲིས་པའི་རྩོམ་ཡིག་ཕྱོགས་སྒྲིག ༼ བཙན་པོའི་སྙིང་སྟོབས ༽ ཞེས་པའི་པེ་དེབ་བསྐྱར་དཔར་ཞིག་དང་། བོད་ནང་བྲིས་པའི་རྩོམ་ཡིག་དབྱིན་ཡིག་ནང་བསྒྱུར་ཡོད་པའི་དཔེ་དེབ་ཅིག་བཅས་དབུ་འབྱེད་འགྲེམས་སྤེལ་བྱས་ཡོད་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནོར་གླིང་རིག་གཞུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཨ་འཇམ་དབྱངས་ཚུལ་ཁྲིམས་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་ཁཱེ་ཊི་སན་ཌར་ kate Sounder ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་དཔེ་དེབ་གཉིས་ཀྱི་ནང་དོན་དང་འབྲེལ་ཏེ། བོད་ནང་གི་རྩོམ་རིག་ཁ་ཕྱོགས་འགྱུར་མཚམས་དང་རྩོམ་པ་པོའི་ཆབ་སྲིད་བསམ་བློའི་གནས་བབ་བཅས་ཀྱི་ཐད་གསུངས་བཤད་གནང་ཡོད།  

༼ བཙན་པོའི་སྙིང་སྟོབས ༽ ཞེས་པའི་དཔེ་དེབ་འདི་ནི་ད་ཆར་བོད་ནང་དངོས་སུ་བཞུགས་ཡོད་པའི་ན་གཞོན་རྩོམ་པ་པོ་སྐྱ་སེར་ཁག་ཅིག་གིས་དངོས་མིང་དང་སྨྱུག་མིང་གང་རུང་འོག བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་བརྗོད་བྱར་བཟུང་སྟེ། བཙན་འཛུལ་དང་གཉའ་གནོན། བརྙས་བཅོས་དང་བཞུ་གཞོག་འོག་གི་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་སྐྱོ་གར། འགྲོ་བ་མིའི་རིགས་ལ་ཐོབ་ཐང་གང་ཡོད་དང་མི་རིགས་ལ་ཁེ་དབང་ཅི་དགོས། དཀའ་སྡུག་དང་མནར་གཅོད་འོག་གི་ཟིན་ཐོ། བོད་དོན་འཐབ་རྩོད་བྱེད་ཕྱོགས་ཀྱི་བསམ་འཆར་སོགས་ཁ་གསལ་བོར་བྲིས་ཡོད་པའི་འབོལ་རྩོམ་མམ་དཔྱད་རྩོམ་ཕྱོགས་སྒྲིག་གི་དེབ་ཆུང་ཞིག་ཡིན་ཞིང་། དེབ་ཆུང་འདིར་རྩོམ་ཡིག་ཁག་བརྒྱད་དང་། མི་ཚེ་ཐོབ་ཐང་སྐོར་གྱི་བཅའ་ཁྲིམས་དང་བཀའ་གསུང་ཟུར་བཀོད་གཅིག རྩོམ་སྒྲིག་པའི་མཇུག་གི་གཏམ་བཅས་ཁྱོན་བསྡོམས་ཤོག་ངོས་ ༩༤ ཙམ་འདུག  

 

དེབ་ཆུང་འདི་སྔར་ ༢༠༠༨ ལོའི་ལོ་མཇུག་ཏུ་བོད་ནང་ནས་ཐེངས་གཅིག་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་ན་ཡང་། ཆབ་སྲིད་ཀྱི་བཀག་རྒྱའི་འོག་ནས་དེ་ཙམ་ཁྱབ་བརྡལ་དུ་འགྲོ་ཐུབ་མེད་སྟབས། རྩོམ་སྒྲིག་པ་དང་རྩོམ་པ་པོ་དག་གི་དམིགས་ཡུལ་ཅི་བཞིན་འགྲུབ་ཐུབ་མེད་པ་དང་། ལྷག་པར་དུ་བོད་ཕྱི་ལོགས་ནས་ལྟ་ཀློག་གི་གོ་སྐབས་རག་མེད་སྟབས། དཔེ་དེབ་འདིའི་རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་ཀྱི་རེ་འདུན་ལྟར། ཐེངས་འདིར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བསྐྱར་དཔར་འགྲེམས་སྤེལ་བྱས་པ་ཞིག་ཡིན་ཞིང་། དཔེ་དེབ་འདིའི་མཇུག་ཏུ་རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་ཀྱིས་འགན་ལེན་ཁག་འཁུར་གྱི་ཚུལ་དུ། ཁོང་སྒེར་གྱི་སྐུ་པར་དང་ལོ་རྒྱུས་ཆ་ཚང་བཅས་བཀོད་འདུག

དཔེ་དེབ་འདིའི་ནང་གི་རྩོམ་པ་པོ་དང་བརྩམས་ཆོས་ཁག་ནི། ཨ་མའི་བུ་རྒོད་ཀྱིས་བྲིས་པའི་༼ འཇིགས་སྐྲག་ཁྲོད་ཀྱི་ཉིན་ཐོ ༽ དང་། འགར་གསེར་ཏོག་གིས་བྲིས་པའི་༼ ཚེ་སྲོག་གིས་བཞེངས་པའི་ཟིན་ཐོ ༽ བྱ་མདོ་རིན་ཆེན་བཟང་པོས་བྲིས་པའི་༼ མི་རིགས་ཀྱི་བདེན་སྟོབས ༽ འགར་རྩེ་འཇམ་སྦྱིན་གྱིས་བྲིས་པའི་༼ དོན་ངོ་མར་ངོ་ཚ་བརྒྱད་འཁུར་མཁན་སུ་རེད ༽ སྒྱིས་ཚང་སྟག་སྨུག་གིས་བྲིས་པའི་༼ མི་ཚེ་ཐོབ་ཐང་རྩོད་ལེན་གྱི་ཁྲོམ་སྐོར་བྱེད་སྟངས་གླེང་བ ༽ སྟག་དམར་ཡག་གིས་བྲིས་པའི་༼ ཆབ་སྲིད་བཙོན་མ་འགའི་སྐད་ཆ་ཟིན་བྲིས་སུ་བཏབ་པ ༽ འགར་རྩེ་འཇིགས་མེད་ཀྱིས་བྲིས་པའི་༼ ངའི་མི་ཚེ་དང་ངའི་སེམས་ཀྱི་ན་ཟུག ༽ འགར་མེ་ཆས་བྲིས་པའི་༼ ཚེ་སྲོག་ལ་གྱེར་བའི་ང་རོ ༽ བཅས་རེད།

དཔེ་དེབ་འདིའི་སྔོན་གླེང་གི་ཚུལ་དུ་རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་ཀྱིས་གསུངས་དོན། ངས་བོད་རིགས་མི་དམངས་ཀྱི་བརྒྱ་ཆའི་གོ་དགུའི་སེམས་ཀྱི་ན་ཟུག་ངོ་མ་དེ་མཚོན་པའི་རྩོམ་ཡིག་འགའ་བསྡུ་བསྒྲིགས་བྱས་པ་ཡིན། ངས་མ་དངུལ་རང་ཉིད་ཀྱིས་བཏང་སྟེ་ན་ཟུག་དེ་མཚོན་པའི་རྩོམ་ཡིག་འགའ་དཔར་སྐྲུན་བྱས་པ་ཡིན། ངས་གནས་ལུགས་མི་མཐོང་ཞིང་ཁྲིམས་ལུགས་མི་བརྩི་བའི་མུན་ནག་གི་ཁོར་ཡུག་གིས་རང་ཉིད་ལ་བཙོན་འཇུག་དང་། ཡང་ན་གཅར་རྡུང་གི་མནར་གཅོད་གཏོང་བ་དང་། མཐའ་ན་ཚེ་སྲོག་གི་ཉེན་ཁ་ཡོད་པར་ཡང་བསམ་བློ་མ་བཏང་བར་བྱ་བ་འདི་འདི་ལྟར་བསྒྲུབས་དགོས་དོན། ཞེ་འཁོན་དང་འཁྲུག་རྩོད་མེད་པའི་ཞི་བདེ་ངོ་མ་ཞིག་ལ་རེ་སྨོན་བྱས་ཡོད་པས་ཡིན། དམར་འཛིང་གི་འཐབ་འཁྲུག་མེད་པར་འཆམ་མཐུན་ངོ་མ་ཞིག་ལ་རེ་སྨོན་བྱས་ཡོད་པས་ཡིན། དཔེ་དེབ་འདི་དཔར་སྐྲུན་སྐབས་ང་ལ་ན་ཟུག་གང་མང་ཞིག་དང་། མིག་ཆུ་གང་མང་ཞིག་གིས་སེམས་ཁམས་ཡོངས་སུ་བརླན་མྱོང་། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༤ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. འཇམ་དབྱངས says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོ་ལགས། ཁྱོད་ཀྱིས་ངའི་ཡིག་ནོར་བཅོས་བ་ཐུགས་རྗེ་ཆེ། འོན་ཀྱང་ང་ལ་༼མོའོ་ཙེ་ཏུང་གི་གསུངས་བརྩོམས་༽ཀྱི་བགས་ཆགས་ལོས་ཡོད་ང་མོའོ་ཙེ་ཏུང་སྤུན་ཟླ་ཡིན། ཧཧཧཧཧ

    Reply
  2. སྟོབས་ says:
    ལོ་ 16 སྔོན།

    སྙིང་སྟོབས་ཅན་གྱི་རྐུན་མ་རྒྱག་གི་འདུག ངའི་སྙུག་མིང་་སྟོབས་བརྐུས་འདུག །
    མིང་རྐུན་མ་རྒྱགས་ཐུགས་རྗེས་གཟིགས །

    Reply
  3. སྟོབས་ says:
    ལོ་ 16 སྔོན།

    དཔེ་དེབ་འདི་བོད་ནས་དཔར་སྐྲུན་བྱས་ཡོད་ན་ཆབ་སྲིད་ཀྱི་ལག་ཆ་ཡག་ཤོས་ཤིག་གྱུར་ཡོད ། བཙན་བྱོལ་ནང་ནས་དཔར་སྐྲུན་བྱས་ན་དེ་ཙམ་གྱི་ནུས་པ་ཐོན་ཐུབ་མེད་པ་མ་སྲིད་དེས་ཚོད་ཀྱི་འུར་སྒྲོག་གྱི་རྣམ་པའང་ཆུང་ །

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    འཇམ་དབྱངས་ལགས། ཁྱེད་ནི་ལྷག་བསམ་དང་སྙིང་སྟོབས་ཀྱིས་ཕྱུག་པའི་བོད་མི་ཞིག་ཡིན་པ་འདྲ། འོན་ཀྱང་ཁྱེད་ཀྱིས་ཕྲད་སྦྱར་ལུགས་ལ་བལྟས་ན་༼མོའོ་ཙེ་དུང་གི་གསུང་བརྩོམས་༽ལ་བགས་ཆགས་བཞག་པའི་རྗེས་ཤུལ་ཞིག་འདུག
    ནོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཅོས་
    དོན་ཀྱི་་་་་་་་་་་་་་་་་་་་་་་་་་་་་་་་་དོན་གྱི
    བྱེད་གི་་་་་་་་་་་་་་་་་་་་་་་་་་་་་་་་་་བྱེད་ཀྱིན
    ངོ་མས་་་་་་་་་་་་་་་་་་་་་་་་་་་་་་་་་ངོ་མ

    Reply
  5. སྙིང་སྟོབས་ཅན། says:
    ལོ་ 16 སྔོན།

    འདི་ཧྲ་གི

    Reply
  6. འཇམ་དབྱངས says:
    ལོ་ 16 སྔོན།

    བཙན་པོའི་སྙིང་སྟོབས༽ཞེས་པའི་་དཔེ་དེབ་འདིའབྲི་མཁན་གཞིས་བསྡོད་ཀྱི་དོན་ཀྱི་དབའ་བོ་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་སེམས་གཏིང་ནས་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་བྱེད་གི་ཡིན། མི་རིགས་འདིའི་ཆེད་དུ་རང་སྲོག་་ལོངས་སྤྱོད་དང་བཅས་པ་བློས་གཏང་སྟེ་རྩོམ་རིགས་འདི་ལྟ་བུ་སྤེལ་བ་ནི་ངོ་མས་བཤད་ན་བོད་མི་རིགས་ཀྱི་གཟི་བརྗིད་དང་སྙིང་སྟོབས་རེད། ད་དུང་འདིའི་ཕྱོགས་ལ་ཐུགས་ཁུལ་དང་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། །

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བཙན་པོའི་སྙིང་སྟོབས་ཅེས་པའི་མིང་དེ་མཐོང་མ་ཐག དེབ་ཆུང་ངོ་མཚར་ཅན་ཞིག་ཡིན་ས་རེད་སྙམས་པའི་ཚོར་སྣང་ཞིག་སྐྱེས་སོང་། གང་ལྟར་དེབ་དེ་ནམ་ཞིག་ལ་ལག་ཏུ་རྙེད་སྐབས་ཀློག་འདོད་ཡོད།
    མ་ཟད་ཚིག་གི་ལྡེབ་སྦྱོར་དང་དོན་གྱི་བབས་གནད་ཐ་ན་ཡི་གེའི་དག་ཆ་སོགས་གང་ཐད་ནས་ཡག་པོ་ཞིག་ཡིན་རྒྱུ་རེད་སྙམ་པའི་ཡིད་ཆེས་དང་རེ་བ་ཡང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese