མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་ཏཱ་ལའི་བླ་མ་དང་ཁོང་གི་འགྲུལ་བཞུད། ཨ་འབྲུག་དཀོན་མཆོག

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་ཏཱ་ལའི་བླ་མ་དགུང་གྲངས་བཞི་ཙམ་ནས་རང་གི་འཁྲུངས་ཡུལ་དང་ཞལ་གྱེས་ཏེ་ཆེས་དཀའ་ལ་རིང་བའི་འགྲུལ་བཞུད་ཅིག་གིས་ལྷ་སར་ཕེབས་ཡོད་ཅིང་། ཁོང་ཉིད་དགུང་ལོ་བཅུ་དྲུག་ཐོག་རྒྱལ་སྲིད་ཆོས་སྲིད་བཞེས་པ་ནས་བཟུང་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་འགྲུལ་བཞུད་བྱེད་པའི་འགོ་འཛུགས་གནང་དགོས་བྱུང་ཡོད།

དུས་དེ་ནས་ད་ལྟའི་བར་ཁོང་གིས་འགྲུལ་བཞུད་ཀྱི་མཚམས་བཞག་མེད་ཅིང། ཁོང་ནི་ཧ་ལམ་འཛམ་གླིང་འདིའི་སྟེང་གི་འགྲུལ་བཞུད་ཆེས་མང་ཤོས་ཀྱི་མི་སྣ་དེ་ཡང་ཡིན་སྲིད། མ་གཞི་ཁོང་ཉིད་བྱིས་པའི་དུས་སྐབས་ནས་ཐག་རིང་པོར་འགྲུལ་བཞུད་བྱེད་པའི་རྣམ་པ་ཅན་གྱི་རྩེད་མོ་རྩེ་བའམ་ཚུགས་ཀ་སྟོན་པ་དེ་ལྷན་སྐྱེས་སུ་ཡོད་ཚུལ་ཁོང་གི་རང་རྣམ་ནང་བྲིས་ཡོད།

ལོ་རབས་ལྔ་བཅུ་བའི་ནང་༧གོང་ས་མཆོག་ཐོག་མར་རྒྱ་ནག་དང་ཕྱིས་སུ་རྒྱ་གར་དུ་ཕེབས་ཤིང་། ཆེས་ཐོག་མའི་འགྲུལ་བཞུད་དེ་དག་གི་སྐབས་ནས་བཟུང་ཁོང་གིས་ཐུགས་སེམས་ཀྱི་དབུས་སུ་བཅངས་ཡོད་པ་དེ་ནི་རང་གི་ལུང་པའི་མ་འོངས་པའི་གནས་སྟངས་དང་། ཕྱི་ཡུལ་གྱི་གནས་སྟངས་ཤེས་འདོད་ཀྱི་ཁོང་གི་ལྷན་སྐྱེས་རང་བཞིན་གྱི་འདུན་པ་དེ་གཉིས་ཡིན་ལ།  ཁོང་གིས་རང་ཡུལ་གྱི་རང་དབང་རྩོད་ལེན་དང་། ཤེས་ཡོན་གྱི་འཚོལ་སྙེག་དེ་གཉིས་འགྲུལ་བཞུད་ལས་གྲུབ་པའི་འགྲུལ་བཞུད་ཅིག་གི་ནང་དུ་བྱེད་པའི་ཐོག་མའི་འགོ་འཛུགས་ཀྱང་ཡིན།

ཕྱི་ལོ་ ༡༩༥༩ ལོར་ཁོང་ཉིད་རང་ཡུལ་དང་བཙན་དབང་གིས་ཞལ་གྱེས་དགོས་བྱུང་ཞིང་། སྐབས་དེའི་ཁོང་གི་འགྲུལ་བཞུད་ཀྱི་ངོ་བོ་དང་གནས་སྟངས་ནི་ཧ་ཅང་འཇིགས་སྣང་དང་སྐྱོ་སྣང་གིས་ཁེངས་པ་ཞིག་ཡིན་མོད། ཕྱིས་སུ་བྱུང་བའི་ཁོང་གི་འགྲུལ་བཞུད་དང་དེ་དག་གི་དོན་སྙིང་དང་གཟི་བརྗིད་ཀྱི་ངོས་ནས་བཤད་ན། འགྲུལ་བཞུད་དེ་ཡང་གཟི་བརྗིད་ཀྱི་བྱུང་བ་ཞིག་ཅི་ལ་མིན།
ལོ་རབས་དྲུག་ཅུ་བའི་ནང། ༡༩༥༩ ནས་ ༡༩༦༩ བར་ཁོང་ཉིད་གཙོ་ཆེ་བ་རྒྱ་གར་ནང་ལོགས་སུ་འགྲུལ་བཞུད་བྱས་ཤིང། སྐྱབས་བཅོལ་བོད་མིའི་ཐོག་མིའི་མུན་ནག་གི་དུས་སྐབས་དེ་མཇུག་བསྒྲིལ་ཆེད་ཁོང་ཉིད་བོད་མི་སྐྱབས་བཅོལ་བར་ལམ་སྟོན་དང་སེམས་གསོའི་ཆེད་དུ་འགྲུལ་བཞུད་གནང་ཡོད་ལ། དེ་དང་ཆབས་གཅིག་ལོ་རབས་དྲུག་ཅུ་བའི་སྨད་ནས་བཟུང་ཉི་ཧོང་དང་ཐེ་ལན་དུ་འགྲུལ་བཞུད་གནང་འགོ་ཚུགས་ཡོད། འདི་ནི་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ནས་ཕྱི་ཡུལ་དུ་ཕེབས་པ་ཆེས་ཐོག་མ་དེ་རེད། 

དེ་བཞིན་དུ་ལོ་རབས་བདུན་ཅུ་བའི་ནང། ༡༩༦༩ ནས་ ༡༩༧༩ བར།  སུད་སིར་ཐེངས་ལྔ་་དང། དེ་བཞིན་དུ་ནུབ་འཇར་མན། ཨོ་སུ་ཊི་རི་ཡ། ནོར་ཝེ། ཌན་མག ཨེར་ལན་ཌི། སྦེལ་འཇམ། ནུས་ཐེར་ལན་ཌི། ཨེ་ཋ་ལེ། གྷི་རིའི་སི། མོ་སུ་ཀོ་སོགས་ཁྱོན་རྒྱལ་ཁབ་བཅུ་གཉིས་ཙམ་གྱི་ནང་ཐེངས་བཅུ་དྲུག་ཙམ་ཕེབས་འདུག དུས་སྐབས་འདི་ནས་ཁོང་ཉིད་གླིང་ཆེན་ཨེ་ཤ་ཡ་དང་ནུབ་ཕྱོགས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་བསྐྱངས་འགོ་ཚུགས་ཡོད།

ལོ་རབས་བརྒྱད་ཅུ་བའི་ནང། ༡༩༨༠  ནས་ ༡༩༨༩ བར་རྒྱལ་ཁབ་ཉེར་ལྔ་ཙམ་གྱི་ནང་ཐེངས་ལྔ་བཅུ་ང་གཉིས་ཙམ་ཕེབས་ཡོད། དེ་ནང་ནས་མང་ཤོས་ཨ་རི་ལ་ཐེངས་བདུན་དང། འཇར་མན་ལ་ཐེངས་བརྒྱད། ཧྥི་རན་སི་དང་སུད་སི་ལ་གཉིས་ལ་ཐེངས་ལྔ་རེར་ཕེབས་འདུག་ཅིང་། ནོར་ཝེ་དང་ཨོ་སི་ཊི་རི་ཡ་གཉིས་ལ་ཐེངས་གཉིས་རེ་བཅས། རྒྱལ་ཁབ་དེ་དག་གི་ཁོངས་སུ་ཤར་ནུབ་རྒྱལ་ཁབ་མང་པོ་ཡོད་ཅིང་།  དུས་སྐབས་འདི་ནས་ཨེ་ཤ་ཡ་དང་ཡུ་རོབ་ཙམ་མ་ཡིན་པར་གླིང་ཆེན་ཨ་མེ་རི་ཁའི་ཁོངས་གཏོགས་ཨ་རི་དང་ཁེ་ན་ཌ་སོགས་སུ་ཆིབས་བསྒྱུར་བསྐྱངས་འགོ་ཚུགས་ཡོད།
ལོ་རབས་དགུ་བཅུ་བའི་ནང། ༡༩༩༠ ནས་ ༡༩༩ བར། ཁྱོན་རྒྱལ་ཁབ་བཞི་བཅུ་ཞེ་ལྔ་ཙམ་གྱི་ནང་ཐེངས་བརྒྱ་དང་བཞི་བཅུ་ཙམ་ཕེབས་འདུག དེ་དག་ལས་མང་ཤོས་ཨ་རི་ལྟ་བུ་ལ་ཐེངས་བཅུ་དྲུག་དང། འཇར་མན་ལ་བཅུ་བཞི། ཧྤ་རན་སི་ལ་བཅུ་བཞི། སི་བེ་སི་ལན་ཌི་ལ་ཐེངས་བཅུ། ཨེས་ཊ་ལེ་ལ་ཐེངས་བདུན་ཙམ་རེད། དུས་སྐབས་འདི་ནས་བཟུང་ཨེ་ཤ་ཡ་དང་། ཡུ་རོབ་ ཨ་རི་སོགས་ལས་གཞན་ལྷོ་ཨ་ཧྤི་རི་ཀའི་གླིང་ཆེན་གྱི་ནང་དུ་ཆིབ་བསྒྱུར་གནང་འགོ་ཚུགས་ཡོད།

སྟོང་ལོ་གསར་པ་སྟེ། ཕྱི་ལོ་ ༢༠༠༠ ལོ་ནས་ ༢༠༠༩ བར་རྒྱལ་ཁབ་རིགས་མི་འདྲ་བ་བཞི་བཅུ་ཞེ་གཉིས་ཙམ་གྱི་ནང་ཐེངས་བརྒྱ་དང་སུམ་ཅུ་ཙམ་ཕེབས་འདུག་ཅིང་། དེ་དག་ལས་མང་ཤོས་ཉི་ཧོང་ལ་ཐེངས་ཉི་ཤུ་དང། འཇར་མན་ལ་བཅུ་གསུམ། ཨ་རི་ལ་བཅུ་གཅིག། ཨེ་ཊ་ལེ་ལ་བཅུ་ཙམ་ཡིན་ཞིང། གཞན་རྒྱལ་ཁབ་དེ་དག་གི་ས་ཁུལ་ནི་ཧ་ཅང་མང་པོར་ཕེབས་ཡོད་པ་རེད།
འདི་ལྟར་དུས་རབས་སྔ་ཕྱི་གཉིས་ཀྱི་སྦྲེལ་མཚམས་ནས་༧གོང་ས་ཏཱ་ལའི་བླ་མ་རྒྱལ་ཁབ་མི་འདྲ་བ་བརྒྱ་ལྷག་གི་ནང་ཕེབས་ཐེངས་ཉིས་བརྒྱ་བཞི་བཅུ་བརྒལ་བར་ཕེབས་ཡོད་ཅིང་།  རྒྱ་གར་ནང་ལོགས་ཀྱི་འགྲུལ་བཞུད་ནི་ཆ་སྙོམས་བྱས་ན་ལོ་རེར་རྒྱ་གར་རྒྱལ་ཡོངས་ལ་སྐོར་སྐྱོད་ཐེངས་རེ་གནང་ཡོད་ཅེས་བཤད་ཆོག་པ་ལྟ་བུ་རེད། 

འོ་རེད་་་་་་ཁོང་གི་སྐུ་ཚེ་ནི་འགྲུལ་བཞུད་ཙམ་མ་ཡིན་ཞིང་འགྲུལ་བཞུད་འདི་དག་ཀྱང་འགྲུལ་བཞུད་ཙམ་ག་ལ་ཡིན། འགྲུལ་བཞུད་འདི་དག་གི་ཁྲོད་ནས་ཁོང་གིས་ཤེས་ཡོན་དང་ཉམས་མྱོང་གི་མཐོང་རྒྱ་བསྐྱེད་ཅིང་། འགྲུལ་བཞུད་འདི་དག་ལས་ཁོང་གིས་འཛམ་གླིང་མི་མང་ལ་ཤེས་ཡོན་དང་ཉམས་མྱོང་གི་མཐོང་རྒྱ་བསྐྱེད་དུ་བཅུག་ཡོད། དེ་བས་ཁོང་གི་འགྲུལ་བཞུད་དེ་འཛམ་གླིང་གི་གཡོ་འགུལ་ཞིག་ཡིན།

ལོ་རྒྱུས་ཐོག་གི་དེ་རིང་གི་ཉིན་མོ་སྟེ། གསུམ་བཅུའི་དུས་དྲན་གྱི་སྔ་ནུབ་ཏུ་ཕྲན་གྱིས་ཁོང་གི་ཞབས་རྗེས་ཀྱི་ཆ་ཤས་ཙམ་ཞིག་གླེང་ན་འདོད་མོད། ཁོང་གིས་ཞབས་རྗེས་ཀྱིས་འཛམ་གླིང་ཧྲིལ་པོར་ཁེབས་ཡོད་པས། ངས་གང་ཞིག་ནས་འགོ་འཛུགས་བྱེད་དགོས་པ་ཡང་མ་ཤེས་མོད། གང་ལྟར་ཁོང་གི་གྲུལ་བཞུད་ཀྱི་གྲངས་ཐོ་ཙམ་གླེང་བ་ཡིན།

མ་འོངས་པའི་དུས་རབས་ནང་མི་རྣམས་ཀྱིས་ཅི་ཞིག་གླེང་རྒྱུ་ཡིན་ནམ། བོད་པ་ཚོས་ཅི་ཞིག་གླེང་རྒྱུ་ཡིན་ནམ། སྲོང་བཙན་སྒམ་པོའི་མཛད་རྗེས་ནི་ལོ་སྟོང་གི་སྔོན་གྱི་ལོ་རྒྱུས་རེད། གེ་སར་རྒྱལ་པོ་ནི་རྟོག་བཏགས་དང་ལྷ་སྒྲུང་འདྲེས་པའི་སྙན་ངག་རེད། འོ་ན་༧གོང་ས་ཏཱ་ལའི་བླ་མ་ནི་ག་རེ་རེད་དམ། ནུབ་ཕྱོགས་པའི་ཁྲོད་ཏཱ་ལའི་བླ་མས་ནུབ་ཕྱོགས་སྤྱི་ཚོགས་ལ་ཁུ་སིམ་པའི་གསར་བརྗེ་silent revolution ཞིག་བྱས་པར་ངོས་འཛིན་མཁན་ཡོད་ཅིང་། དུས་རབས་ཉི་ཤུ་བའི་ནང་གི་ནུབ་ཕྱོགས་སྤྱི་ཚོགས་ཀྱི་བསམ་བློའི་འགྱུར་ལྡོག་དང་༧གོང་ས་ཏཱ་ལའི་བླ་མའི་འགྲུལ་བཞུད་འདི་དག་དང་འབྲེལ་བ་ཡོད་མཁན་འདོད་མཁན་གྱི་ཆེད་མཁས་པའང་ཡོད།

འོན་ཀྱང་་་་་་བོད་པས་་་་་་ལྷ་སྲུང་བསྟེན་ཕྱོགས་ཀྱི་བཀའ་སློབ་ཙམ་ལ་གཙོར་འདོན་བྱས། ཧ་ལམ་བཙན་བྱོལ་སྤྱི་ཚོགས་ཁྲོད་གནད་དོན་གཅིག་གི་ཐོག་རྩོད་གླེང་དང་། དེབ་གཞི་པར་འགྲེམས་ཀྱི་གྲངས་ཚད་མཐོ་ཤོས་སུ་བསྐྱལ། འདི་ནི་ང་ཚོས་ཁོང་གི་དགོངས་དོན་ལ་གཙུགས་ཆེན་བྱེད་སྟངས་ཤིག་དང་། ང་ཚོས་མངོན་སུམ་སྤྱི་ཚོགས་ལ་ཁ་གཏོད་ཚུལ་གྱི་ཟུར་ཞིག་ལོས་ཡིན།

མ་རེད་་་་མ་རེད་་་་་བོད་ནང་གི་བོད་མི་ཚོས་ཁོང་གི་དགོངས་དོན་བསྒྲུབ་ཕྱོགས་ཀྱི་སྙིང་སྟོབས་དང་། ཁོང་གི་དགོངས་དོན་ཤེས་འདོད་ཀྱི་འདུན་པ་དེ་བསམ་ཡུལ་ལས་འདས་པ་རེད། དེ་ལྟར་མིན་ན་་་་་ཁོང་གི་བཀའ་སློབ་གཅིག་གིས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གོམས་ཕྱོགས་དང་འབྲེལ་བའི་དགའ་ཞེན་མང་པོ་ཞིག་གློ་བུར་ཏུ་བསྐྱུར་འཇོག་བྱེད་མི་སྲིད་ལ། རང་གི་རྒྱུ་ནོར་དང་མཛེས་རྒྱན་དུ་རློམ་པའི་དངོས་པོ་དག་རྩྭ་བཞིན་ག་ལ་སྲེག ད་དུང་མེ་མདའ་དང་དམག་དཔུང་གི་གདོང་དུ་ལངས་ནས་ ་་་་་ཁོང་ཉིད་བོད་དུ་གདན་ཞུ་བྱེད་དགོས་པའི་འབོད་ཚིག་ག་ལ་སྒྲོགས།
དེའི་ཕྱིར་ཁོང་གི་འགྲུལ་བཞུད་ཀྱི་ཁ་ཕྱོགས་རང་ཡུལ་དུ་ཕྱོགས་ཐུབ་དང་། ཁོང་ཉིད་རང་ཡུལ་གྱི་ས་ཕྱོགས་གང་སར་སྐོར་སྐྱོད་བྱེད་ཐུབ་པ་དེ་ཁོང་གི་ཐུགས་རེ་ཞིག་ཡིན་ལ། བོད་མི་མང་གི་རེ་བ་ཞིག་ཡིན། དེ་བས་བོད་ནང་༧གོང་ས་ཏཱ་ལའི་བླ་མའི་འགྲུལ་བཞུད་བྱེད་པའི་ཉིན་མོ་ནི་ང་ཚོའི་བདེ་སྐྱིད་ཀྱི་ཉིན་མོ་གཅིག་པུ་ཡིན། མདོར་བསྡུས་ན་༧གོང་ས་སྐྱབས་མགོན་ཏཱ ་ལའི་བླ་མའི་འགྲུལ་བཞུད་ནི་ང་ཚོའི་སྟོབས་ཤུགས་ཡིན། སྤོབས་པ་ཡིན། རེ་བ་ཡིན། བདེ་སྐྱིད་ཡིན། འདི་ནི་བདག་གི་གསུམ་བཅུའི་དུས་དྲན་གྱི་སྐད་འབོད་ཡིན།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 14

  1. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    ཁྱེད་རང་གི་རྩོམ་འདི་ཡག་པོ་འདུག་པས་རྒྱ་ཡིག་ཏུ་བསྒྱུར་ཏེ་གསུམ་བཅུའི་ཉིན་མོ་དེ་རང་ལ་པོ་ཞུན་དྲ་ཚིགས་ལ་བསྐུར་བ་ཡིན། ཟླ་༣ཚེས་༡༤ཉིན་གཞི་ནས་བཀོད་འདུག ཁྱེད་རང་གིས་གཅིག་གཟིགས་ཙམ་གནང་དང་།http://news.boxun.com/news/gb/intl/2010/03/201003140008.shtml

    Reply
  2. གཉོམ་ཆུང་། says:
    ལོ་ 16 སྔོན།

    ཨ་འབྲུག་ཅེས་པའི་མིང་འདི་གོ་མ་ཐག་ནས་གཏིང་ཟབ་ཅིང་རྒྱ་ཆེ་བའི་བརྗོད་གཞི་ཞིག་འཁུར་ཡོང་ཡོད་པ་གཏན་འཁེལ་བ་ཞིག་ལ་ངོས་འཛིན་ཡོད་པ་ནང་བཞིན་དེ་རིང་ཡང་འདི་འདྲའི་དོན་སྙིང་ལྡན་པའི་བརྗོད་གཞི་ཞིག་གི་ཐོག་ལ་བསམ་ཞིབ་བ་ྱས་ཡོད་པ་དངོས་གནས་དགའ་འོས་པ་ཞིག་རེད།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 16 སྔོན།

    ངོས་འཛིན་དང་བསྐྱར་ཞིབ་ནི། མ་འོངས་པའི་མདུན་ལམ་ཡིན་ཞིང་ད་ལྟའི་གནས་བབ་ཀྱི་སྒུལ་ཤུགས་ཀྱང་ཡིན་སྲིད། དེས་ན། ཨ་འབྲུག་དཀོན་མཆོག་ལགས་ཀྱིས་གནད་ལ་འཁེལ་ཞིང་དོན་ལ་གནས་པ། ངོས་འཛིན་ཟབ་ཅིང་དཔྱད་གཞིགས་ཀྱི་རིན་ཐང་ལྡན་པའི་ཆེད་རྩོམ་ཞིག་བྲིས་གནང་ཡོད་པར་ཡི་རངས་ཡོད།

    Reply
  4. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ངོས་ལེན་ཡོད་ན་མེད་ན་བསམ་ཚུལ་དེ་ཡིན།

    Reply
  5. ཨ་འབྲུག་དཀོན་མཆོག says:
    ལོ་ 16 སྔོན།

    མུ་ཏིག་ཆུང་ཆུང་གི དགོངས་ཚུལ་དེ་ཡང་མུ་ཏིག་ཆུང་ཆུང་ལྟ་བུ་ཞིག་རེད། བདེན་པ་རེད། ཁྱེད་ཀྱི་གསལ་བཤད་གནང་བ་དེ་ཡང་ཕྱོགས་གཅིག་ནས་བདེན་པ་རེད། འོན་ཀྱང་ཁྱེད་ཀྱིས་ཞིབ་གཟིགས་ཤིག་གནོངས་དང། བོད་གཞུང་དྲ་ཚིགས་ནང་གི་ཤེས་བྱ་དུས་དེབ་མང་པོ་ཞིག་ཁ་ཕྱེ་མི་ཐུབ་ལ། འགའ་ཞིག་ལ་བོད་ཡིག་མི་འཆར། འགའ་ཞིག་ལ་ཆད་ལྷག་སོང་ཡོད། འོན་ཀྱང་ངས་འདི་དག་སྐྱོན་བརྗོད་ཀྱི་ཆེད་དུ་གཏན་ནས་བྲིས་མེད། ལེགས་བཅོས་ཤིག་ཡོང་བར་རེ་འདུན་ཞུས་པ་ཙམ་ཡིན། དེ་མིན་འབྲེལ་ཡོད་ལས་ཁུངས་སུ་བཅར་ཀྱང་འགྲིག་མོད། བྱེད་ཐབས་དེས་ང་ལ་སྣ་བསུན་བཟོས་ཚར་བས་ངས་ཟིན་བྲིསཤིག་སྤེལ་བ་ལགས།
    གཞན་ཁྱེད་ཀྱིས་ཁ་ཕྱིར་འཁོར་ནས་ངའི་རྩོམ་བྱང་ལ་སྐྱོན་བརྗོད་ཅིག་གནང་འདུག དེ་ཡང་ཕྱོགས་གཅིག་ནས་རྒྱུ་མཚན་ལྡན་པ་རེད། འོན་ཀྱང་དེ་གཉིས་རྦད་དེ་ཐ་དད་རེད་འདོད།
    ཏཱ ་ལའི་བླ་མ་ཞེས་པའི་མཚན་འདི་བྱུང་རིམ་སོགས་བཤད་མི་དགོས་པར་བྱ། མཚན་གྱི་རྣམ་གྲངས་འདི་༸གོ་ས་རྒྱལ་བ་རིན་པོ་ཆེར་ཆེད་སྤྱོད་ཀྱི་མཚན་གལ་ཆེན་ཞིག་ཡིན་ཞིང་། འདི་ལ་ཆོས་སྲིད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། སྐུ་ཉིད་ཀྱི་དམིགས་བསལ་མཁྱེན་ཡོན་གྱི་ཁྱད་ཆོས་ཚང་མ་གཞི་གཅིག་ཏུ་འདུས་པའི་གོ་དོན་ཡོད་པ་རེད།
    དེ་བཞིན་དུ་༸གོང་ས་མཆོག་སྐུ་ཉིད་ཀྱིས་ཀྱང་འདི་ཉིད་བེད་སྤྱོད་གནང་གི་ཡོད། དཔེར་ན་ཏཱ་ལའི་བླ་མའི་དགེ་རྩ་ཞེས་པ་ལྟ་བུ་དང་། དེ་བཞིན་དུ་ཁོང་གིས་གལ་ཆེན་དོན་ཆེན་དུ་བརྩི་གནང་མཛད་པའི་གསུང་འཕྲིན་དང་གསུང་རྩོམ་མང་པོ་ཞིག་གི་མཇུག་བྱང་དང་རྩོམ་བྱང་སོགས་སུ་ཆེད་སྤྱོད་གནང་འདུག
    ཕྲན་གྱིས་དེ་སྔོན་ནས་རང་གི་ཆེད་རྩོམ་དག་གི་ནང་དུ་ཁོང་གི་མཚན་བེད་སྤྱོད་བྱེད་ཚུལ་ལ་བསམ་བློ་བཏང་མྱོང་ལ། སྐུ་ཉིད་ཀྱི་དགོངས་ཚུལ་ལྟ་བུའི་བསམ་ཚུལ་ཡོད་མཁན་མ་པའང་ཤེས་ཀྱི་ཡོད། འོན་ཀྱང་མཇུགམཐར་ང་རང་གིས་༸གོང་ས་མཆོག་དང་༸གོང་ས་ཏཱ་ལའི་བླ་མ་ཞེས་པ་འདི་རྩོམ་ཡིག་ནང་བེད་སྤྱོད་ཀྱིས་འབྲི་བཞིན་ཡོད། རྒྱུ་མཚན་ཚང་མ་གནས་སྐབས་གསལ་བཤད་བྱེད་མི་དགོས་པ་བྱོས།
    གང་ལྟར་དགོངས་འཆར་གནང་བར་ཐུགས་རྗེ་ཆེ།

    Reply
  6. མུ་ཏིག་ཆུང་ཆུང་། says:
    ལོ་ 16 སྔོན།

    ༼༧གོང་ས་ཏྰ་ལའི་བླ་མ་དང་ཁོང་གི་འགྲུལ་བཞུད༽ཞེས་པའི་ཁ་བྱང་དེ་ཡང་ཁྱད་མཚར་ཞིག་རེད། སྐུ་ཉིད་བོད་སྐད་ལ་དུང་ཞེན་དེ་ཙམ་ཡོད་བཞིན་དུ་༧རྒྱལ་བ་ཡིད་བཞིན་ནོར་བུ་ཞེས་བོད་མི་རིགས་ཀྱི་དད་གུས་བརྩེ་གསུམ་མཚོན་པའི་མཚན་མཆོག་འདི་བཞག་ནས། ༧གོང་ས་ཏྰ་ལའི་བླ་མ་དང་ཁོང་གི་་་་་་་ཞེས་ཕྱི་རྒྱལ་མི་ཚོའི་ལད་ཟློས་བྱས་པ་ཡག་པོ་མ་མཐོང་། ད་བར་དུ་ང་ཚོར་རང་གི་དབུ་ཁྲིད་ལ་མི་རིགས་རང་གིས་བཏགས་པའི་མིང་གཙང་མ་ཞིག་ཀྱང་མེད་པ་མིན་འགྲོ་དྲན་སོང་། དེའི་ཕྱིར་ཁྱེད་ཀྱིས་ཨ་གསར་བྱེད་སྟངས་འདི་ཉེན་ཁ་འདྲ་བོ་ཞིག་ཀྱང་མཐོང་སོང་། བོད་རིགས་ཚོའི་ཆེད་སྐུ་སྒེར་ཡིག་ཚང་གིས་ཀྱང་རྒྱལ་བ་རིན་པོ་ཆེ་ཞེས་བོད་ཡིག་དང་བོད་རིགས་ཚོའི་ཆེད་དུ་དྲ་རྒྱ་སྣུམ་པོ་ཞིག་ཕྱེ་གནང་འདུག དེའི་ནང་ཏྰ་ལའི་བླ་མ་ཞེས་མཚན་མ་ཕུལ་བའང་གློ་བུར་དུ་བྱུང་ཞིག་མ་ཡིན་པར། དམིགས་ཡུལ་དང་དགོས་པ་རྒྱུ་མཚན་ལ་བསམ་བློ་བཏང་ནས་མཚན་དེ་བཏགས་པ་རེད་བསམ།
    དཔེར་ན་ང་ཚོས་བོད་པ་ནང་ཁུལ་ལ་སྐད་ཆ་བཤད་སྐབས་ང་ཚོ་ཏྲི་བྷེ་ཏྲི་རེད་མི་ཟེར་བར། ང་ཚོ་བོད་པ་རེད་་་་་་་ཟེར་བ་མ་རེད་དམ། འོན་ཀྱང་ཉིད་ཀྱི་རྩོམ་གསར་ཤོས་འདི་ཀློག་མ་ཐུབ་ཀྱང་ནང་དོན་ཡག་པོ་ཡོད་ཤག་བྱས་ཡོད། ཁྱེད་ཀྱི་རྩོམ་སྔོན་མ་ཀློག་མྱོང་བས་ཚོད་དཔག་ཐུབ།

    Reply
  7. བསེ་རུ། says:
    ལོ་ 16 སྔོན།

    གང་ཉིད་ཀྱི་འགྲུལ་བཞུད་ཁྲོད་ནས་རྙེད་པའི་བསླབ་བྱ་རྣམས་བོད་མི་ཡོད་ཅོག་གི་སེམས་ལ་ངལ་གསོ་སྟེར་བར་སྨོན།།

    Reply
  8. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཡག་པོ་རེད་་་་ཨ་འབྲུག་ལགས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  9. ཨ་འབྲུག་དཀོན་མཆོག says:
    ལོ་ 16 སྔོན།

    ཀློག་པ་པོར་བཅོས་རོགས། ངའི་ལག་པ་འདི། ཡང་བཏགས་ནོར་ཐེབས་འདུག

    Reply
  10. ཨ་འབྲུག་དཀོན་མཆོག says:
    ལོ་ 16 སྔོན།

    ཀློག་པ་དག་གིས་དགའ་བསུ་དང་བཅས་གཟིགས་པར་ངས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཞར་དུ་༸གོང་ས་མཆོག་གིས་ཤུགས་རྐྱེན་ཆེ་ཤོས་དེ་བོད་པའི་སྤྱི་ཚོགས་སུ་ཐེབས་ཡོད་དམ་སྤྱི་ཚོགས་གཞན་གྱི་ནང་ཐེབས་ཡོད། དེ་བཞིན་དུ་ཁོང་གི་ཤུགས་རྐྱེན་གཙོ་བོ་དེ་ཕྱོགས་གང་དུ་ཐེབས་ཡོད་མེད་སོགས་ལ་རིག་པ་བཏོན་ན་དེ་ལས་ཀྱང་དགའ།

    Reply
  11. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཐུགས་རྗེ་ཆེ།འགྲུལ་བཞུད་ཕྱོགས་བསྡུས་ཀྱི་གུས་པ་ལྟ་བུ་ཁུག་ཀྱོག་ཡོད་མི་རྣམས་ལ་༧གོང་ས་མཆོག་གི་འཛོད་འཔྲིན་ཅི་ལྟར་རྒྱས་བཞིན་ཡོད་པའི་གསལ་བཤད་ཅིག་ཆགས་སོང་།གུས་པས་བསྐྱར་དུ་ཁྱེད་ལ་སྙིང་ཐག་པར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མ་འོངས་ཡང་དེ་ལྟར་སྤེལ་བའི་རེ་བ་ཡོད།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    མིང་ཞེས་བཅོས་རོགས?

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཨ་འབྲུག་ལགས། ཁྱེད་རང་ལ་རིགས་གཅིག་རྐང་འཛིན་ཟེར་བའི་མི་ཚིག་འདི་བེད་སྤྱོད་བཏང་ན་མི་ཆོག་རྒྱུ། རྩོམ་ལབ་ན་གནས་ཚུལ་ཕྱོགས་བསྡུས་འདི་ཧ་ཅང་ཡག་པོ་རེད། གང་ལྟར་སྙིང་བོ་ཅན་ཞིག་བྲིས་འདུག ཡོང་ནས་བཀླགས་ཟིན་པ་མ་ཟད། དགའ་སྣང་དང་བཅས་ཕྱིར་བུད་སོང་ང་།

    Reply
  14. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    མི་སེམས་འགུལ་བ་ཞིག་བྲིས་འདུག་ལ་གོང་ས་མཆོག་གི་ཞབས་སོར་འཛམ་གླིང་རྒྱལ་ཁབ་ཁག་ཏུ་འཁོད་པའི་བརྒྱུད་རིམ་དེ་དག་ངོ་སྤྲོད་ཡག་པོ་གནང་འདུག རྩོམ་བཟང་འདི་ལྟ་བུ་གང་མང་མང་སྤེལ་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese