མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྟན་བཞུཊ་བསྟར་འབུལ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གཙོས་པའི་དཔལ་ལྡན་སྟོད་བརྒྱུད་གྲྭ་ཚང་གི་དགེ་འདུན་པ་ཐུན་མོང་ནས་སྤྱི་ནོར་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་མཆོག བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་བཅས་ཀྱི་ཕེབས་བསུའི་དབུས་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་ཅིང་། བརྟན་བཞུགས་དངོས་གཞིའི་སྐབས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འདུལ་ཞུས་ཡོད།

ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཐོག་བརྒྱུད་སྟོད་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་པ་ཡོངས་དང་ངྷ་ས་ཉེ་འཁོར་གྱི་སེར་སྐྱ་མི་དམངས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཞུ་བ། དེ་བཞིན་བོད་ནས་ཕེབས་པའི་གནས་མཇལ་བ་བཅས་མི་གྲངས་ཆིག་སྟོང་བརྒལ་བ་འདུ་འཛོམས་ཀྱིས་ ༧གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ལྷན་གྱིས་འགྲུབ་པའི་གསོལ་བ་སྨོན་ལམ་བཏབས་ཡོད། གཞན། དེ་རིང་ཕྱི་དྲོ་༧གོང་ས་མཆོག་གིས་ཕོ་བྲང་གཟིམ་ཆུང་དུ་གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་པོ་མཁན་ཟུར། དཔེ་འཁྲིད་དགེ་རྒན་རྣམ་པར་དམིགས་བསལ་གྱི་མཇལ་ཁ་ཞིག་གནང་རྒྱུ་ཡིན་འདུག   

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་བརླག་ཏུ་གཏོང་ཐབས་ཀྱི་སྲིད་ཇུས་ལ་འགེབ་སྲུང་གི་ཚོགས་འདུ་བསྡུས།

སྐར་མ ༤༣ སྔོན་ལ།
Front Slider

ཀརྨ་པདྨ་རྡོ་རྗེ་ལགས་དང་ལྷན་དུ་བོད་ཡིག་བོད་སྐད་ག་འདྲ་སྦྱོང་བཞིན་ཡོད་པའི་སྐོར་ལ་གླེང་མོལ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་སྟེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་འོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ།

༢༠༢༥/༡༡/༠༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།
Mobile App

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

༢༠༢༥/༡༡/༠༡
Mobile App

གོ་སྟོན་རྒྱལ་ཡོངས་ཤེར་ཕྱིན་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་འདུག

༢༠༢༥/༡༡/༠༡
Sikyong Penpa Tsering met with former U.S. Special Coordinators for Tibetan Issues. Photo Credit: Sikyong Penpa Tsering's FB Page.
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོར་ཐུག་འཕྲད་གནང་།

༢༠༢༥/༡༡/༠༡

མཆན། 9

  1. karma dorje says:
    ལོ་ 16 སྔོན།

    ཆོས་གྲོགས་གཅིག་གི་དཔར་མཐོང་རྡ་ས་དྲན། །
    གྲོགས་དང་༸བླ་མའི་སྐུ་ཚེ་ཡུན་བརྟན་ཤོག །

    Reply
  2. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    མཁྱེན་ལྡན་དྲ་གྲོགས་རྣམས་ལ་བཀའ་འདྲི་ཞིག་ཞུ་རྒྱུ་ཡོད་པ་ནི།
    བརྒྱུད་སྟོད་དང་བརྒྱུད་སྨད་གཉིས་ལ།
    སྟོད་བརྒྱུད།
    སྨད་བརྒྱུད། ཅེས་ཞུ་གི་འདུག་པས་ཚིག་འདི་གཉིས་གྲུབ་སྟངས་ཤིག་གསུང་རོགས་གནང༌།

    Reply
  3. འོད། says:
    ལོ་ 16 སྔོན།

    རྗེས་སུ་ཡི་རང་ཞུ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ངས་གོ་བ་ནོར་མེད་ན་འགྲེལ་བ་བཞི་སྦྲགས་ཀྱི་གསུང་ཆོས་དེ་ཞུ་མཁན་རྒྱུད་སྟོད་རེད་ཟེར། དེ་བས་ད་རེབ་འགྲེལ་བ་བཞི་སྦྲགས་ཡོངས་སུ་གསུངས་ཚར་སོང་བའི་མཇུག་ཏུ་རྒྱུད་སྟོད་གྲྭ་ཚང་གིས་གཙོས་གྲྭ་དམངས་ཡོངས་ཀྱིས་༸གོང་ས་མཆོག་ལ་བརྟན་གཞུགས་ཤིག་ཕུལ་བ་ཨེ་ཡིན་ནམ། བསམ་ཚུལ་ཙམ་ལས་གཞན་གསལ་བོ་ཅང་མ་ཤེས།

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    དེང་སང་བརྟན་བཞུགས་ཟེར་བ་དེ་ཚོང་རྫས་ཞིག་གི་འདུ་ཤེས་ལས་ གཞན་བླ་མའི་སྐུ་ཚེ་བརྟེན་པའི་ཆེད་དུ་རེད་མི་འདུག གཞན་དེས་སང་ ཆོས་ལུགས་གི་བྱེད་སྒོ་ཚང་མ་ ཞལ་འདེབ་བསྡུ་བྱེད་དང་ཚོང་རྫས་གི་འདུ་ཤེས་ལས་མེད་པ་གསལ་པོ་རེད་

    Reply
  6. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 16 སྔོན།

    རེད་རེད་དོན་དམ་པར་བརྟན་བཞུགས་དེ་ངོ་ལྐོགས་མེད་པ་བྱ་རྒྱུ་དེ་རེད།
    སྟོད་རྒྱུད་གྲྭ་ཚང་གི་བརྟན་བཞུགས་དེ་ཡང་དེ་ལྟར་ཡོང་བས་རེ་བ་ཡོད།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ད་རེས་ཀྱི་བརྟན་བཞུགས་དེ་དངོས་གནས་དོན་དང་ལྡན་པ་ཞིག་བྱུང་སོང་།
    དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཟི་བརྗིད་མངོན་ཐུབ་སོང་།

    ༸འཕགས་མཆོག་ཕྱག་ན་པདྨོ་སྐུ་ཚེ་རྒྱ་མཚོར་བརྟན་ཅིང་། མཛད་བཟང་ཕྱོགས་བཅུར་འཕེལ་བའི་སྨོན་ཤུགས་དྲག་དང་བཅས།།

    Reply
  8. ནོར། says:
    ལོ་ 16 སྔོན།

    ཆོས་རིག་བཀའ་བློན་མཆོག་ནས་བརྟན་བཞུགས་མཛད་སྒོའི་ཐོག ༡༩༨༩ལོའི་ཕྱི་ཟླ་༣པའི་༨ཉིན་རྒྱ་གཞུང་གིས་ལྷ་སར་དྲག་པོའི་བཀའ་རྒྱ་བཀྲམས་ཤིང་བོད་མི་མང་པོ་དམར་གསོད་དང་བཙོན་འཇུག་བྱས་པར་སྐྱོན་བརྗོད་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོ་བྱས་པའི་བོད་མི་བཙོན་པ་རྣམས་མགྱོགས་མྱུར་གློད་གྲོལ་དང་གཞིས་བྱེས་ལྷན་འཛོམས། དེ་བཞིན་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་གནང་སོང་།

    Reply
  9. ཨརྱ། says:
    ལོ་ 16 སྔོན།

    གདན་ས་ཁག་གི་དགེ་བཤེས་རྣམ་པར་བློ་སྒོ་གསར་བ་རེ་འབྱེད་ན་ངེས་པར་དུ་༧གོང་ས་མཆོག་ལྟ་བུའི་རླབས་ཆེན་ཞིག་དགོས་པ་རེད། བསྒྱུར་བཅོས་རེ་གནང་དགོས་ཡ། གཞན་བརྟན་བཞུགས་ཟེར་བ་དེས་གང་ཞིག་ལ་ཕན་གྱི་ཡོད་དང་ གནོད་ཀྱིན་ཡོད་ངོ་མ་མི་ཤེས་ཀི ༧གོང་ས་མཆོག་གི་དུས་ཚོད་ཆུད་ཟོས་ལས་གཞན་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese