མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ནང་གི་དྲི་བ་དྲིས་ལན་དང་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་བོད་རྒྱ་འབྲེལ་མོལ་སྐོར་ལ་དྲི་བ་དྲིས་ལན་ཁག་ཅིག་དང་། ༧གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་ཐོག་བགྲོ་གླིང་གནང་མཐར། རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་སྔར་གྲོས་ཚོགས་སུ་བསྟན་ཡོད་མེད་དང་༧གོང་ས་མཆོག་གི་དགོངས་གཞི་ཡིན་མིན་གསལ་བོ་ཡོང་སླད། ཕྱི་ཚེས་ ༡༨ ཉིན་དམིགས་བསལ་སྐུ་ཚབ་རྣམ་གཉིས་དང་བཀའ་ཟུར་ཁག་ཅིག་གྲོས་ཚོགས་སུ་གདན་ཞུ་བྱས་ཏེ། བཀའ་ཤག་ལྷན་རྒྱས་དང་སྤྱི་འཐུས་ལྷན་བཞུགས་ཐོག་ཉན་ཞིབ་བྱ་རྒྱུའི་ཐག་གཅོད་བྱུང་སོང་།

 

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ཉིན་གསུམ་པ་སྟེ། དེ་རིང་སྔ་དྲོའི་ལས་རིམ་གྱི་ཐོག་མར་བོད་རྒྱ་འབྲེལ་མོལ་སྐོར་གྱི་དྲི་བ་དྲིས་ལན་བཞག་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བཀའ་བློན་ཁྲི་པ་མཆོག་ལ། བོད་རྒྱ་འབྲེལ་མོལ་སྐོར་ལ་བདྲི་བ་གསུམ་བཏོན་སོང་། དྲི་བ་དེ་དག་ནི། དང་པོ། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དེ་ཉིད་གྲོས་གཞི་གཅིག་དང་བརྒྱུད་ལམ་གཅིག་ཅེས་པ་དེའི་ཁོངས་སུ་གཏོགས་ཀྱིན་ཡོད་དམ། གཉིས་པ། འབྲེལ་མོལ་ཐེངས་དགུ་བའི་ནང་དོན་དངོས་རྒྱ་གཞུང་ནས་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ཀྱིན་མེད་པ་ཁས་བླངས་ཡོད་དམ་མེད། ཡོད་ཚེ་དན་རྟགས་དང་། མེད་ན་རྒྱུ་རྐྱེན་ཅི་གཟིགས། གསུམ་པ། འབྲེལ་མོལ་སྔ་ཕྱི་རིམ་པ་འགའི་ནང་རྒྱ་གཞུང་ནས་ང་ཚོར་བསྒྲུབ་དགོས་པའི་རྣམ་གྲངས་འདྲ་མིན་ཁག་མང་པོ་ཞིག་བཏོན་པ་རྣམས་ལ་ངོས་འཛིན་ཇི་ལྟར་གནང་གིན་ཡོད་མེད་དང་། ད་ལན “ བྱེད་མི་རུང་བ་བཞི” ཟེར་བའི་གཉིས་པ་དེས་མ་འོངས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལུང་འདྲེན་ཡུལ་མེད་པ་ཞིག་བཟོས་ཟིན་པར་གཟིགས་ཀྱིན་ཡོད་དམ་མེད། ཅེས་དྲིས་པར། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལན་འདེབས་གནང་དོན། དང་པོ། བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གྲོས་གཞི་གཅིག་དང་བརྒྱུད་ལམ་གཅིག་གི་ཁོངས་སུ་གཏོགས་ཀྱིན་ཡོད། གཉིས་པ། འབྲེལ་མོལ་ཐེངས་དགུའི་ནང་དོན་རྒྱ་གཞུང་གིས་༧གོང་ས་ཆེན་པོས་རང་བཙན་རྩོད་ཀྱིན་མེད་པ་དོན་གྱིས་ཁས་བླངས་ཀྱང་། ཁས་བླངས་མེད་ཚུལ་བརྗོད་ཀྱིན་ཡོད། དེ་རྒྱུ་རྐྱེན་གང་ཡིན་ཚོད་དཔག་དཀའ། གསུམ་པ། རྣམ་གྲངས་འདྲ་མིན་ཁག་མང་པོ་ཟེར་བ་དེ་ “མཚམས་འཇོག་གསུམ” དང་། “རྒྱབ་སྐྱོད་མི་བྱེད་པ་བཞི” “རྒྱུན་འཁྱོངས་གསུམ” བཅས་ལ་གསུང་གིན་ཡོད་ན། མཚམས་འཇོག་གསུམ་ཁས་ལེན་བྱ་ཐབས་མེད་པར་ཞུས་པའི་དབང་གིས་རྒྱབ་སྐྱོར་མི་བྱེད་པ་བཞིར་བསྒྱུར་བ་རེད། རྒྱབ་སྐྱོར་མི་བྱེད་པ་བཞི་ཡང་ང་ཚོས་དེ་སྔོན་ནས་རྒྱབ་སྐྱོར་བྱེད་མྱོང་མེད་པ་ཞིག་རེད། རྒྱུན་འཁྱོངས་གསུམ་གྱི་སྐོར་འགྲེལ་བརྗོད་ཡིག་ཆའི་ནང་གསལ་པོར་བཀོད་ཡོད། བྱེད་མི་རུང་བ་བཞི་ཡང་ང་ཚོས་བྱེད་ཀྱིན་མེད་པ་ཤ་སྟག་རེད། དེའི་ནང་ནས་གཉིས་པ་དེས་མ་འོངས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལུང་འདྲེན་ཡུལ་མེད་པ་ཞིག་བཟོས་ཟིན་པར་མཐོང་གི་མེད་པ་མ་ཟད། རྩ་ཁྲིམས་ལུང་འདྲེན་བདེ་རུ་ཕྱིན་པར་མཐོང་གིན་ཡོད་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་སོང་།

 

གོང་གི་དྲི་བ་དྲིས་ལེན་དེ་ལ་འཕྲོས་དོན་དྲི་བ་ཁག་ཅིག་དང་ལན་འདེབས་སོགས་གྲུབ་རྗེས། ༧གོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་དེའི་ཐོག་ལ་བགྲོ་གླེང་གནང་སོང་ལ། བགྲོ་གླེང་སྐབས་ཚིག་དོན་རེ་རེ་བཞིན་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གནང་སྐབས། སྤྱི་འཐུས་མང་པོ་ཞིག་གིས་༧གོང་ས་མཆོག་གི་གསུང་འཕྲིན་ལས “བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང་། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གིན་ཡོད་ཚོད་འདུག” ཅེས་བཀོད་ཡོད་པའི་ཐད་གླེང་སློང་ཤུགས་ཆེན་བྱུང་ཡོད་སྟབས། ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་སྟེང་བགྲོ་གླེང་ཡོངས་སུ་གྲུབ་ཅིང་གྲོས་ཚོགས་གྲོལ་ལ་ཉེ་སྐབས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་དམིགས་གསལ་སྐུ་ཚབ་རྣམ་གཉིས་དང་བཀའ་ཤག་ལྷན་རྒྱས། དེ་བཞིན། རྒྱ་གར་ནང་གནས་བཞུགས་བཀའ་ཟུར་ཁག་ཅིག་བཅས་གདན་འདྲེན་ཞུས་ཏེ། གྲོས་ཚོགས་འཐུས་མི་རྣམ་པ་དང་ཉན་ཞིབ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་སོང་།

སྐབས་དེར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་དོན། ༧གོང་ས་མཆོག་གི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་འདིའི་ཐད། གྲོས་ཚོགས་འཐུས་མི་མང་ཆེ་བས་དགོངས་ཚུལ་གསུངས་པའི་ཆ་ཤས་བླངས་སོང་། མང་ཆེ་བ་ཞིག་གིས་ཉན་ཞིབ་དགོས་ཀྱིན་མི་འདུག གསུང་འཕྲིན་འདི་བརྒྱུད་དེ་གསལ་བོ་ཆགས་སོང་ཞེས་གསུང་གིན་འདུག དེ་ལ་གཞི་བཞག་པ་ཡིན་ན་ཉན་ཞིབ་མི་དགོས་པ་ཆགས་ཡོད་མོད། འོན་ཀྱང་༧གོང་ས་མཆོག་གི་གསུང་འཕྲིན་ནང་། འཁྲུན་ཐག་ཆོད་པ་ཞིག་གནང་དགོས་གསུངས་ཡོད་སྟབས། དེ་རིང་གྲོས་ཚོགས་ནང་གི་བཀའ་མོལ་ལ་གཞིགས་ན། ད་དུང་འཁྲུན་ཐག་མ་ཆོད་པར་དོགས་གཞི་ཡོད་པའི་གནས་སྟངས་རེ་ཟུང་བྱུང་ཡོད་སྟབས། ཉན་ཞིབ་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན། ཉན་ཞིབ་དེ་ཕྱི་ཚེས་ ༡༨ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་སྟེང་བཞག་ཡོད། ད་ལྟའི་གྲོས་ཚོགས་ཀྱི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། སྐུ་ཚབ་རྣམ་པ་གྲོས་ཚོགས་སུ་གདན་འདྲེན་ཞུ་རྒྱུའི་ལམ་སྲོལ་མེད་སྟབས། གྲོས་ཚོགས་ཀྱི་ལས་རིམ་ནང་འཇོག་ཐབས་ཡོད་པ་མ་རེད། ཉན་ཞིབ་ཀྱི་ངོ་བོའི་ཐོག་ནས་འཇོག་རྒྱུ་ཡིན་ནམ། ཡང་ན་བཞུགས་མོལ་གྱི་ངོ་བོའི་ཐོག་ནས་འཇོག་རྒྱུ་ཡིན་རྗེས་ནས་ཐག་གཅོད་བྱ་རྒྱུ་ཡིན། སྐབས་དེར་༧གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བ་ཡོད་པ་གཅིག་ནི་བཀའ་ཟུར་རྣམ་པ་ཆགས་ཡོད་སྟབས། ཕྱི་རྒྱལ་དུ་ཡོད་པའི་བཀའ་ཟུར་རྣམ་པ་གདན་ཞུ་གནང་ཐུབ་པ་མ་རེད། དེ་མིན་རྒྱ་གར་ནང་ཡོད་པའི་བཀའ་ཟུར་ཚོ་ལ་སང་ཉིན་བརྡ་ཐོ་གཏོང་རྒྱུའི་ཐག་གཅོད་བྱས་ཡོད། ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 50

  1. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    བདེ་མི་བྱོས་་་་གྲྭ་རྒོད་ལགས
    ཁྱེད་ཀྱི་མ་ཤེས་པ་ཞིག་ཤེས་འདུག་ངོ་མ་རྟེན་འབྲེལ་ཞུ
    ཧ་ཧ་ཧ་ཧ་ཁྱོད་གནས་བསྡོད་བྱེད་ཡུལ་གྱི་མིའི་མ་མོ་ཟེར་ན་མ་གཏོགས་་་་་karnataka་་་་སྐད་ལ་་་ཨ་མ་་་ལ་་་ཨབ་མའ་་་ཕ་་་ལ་ཨབ་པའ་་་ཟེར་སྐད་འདུག

    Reply
  2. གྲྭ་རྒོད says:
    ལོ་ 15 སྔོན།

    བལ་ཡུལ་གྱི་སྐད་ནང་དེ་འདྲ་ཞིག་ཡོད་པས་རྒྱུ་མཚན་ཡིན་ན་མ་ཁྱབ་ཞེས་ལན་འདེབས་གི་ཡིན།ཁ་ནན་གྲ་ག་ནང་སྐད་འདི་འདྲ་ཞིག་ཡོད།་མ་མོ་ཞེས་ཟེར་བ་དེ་ཡང་རྒྱ་གར་གྱི་སྐད་ཡིན་དགོས་ལ།ད་དུང་བོད་སྐད་ཀྱང་ཡིན་དགོས།བོད་སྐད་ནང་དུ་ཡང་ཡོད།མཚོ་སྔོན་ས་ཆ་འགའ་ཞིག་གི་ནང་ལུ་གུ་སྐྱེ་ཡ་ཡོད་པའི་མོ་ལུག་ལ་མ་མོ་ཟེར་ལ་ཁྱེད་ཚོ་ལྟར་ན་དེ་གང་གི་སྐད་ལ་ངོས་འཛིན་བྱེད་དམ།kanataka ཁོང་ཚོའི་ཨ་མ་ཟེར་བ་རེད།

    Reply
  3. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས
    ཁུངས་མེད་ན་མ་བཤད་ཀྱང་ཆོག ཁྱབ་པ་དེ་ཁྱེད་ལ་གནོད་ཡོད་པ་ཤེས་སམ།

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གྲྭ་རྒོད་ལགས
    ལོ་ཞེས་པ་དང་ལགས་འོ་ཞེས་པ་གཉིས་གཅིག་མ་ཡིན་པ་ཤེས་སོང་ངམ

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ང་ཡང་བཙན་བྱོལ་དུ་འབྱོར་ནས་ལོ་ཞེས་པ་དེ་གོ་བྱུང་།ངས་བོད་ཆོལ་གསུམ་གྱི་སྐད་གོ་ཡི་ཡོད།ཡིན་ནའང་ཚིག་མཐར་རུ་ལོ་ཞེས་པ་དེ་འདི་ཡི་སྐད་རེད་ཟེར་ནས་ལབ་ཤེས་མ་སོང་།ངའི་ལུང་པའི་ནང་ལ་ཨོ་གོ་ཟེར།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གྲྭ་རྒོད་འདི་ངོ་མས་རྒོད་རྒྱུ་ཅུང་མང་འདུག རྒྱལ་རབས་གླིང་དར་མའི་སྐབས་ནས་བྱུང་བ་ཞིག་ཡིན་པ་གང་ཞིག་ན་གསལ་འདུག་གསུང་རོགས་གནང་། ད་དུང་ལྷ་ས་རང་དང་སྔོན་སྡེ་བ་གཞུང་གི་གཞུང་འཛིན་པ་དག་གི་གུས་ཞབས་བྱེད་སྐབས་ཚིག་འདི་བེད་སྤྱོད་བྱེད་གི་ཡོད་པ་གསལ་བོ་ཇི་ལྟར་ཆགས་པ་རེད
    ལྷ་ས་རང་ལ་དེང་སང་སྦྱོད་བཞིན་པ་་འུ་འགོ་ཞེས་པ་འདི་རང་རེད་་་་་་དེས་ན་སྔོན་མར་ཡོད་པའི་སྐད་དེ་དེང་སང་སྦད་དེ་མེད་སོང་བ་རེད་དམ
    རྒྱལ་རབས་གླིང་དར་མའི་སྐབས་ནས་བྱུང་བ་ཞིག་ཡིན་པ་གང་ཞིག་ན་ཁ་གསལ་བ་དེ་སྟོན་རོགས་
    དེ་མ་གཏོགས་རྒྱལ་རབ་གཉའ་ཁྲིའི་སྐབས་ནས་ལོ་ཞེས་བ་འདི་བོད་སྐད་ལ་མི་འདུག་ཟེར་རྒྱུ་ཡིན

    Reply
  7. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    དགེ་བཤེས་སྨོན་ལམ་མཐའ་ཕྱིན་དེ་དངོས་ཉིད་མི་སྙིང་སྟོབས་ཅན་ཞིག་རེད་འདུག་དྲི་བ་ཡག་པོ་ཕུལ་འདུག་

    Reply
  8. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་ལ་ཁྱེད་ཀྱི་ཟེར་བ་ཁྱོད་རང་ལ་མཐོང་རྒྱ་ཆུང་བའི་རྐྱེན་རེད།ལྷ་ས་རང་དང་སྔོན་སྡེ་བ་གཞུང་གི་གཞུང་འཛིན་པ་དག་གི་གུས་ཞབས་བྱེད་སྐབས་ཚིག་འདི་བེད་སྤྱོད་བྱེད་གི་ཡོད་པ་གསལ་པོ་རེད།དེ་ཡང་རྒྱལ་རབས་གླིང་དར་མའི་སྐབས་ནས་བྱུང་བ་ཞིག་ཡིན་པ་འདྲ།བལ་ཡུལ་ནང་སྐད་དེ་འདྲ་ཞིག་ཡོད་ན་དེ་ཡིན་དགོས་པའི་ཁྱབ་བ་མེད།དེ་དགོས་ན་ཧ་ཅང་ཐལ།

    Reply
  9. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ཁྱོད་ཚོ་ཚང་མའི་ནོར་འདུག། ལོ་ཟེར་བ་དེ་བལ་ཡུལ་ལམ་ཧི་མ་ལ་ཡ་རི་བརྒྱུད་ནས་བལ་བོད་འབྲས་མས་སྐད་ཞིག་རེད། དེ་ཚབ་ནི། ཁམས་དང་ལྷ་སའི་ཁུལ་འགལ་ཞིག་ལ་འོ་འགོ་ཟེར་བ་ནང་དོན་ཅིག་མཚུངས་ཞིག་རེད།

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གྲྭ་རྒོད
    ལྷ་སའི་སྐད་དུ་ལོ་ཞེས་པའི་འཚབ་དུ་འུ་འགོ་་ཞེས་དང་ཨམ་སྐད་དུ་འུ་ཝོ་སེར་བ་རེད་
    ང་འདིར་བོད་མདོ་དབུས་ཁམས་སུམ་དང་ཧི་མ་ལ་ཡ་སོགས་ཚང་མཛོམས་བྱེད་ས་ཞིག་དུ་ཡོད་པས་ཡུལ་ལུང་དེ་དག་ནས་གསར་བ་སུ་ཡོང་ན་ཡང་ལོ་ཞེས་པ་འདི་བལ་ཡུལ་ནས་ཡོང་མཁན་མ་གཏོགས་བོད་མདོ་དབུས་ཁམས་སུམ་གང་ནས་ཡོང་བ་དག་གིས་ལོ་་ཟེར་བ་གོ་རྒྱུ་མེད་་་་དེ་དངོས་ཡོད་རེད་
    འདི་གར་ཡོང་ནས་ལོ་ངོ་གཅིག་གཉིས་རེ་སོང་ཚེ་ད་བཟོད་ཚིག་འཇུག་དུ་ལོ་ལོ་ལོ་ཟེར་གྱིན་འདུག་ག
    རྒྱུ་མཚན་གཞན་མེད
    བོད་འབྱོར་བའི་ཐོགས་མ་ནས་ལོ་ཞེས་ཟེར་བ་གོ་མྱོང་མེད།
    འདི་བོད་སྐད་ཞིག་ཡིན་ན་ཐོག་མ་ནས་གསར་འབྱོར་བའི་ཁ་ནས་ལོ་ལོ་ལོ་ཞེས་ཟེར་ཡོང་གི་རེད།

    Reply
  11. གྲྭ་རྒོད says:
    ལོ་ 15 སྔོན།

    ཆུ་ཐུགས་སྔོན་མོ་ལགས།ཤས་ཟེར་བ་ནོར་བ་དང་ཤེས་ཟེར་དགོས།

    Reply
  12. གྲྭ་རྒོད says:
    ལོ་ 15 སྔོན།

    བསམ་ངན་ཅན་འདི་ཚོ་་་་་་་་་་

    Reply
  13. གྲྭ་རྒོད says:
    ལོ་ 15 སྔོན།

    བོད་མི་ཚོ་ད་ལྟ་སྔོན་དང་གཏན་ནས་མི་འདྲ།འགའ་ཞིག་གི་བསམ་དོན་དེ་ཚོ་ངོས་ལེན་བྱེད་མཁན་རེག་ཡོད་དམ།ཧ་ཧ་ཧ་ཧ་ཧ་སྙིང་རེ་རྗེ།སམས་ངན་ཅན་འདི་ཚོ།

    Reply
  14. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    རྩོད་གཞི་མེད་པའི་རྩོད་པ་རྒྱག་ཁུལ་བྱས་ན་ཆུ་ཚོད་འཕྲོ་བརླག་ལས་མེད།
    འགའ་ཤས་ཀྱིས་སྐད་ཆའང་བཤད་ཤས་ཀྱི་མི་འདུག་་་་ཧཧཧ

    Reply
  15. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    རྩོད་གཞི་མེད་པའི་རྩོད་པ་རྒྱག་ཁུལ་བྱས་ན་ཆུ་ཚོད་འཕྲོ་བརླག་ལས་མེད།
    འགའ་ཤས་ཀྱིས་སྐད་ཆའང་བཤད་ཀྱི་མི་འདུག་་་་ཧཧཧ

    Reply
  16. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    སྔར་ལོའི་མཇུག་སྡོམ་གཅོད་པའི་གྲོས་ཆོད་གྲོས་གཞི་དེ། ད་ཐེངས་སྨོན་ཐར་དང། བེར་འཇིགས། ཐུབ་འཕེལ། འབའ་སྐལ། གསེར་ཚུལ་བཅས་ཀྱི་གང་རང་གཉིས་ཀྱིས་སྐྱར་འཁྱེར་གནང་དགོས་པ་ནི། སྐབས་སུ་བབ་པའི་ཁ་རྩ་དགོས་གཏུགས་ཀྱི་ལས་འགན་ཞིག་སྟེ། སྐབས་དེའི་ཁོང་ཚོའི་དགག་སྒྲུབ་ནི། ཕྱི་ཤུན་ཙམ་མོ ། ། མ་ཟད་ཁྲིམས་ཀྱིས་དབང་བསྒྱུར་བའི་ལམ་ལུགས་ལ་གནོད་བསྐྱལ་འདོད་མེད་ཚེ་་་

    Reply
  17. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    གྲོས་ཚོགས་ནས་གཏན་ནས་གླེང་མི་རུང་། གལ་སྲིད་གླེང་ཚེ། བཏང་ན་ཆགས། ཟིན་ན་འཚིག ཅེས་པ་རང་སྟེ། ་་་་་་་་་་་་་་་་་་་་་་། ངའི་བསམ་ཚུལ་འགྲོ་བ་མི་འདུག་གོ།།

    Reply
  18. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་ལ་སྒོམ་སྡེ་ལྷ་རམས་པའི་བཤད་ཡོད་རེད་།དེ་བལ་ཡུལ་གྱི་སྐད་ཞིག་རེད་ཟེར་ཡོད་འོན་ཀྱང་དེ་ལ་ཚད་འཛིན་བྱེད་གི་མིན།ཁྱེད་རང་ཉིད་ནས་ཁུངས་གང་ཡོད་དམ།ངས་བསམ་ཚུལ་ལ་ལྷ་སའི་ཡུལ་སྐད་ཀྱི་ཟེར་ཞིག་དང་བཤད་སྟིང་ཞིག་མིན་ནམ་ཉམས།

    Reply
  19. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གྲྭ་རྒོད་ལགས་
    ལོ་ཞེས་པ་འདི་བལ་ཡུལ་གྱི་སྐད་ལུག་ཞིག་ཡིན་པར་འདོད་་་་་འོན་ཀྱང་དེ་ངའི་བསམ་ཚུལ་ཙམ་རེད་ལ་རྒྱུ་མཚན་ཡང་བལ་ཡུལ་ལ་ལོ་ཞེས་པ་འདི་ཁྱབས་ཆེ་བ་འདུག
    དེ་ལྟར་མིན་པར་བོད་མདོ་དབུས་ཁམས་གསུམ་གང་ཞིག་གི་སྐད་རེད་གསུང་རོགས་གནང་།
    ཡང་ན་བོད་ཀྱི་ཡུལ་ལུང་བྱེ་བྲག་པ་གང་ཞིག་ནས་ལོ་ཞེས་བ་འདི་སྤྱོདཀྱིན་འདུག

    Reply
  20. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    ཧེ་ཧེ་ཧེ་ཧེ་ཧེ

    Reply
  21. ཨ་ཟླ་བ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧ

    Reply
  22. ཨ་ཟླ་བ། says:
    ལོ་ 15 སྔོན།

    ཡག་པོ་རེད། ཡག་པོ་རེད། ད་ཐེངས་དབུ་མའི་ལམ་གྱི་ཚད་གཞི་ངོ་མ་ཤེས་ཐུབ་པ་རེད། གཞན་རང་སྐྱོང་མིང་དོན་མཚུངས་མ་མཚུངས་དང་། དམངས་གཙོ་ཡིན་མིན་སོགས་མཐོ་དམའ་རྒག གོང་ཚད་དམའ་པའི་ལམ་ལུགས་དེ་ངོ་མ་མགོ་ན་ཀི་ཡ

    Reply
  23. གྲྭ་རྒོད says:
    ལོ་ 15 སྔོན།

    འཇུ་ཆེན་ཐུབ་བསྟན་གི་སེམས་ནད་ལ་འཇིགས་བྲལ་ནས་སྨན་བཅོས་བྱས་པ་དེ་ཕལ་ཁྱེར་སྨན་གི་ནུས་པ་ཐོན་དཀའ།དུས་རབས་ནི་འགྱུར་ཟིན་པས་ད་ལྟའི་སྤྱི་ཚོགས་ནང་ཁྱེད་ལྟ་བའིསྐད་ཆ་ལ་མགོ་འཁོར་མི་སྲིད།

    Reply
  24. གྲྭ་རྒོད says:
    ལོ་ 15 སྔོན།

    འཇུ་ཆེན་ཐུབ་བསྟན་གི་སེམས་ནད་ལ་འཇིགས་བྲལ་ནས་སྨན་བཅོས་བྱས་པ་དེ་ཕལ་ཁྱེར་སྨན་གི་ནས་པ་ཐོན་དཀའ།དུས་རབས་ནི་འགྱུར་ཟིན་པས་ད་ལྟའི་སྤྱི་ཚོགས་ནང་ཁྱེད་ལྟ་བའིསྐད་ཆ་ལ་མགོ་འཁོར་མི་སྲིད།

    Reply
  25. དབྱངས་བུ། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས།
    བཀའ་ཁྲིའི་ལན་འདེབས་ཧ་མ་གོ་ན། དུས་རྒྱུན་དོ་སྣང་གིས་སློབ་སྦྱོང་བྱེད་དགོས་
    པ་རེད།

    Reply
  26. གྲྭ་རྒོད says:
    ལོ་ 15 སྔོན།

    འཇུ་ཆེན་ཐུབ་བསྟན་ནས་བསམ་ཚུལ་ངོ་མ་དེ་གསལ་བྱེད་ཞིག་ཡོད་ན་ཡག་པོ་རེད་བསམ།འཇིགས་བྲལ་ཟེར་བ་འདི་བཙན་བྱོལ་གཞུང་ལ་དྲིན་ལན་ལོག་འཇལ་བྱེད་མཁན་ཞིག་ཡིན་པ་གསལ་བོར་ཆག་འདུག་་་་་་་་

    Reply
  27. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ་ཧ་ཧ་ཧ།གང་གི་དྲི་ལན་ཧ་མ་གོ་གང་ནས་ཁྱོད་ཀྱི་སྐྱོན་སྤང་བྱེད་ཡག་ཆབ་སྲིད་ཀྱི་འགྲོ་སྟང་མ་ཆག་པ་རང་རེད།
    སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་དྲི་བ་༼འབྲེལ་མོལ་ཐེངས་དགུ་བའི་ནང་༽དོན་དངོས་རྒྱ་གཞུང་ནས་༧གོང་ས་མཆོག་གིས་བོད་རང་བཙན་རྩོད་ཀྱིན་མེད་པ་ཁས་བླངས་ཡོད་དམ་མེད། ཡོད་ཚེ་དན་རྟགས་དང་། མེད་ན་རྒྱུ་རྐྱེན་ཅི་གཟིགས།ཞེས་གསལ་འདུག
    འབྲེལ་མོལ་ཐེངས་དགུ་བའི་ནང་ལ་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བསམ་འཆར་ཡིག་ཆ༽་ལ་དོན་གྱི་རང་བཙན་དང་ཕྱེད་རང་བཙན་སོགས་རེད་ཟེར་བ་རེད་དང་མ་རེད། གྲོགས་པོ་ཅོ་རི་ཉི་མ། དེ་འབྲེལ་མོལ་ཐེངས་རྒྱད་བའི་སྐབས་སུ་རྒྱ་གཞུངས་གི་གསར་འགོད་ལྷན་ཚོགས་ཐོག་ལ་སྒྲགས་པ་རེད། བཀའ་བློན་ཁྲི་པ་མཆོག་གིས།
    དེ་རྒྱུ་རྐྱེན་གང་ཡིན་ཚོད་དཔག་དཀའ་གསུངས་འདུག་ག སྤྱིར་ཏང་ཆབ་སྲིད་པའི་སྐད་ཆ་ཕྱི་སྒྲགས་དང་ནང་ལས་གཉིས་འདྲ་གི་མ་རེད།
    རྒྱ་གཞུང་གིས་སྐད་ཆ་ལ་འཛམ་བུ་གླིང་སུ་གཅིག་གི་ཡིད་ཆེས་བྱེད་གི་མ་རེད།
    ཁྱོད་ཀྱི་རྒྱ་གཞུང་གིས་དོན་གྱིས་ཁས་བླངས་
    ཞེས་པའི་དོན་གྱི་ཁས་བླངས་དེ་གང་ཡིན་ནམ་ཞེས་པ་དེ།
    བཀའ་བློན་ཁྲི་པ་མཆོག་གིས།
    མཚམས་འཇོག་གསུམ་ཁས་ལེན་བྱ་ཐབས་མེད་པར་ཞུས་པའི་དབང་གིས་རྒྱབ་སྐྱོར་མི་བྱེད་པ་བཞིར་བསྒྱུར་བ་རེད། རྒྱབ་སྐྱོར་མི་བྱེད་པ་བཞི་ཡང་ང་ཚོས་དེ་སྔོན་ནས་རྒྱབ་སྐྱོར་བྱེད་མྱོང་མེད་པ་ཞིག་རེད། རྒྱུན་འཁྱོངས་གསུམ་གྱི་སྐོར་འགྲེལ་བརྗོད་ཡིག་ཆའི་ནང་གསལ་པོར་བཀོད་ཡོད། བྱེད་མི་རུང་བ་བཞི་ཡང་ང་ཚོས་བྱེད་ཀྱིན་མེད་པ་ཤ་སྟག་རེད། དེའི་ནང་ནས་གཉིས་པ་དེས་མ་འོངས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལུང་འདྲེན་ཡུལ་མེད་པ་ཞིག་བཟོས་ཟིན་པར་མཐོང་གི་མེད་པ་མ་ཟད། རྩ་ཁྲིམས་ལུང་འདྲེན་བདེ་རུ་ཕྱིན་པར་མཐོང་གིན་ཡོད་ཞུ་རྒྱུ་ཡིན།
    ཞེས་གསལ་པོ་གསུངས་འདུག དེ་ཐེ་ཚོམ་ཟ་དགོས་ཡག་ནའདུག་གམ།

    Reply
  28. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་རྡེའི་དགེ་འདུན་ལ།ལོ་ལོ་ལོ་ཞེས་པ་དེ་བོད་སྐད་མིན་ན་སུ་ཞིག་གི་སྐད་རེད།རྒྱ་སྐད་རེད་དམ་ཡང་ན་དབྱིན་སྐད་རེད།་མི་ཤེས་ཤེས་འདོག་རིང་ཡིན།ལན་ཡོད་དམ།

    Reply
  29. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ཕྱི་ཚེས་༡༨ཉིན་གྱི་ཉན་ཞིབ་བྱ་རྒྱུའི་གྲོས་ཆོད་དེ་ཕྱི་གསལ་ནང་གསལ་ཞིག་བྱས་ནས་སྐུ་ངོ་འཇུ་ཆེན་སོགས་ལ་དཀྲོགས་གཏམ་བྱས་པའི་གོ་བསྐབ་མེད་པ་ཞིོག་མ་བཟོས་ན་ད་དུང་འབྲེལ་བཤད་ལོགས་པར་བྱས་པའི་ཉེན་ཁ་ཆེ།།

    Reply
  30. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ༄༅། །བློ་དང་རྣམ་དཔྱོད་ལྡན་པའི་ཆོས་རྒྱུད་བོན་ཀྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་གནད་དོན་ཡོད་པའི་དྲི་བ་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
    བཀའ་བློན་ཁྲི་པ་མཆོག་གིས་དྲི་བ་གཉིས་པའི་ལན་དུ། འབྲེལ་མོལ་ཐེངས་དགུའི་ནང་དོན་རྒྱ་གཞུང་གིས་༧གོང་ས་ཆེན་པོས་རང་བཙན་རྩོད་ཀྱིན་མེད་པ་དོན་གྱིས་ཁས་བླངས་ཀྱང་། ཁས་བླངས་མེད་ཚུལ་བརྗོད་ཀྱིན་ཡོད། དེ་རྒྱུ་རྐྱེན་གང་ཡིན་ཚོད་དཔག་དཀའ།
    ཞེས་གསུངས་འདུག་པའི་རྒྱ་ནག་གཞུང་གིས་༧གོ་ས་མཆོག་གིས་རང་བཙན་རྩོད་ཀྱིན་མེད་པ་དོན་གྱིས་ཁས་བླངས་ཀྱིན་ཡོད་གསུངས་པ་འདིར་ཅི་ཞིག་གོ་དགོས་སམ། རྒྱ་ནག་གཞུང་གིས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བསམ་འཆར་ཡིག་ཆ༽་ལ་དོན་གྱི་རང་བཙན་དང་ཕྱེད་རང་བཙན་སོགས་རེད་ཟེར་བ་མ་ཡིན་ནམ། ཡིན་ན། འདི་ནི་བཙན་བྱོལ་གཞུང་དང་༧གོང་ས་མཆོག་གིས་དོན་གྱིས་རང་བཙན་རྩོད་ཀྱིན་འདུག་ཟེར་བ་མ་ཡིན་ནམ། རྒྱ་གཞུང་གིས་དོན་གྱིས་ཁས་བླངས་ཞེས་པའི་དོན་གྱི་ཁས་བླངས་དེ་གང་ཡིན་ནམ།

    Reply
  31. karma dorje says:
    ལོ་ 15 སྔོན།

    གསུང་གི་སྙིང་དོན་གོ་བ། །

    འཚོགས་སྐབས་བཅུ་བཞི་པ་ལ། །
    ༸སྐུ་ཕྲེང་བཅུ་བཞིའི་གསུང་ནང་། །
    སྒེར་འཁོན་ཕྱོགས་འཐེན་ཚབ་ལ། །
    གྲོས་ཚོགས་འགན་ཁུར་འཕེར་ངེས། །

    གྲོས་ཚོགས་དོན་ལྡན་སྨོན་ལགས། །

    Reply
  32. བོད་རང་བཙན says:
    ལོ་ 15 སྔོན།

    ལྷ་སྲས་རྒྱ་ལོ་མེད་ན་བཀའ་ཟུར་ཚོར་ག་རེ་ཤོད་རྒྱུ་ཡོད། རྒྱ་བོད་འབྲེལ་བ་བཟང་ངེས་གང་རེ་བྱུང་ན་ལྷ་སྲས་རྒྱ་ལོའི་གཟའ་ཟླས་བཀའ་དྲེན་རེད། ད་དུང་བོད་ཕྱི་ནང་གཉིས་དང་འབྲི་ཡན་མན་སོགས་མང་པོ་ཤོད་ཡོད་པ། མ་ཟད་བཙན་བྱོལ་ནང་མི་ག་ཚོད་ཀོག་བསོད་བྱས་ཡོད་པ་དེ་དག་རེ་རེ་བཞིན་སང་ཉིན་དབུས་གྲོས་ཚོགས་ནང་ལས་རིམ་ཐོག་བཞག་ཏེ་སྤྱི་འཐུས་རྣམས་པས་གྲོས་ཆར་ལྟོན་ས་རྟགས་བསྡུས་དགོས། དེ་ཚོ་སྐབས་འདིའི་ལས་རིམ་དང་འབྲེལ་བ་ཡོད་པ་མིན་ན་བཀའ་ཟུར་གཞན་རྣམས་མ་འབོད། དགོངས་ཆར་ཡོད་ན་ཐད་ཀར་ཤོད་དང་བརྙོག་ཁྲག་ཡོད་ནི་མ་རེད། མ་གཞི་ཚོགས་གཙོ་ལོང་བ་འདི་རྒྱ་ཁྱི་མིན་ན་བརྩོད་རྒྱུན་མ་ཆད་པ་གྲོས་ཚོགས་ཁྱེར་ཏེ་བོད་གཞུང་གཏོར་སོང་ཟེར་ཆོག་པ།

    Reply
  33. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    འཇིགས་པ་དང་བྲལ་བ་ནས་་་་་ལོ་ལོ་ལོ་་་་ཞེས་ཚིག་སྔ་ལ་ཐན་སྐད་ཞིག་བཤད་བཤད་ནས་མི་མིང་བོ་ཞིག་ལ་དེའི་ཤན་ཞིག་ཡོང་གི་འདུག
    ལོ་ཞེས་པ་འདིའི་འབྱུང་ཁུང་ཤེས་བསམ
    འདི་བོད་སྐད་ཞིག་རེད་དམ

    Reply
  34. གྲྭ་རྒོད says:
    ལོ་ 15 སྔོན།

    ཁྱེད་ལྟ་བུ་ཞིག་གི་བོད་མའི་དོན་དངོས་དེ་གཏན་ནས་རླག་མི་ཐུབ་སེམས་ངན་མ་འཆང་ལོ།སེམས་ལ་བཟོ་བཅོས་བྱེད་རོགས།བོད་ཞིག་ཡིན་པའི་ཆ་ནས་ངོ་ཚ་ཡོད་དགོས་རེད།བོད་མའི་ངོ་གདུང་ས་ལ་མ་འཕེན་རོགས།

    Reply
  35. གྲྭ་རྒོད says:
    ལོ་ 15 སྔོན།

    འཇིགས་བྲལ་ལ་ཁྱེད་ཀྱི་བསམ་ཚུལ་ངོ་མ་དེ་བཏོན་རོགས་གནང་།ཕན་སེམས་མེད་ན་བྱ་བ་འགྲུབ་དཀའ་ཟེར་བའི་གཏམ་དེ་གོ་འེ་མྱོང་།

    Reply
  36. གྲྭ་རྒོད says:
    ལོ་ 15 སྔོན།

    འཇིགས་བྲལ་ལ་ང་ནི་མིང་དང་ཁེ་གང་ཡང་དོན་གཉེར་ཅན་ཞིག་གཏན་ནས་མིན་ལོ།གཞུང་གི་ཇི་གསུང་བསྒྲུབ་མཁན་ཞིག་ཡིན།ཧཧཧཧཧཧཧ་བསམ་ཤེས་བྱེད་ཐུབ།

    Reply
  37. གྲྭ་རྒོད says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལ།ཁྱེད་ཀྱི་བསམ་དོན་དེ་འགྲུབ་རྒྱུ་ཧ་ཙིང་དཀའ།དེ་དག་ཁྱེད་ཀྱི་བསམ་བློའི་ནང་འཁོར་ཐུབ་ཀྱང་ཕྱི་ལ་བཏོན་ཐུབ་པ་ཧང་སང་སོང་།གསལ་པོ་ཡིན་མིན་དེ་བཤད་དགོས་དོན་མེད་སྔར་ནས་གོ་བ་བླང་ཚར་བ་མ་ཟད།གང་ཡིན་མིན་ཡང་ཤེས་ཡོད།ཁྱེད་ལྟ་བའི་བསམ་བློ་ངན་པ་ཅན་དག་ལ་གསལ་བྱེད་ཇི་འདྲ་བྱས་ཀྱང་ཕན་ཐོག་མེད།སེམས་ངན་མ་འཆང་ལོ།།།ཧཧཧཧཧཧཧཧཧཧཧབསམ་ངན་ཅན་རང་རེད།

    Reply
  38. གྲྭ་རྒོད says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས།ཁྱེད་ལ་དམིགས་ཡུལ་གཞན་ཡོད་སྲིད།འོན་ཀྱང་བོད་ས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱེད་བཞིན་པ་༸གོང་ས་མཆོག་གི་དགོངས་པ་ཡིན་མིན་གྱི་དོགས་གླེང་བྱེད་པ་དེ་འགའ་ཞིག་གི་རང་དོན་ཡིན་ལ།བོད་ས་ཡོང་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ནི་ད་ལྟའི་བོད་མའི་གནས་བབས་ལ་བསམ་ནས་གསུང་བ་ཞིག་ཡིན་པའི་ཡིད་ཆོས་ཡོད།ད་ལྟའི་བོད་ལ་བསམ་ཤེས་བྱེད་མཁན་ཞིག་དང་བོད་སྤྱིའི་དོན་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན །དེ་ལ་དོགས་གླེང་བྱེད་དོན་མེད།

    Reply
  39. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གསལ་པོ་ཨེ་འདུག གྲྭ་རྒོད་མིང་ཅན་ལགས།

    Reply
  40. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གནད་དོན་འདི་རྩ་དོན་དང་འབྲེལ་བའི་གནད་དོན་ཡིན་ལ། སྤྱི་འཐུས་ནས་རྩ་དོན་ལ་བདག་པོ་རྒྱག་གི་ཡོད་མེད་ཀྱི་ས་མཚམས་རེད་སེམས་ཀྱི་ཡོད། གལ་སྲིད་གྲོས་ཚོགས་འཐོར་རྒྱུ་ཡིན་ན་གནད་དོན་འདིའི་སྟེང་ནས་འཐོར་ན་བོད་སྤྱིའི་རྩ་དོན་གྱི་ཆེད་དུ་འཐོར་པ་ཡིན་པས་གཟི་བརྗིད་དུ་བརྩི་ཆོག་གི་རེད། གལ་སྲིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༸གོང་ས་མཆོག་གི་ལམ་སྟོན་བཀའ་ནན་ལ་བརྩི་བཀུར་དང་། བོད་མི་མང་གི་སྐུ་ཚབ་ཡིན་པའི་འགན་ཁུར་གྱི་ཐོག་ནས་ཕྱི་གསལ་ནང་གསལ་མ་བཟོས་ན། བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པ་འདི་༸གོང་ས་མཆོག་གིས་གསུང་འཕྲིན་ནང་གསུངས་བཞིན་སྒེར་འཁོན་ཕྱོགས་འཐེན་ཅན་གྱི་གྲོས་ཚོགས་ཤིག་ཏུ་གྱུར་པ་རེད་ལ། བོད་མི་མང་སྤྱི་འཐུས་ཀྱི་རླབས་ཆེ་བའི་འགན་ཁུར་མ་གྲུབ་པ་རེད། གནད་དོན་འདི་གསལ་པོ་བཟོ་དགོས་པ་གསུང་འཕྲིན་གྱི་དགོངས་དོན་གསུམ་པ་རེད་སེམས་ཀྱི་ཡོད།

    Reply
  41. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། ངས་ཟིན་བྲིས་སུ་སྤེལ་བ་དང་། འདྲེན་བཀོད་བྱས་པ་དེ་ལ་འགན་ཁུར་གཙང་མ་ཡོད། གསལ་པོ་ཞུ་རྒྱུ་ལ། གནད་དོན་འདི་རྩ་དོན་ཐོག་གི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་ཡིན་སྟབས་ངས་ཚིགས་ལ་གཅོད་གཏུབ་མ་བྱེད་རོགས། གང་བྲིས་པ་ཆ་ཚང་ཀློག་རོགས། གྲྭ་རྒོད་ཟེར་བས་ངའི་ཚིགས་ལ་གཅོད་གཏུབ་བྱས་འདུག ལས་ཀ་དེ་ཚོ་སྨྱུག་ཐོགས་པ་ཞིག་གི་བྱེད་ཐབས་མ་རེད།

    Reply
  42. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ད་ལན་གྱི་ཉན་ཞིབ་འདི་ཐད་ཀར་བརྙན་འཕྲིན་བརྒྱུད་བོད་མི་མང་ལ་སྟོན་དགོས་ཀྱི་རེད། མ་བསྟན་མང་ཚོགས་ཀྱི་བློ་དོགས་སེལ་གྱི་མ་རེད། དེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་རེ་ཞུ་ཡིན།

    རྡ་སའི་མི་མང་ཚོ། ན་ནིང་གི་རྩོད་རྙོག་དེ་གནད་དོན་ཆུང་ཆུང་ཞིག་རེད། སྒེར་ནད་ཞིག་རེད། ཡིན་ནའང་ཚང་མས་དོ་སྣང་བྱས་པ་རེད། ད་ལན་གྱི་གནད་དོན་འདི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་པ་༸གོང་ས་མཆོག་གི་དགོངས་པ་ཡིན་མིན་གྱི་དོགས་གླེང་དང་། གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་སོགས་རྩ་དོན་དང་ཐད་ཀར་འབྲེལ་བའི་གནད་དོན་ཡིན། དེ་བཞིན་བོད་ཀྱི་ད་ཡོད་དཀའ་ངལ་དངོས་གང་ཡིན་གསལ་པོ་མཐོང་རྒྱུའི་བླ་ན་མེད་པའི་གོ་སྐབས་ཤིག་རེད།

    Reply
  43. གྲྭ་རྒོད says:
    ལོ་ 15 སྔོན།

    བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པ་འདི་༸གོང་ས་མཆོག་གིས་གསུང་འཕྲིན་ནང་གསུངས་བཞིན་སྒེར་འཁོན་ཕྱོགས་འཐེན་ཅན་གྱི་གྲོས་ཚོགས་ཤིག་ཏུ་གྱུར་པ་རེད་ལ། བོད་མི་མང་སྤྱི་འཐུས་ཀྱི་རླབས་ཆེ་བའི་འགན་ཁུར་མ་གྲུབ་པ་རེད། གནད་དོན་འདི་གསལ་པོ་བཟོ་དགོས་པ་གསུང་འཕྲིན་གྱི་དགོངས་དོན་གསུམ་པ་རེད་སེམས་ཀྱི་ཡོད། ཞེས་ཟེར་བ་འདི་འཇིགས་བྲལ་ནས་བསམ་ཚུལ་ཡག་པོ་ཞིག་གཏན་མ་རེད།སྐད་ཆ་འདི་ལྟ་བུ་སྤྱི་ཚོགས་ཐོག་བེད་སྤྱད་ན་སྤྱི་ཚོགས་ནང་བསྐྲུག་ཤིང་འཕངས་བ་ཡིན་པས་བཀོད་མཁན་རང་ཉིད་ནས་འགན་འཁུར་དགོས།

    Reply
  44. གངས་སེང says:
    ལོ་ 15 སྔོན།

    གྲོས་གླེང་ཡག་པོ་གཅིག་གནང་རོགས།་རྙོག་དྲ་མེད་པར་མཁྱེན

    Reply
  45. གྲྭ་རྒོད says:
    ལོ་ 15 སྔོན།

    འཇིག་བྲལ་བསྟན་འཛིན་ནས་བཤད་པ་དེ་ཚོའི་ཐོག་ལ་བསམ་ཚུལ་རེ་བཀོད་ན་དྲང་བདེན་དང་སྤྱི་ཚོགས་ལ་ཕན་ངེས་སུ་བཀོད་རྒྱུ་ལས།ཕྱོགས་ཞེན་དང་འཐེན་ཁྱེར་མེད་པ་ཞིག་ཡོངས་པའི་རེ་བ་ཡོད།སྤྱིར་ན་༧གོང་ས་མཆོག་གི་གསུང་དགོས་པའི་རྒྱུ་མཚན་དེ་ཤེས་རྒྱུ་གལ་ཆེན་པོར་མཐུང་།

    Reply
  46. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་མི་ཚོས་གསལ་པོ་ཉན་དགོས་པ་རེད། ལྷག་པར་ནམ་རྒྱུན་སྐད་ཆ་ཤོད་བསྡད་མཁན་ཚོས་ཉན་དགོས་པ་རེད། གནད་དོན་བོད་མི་མང་ལ་ཕྱི་གསལ་ནང་གསལ་ཡོང་བ་བྱེད་ཀྱི་འདུག་དང་མི་འདུག་གཟིགས་དགོས་རེད། འདི་ནི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་ནང་ཐེངས་དང་པོ་ཡིན་རྒྱུ་རེད། འདི་ནི་དོན་དངོས་རྩ་དོན་གྱི་དོན་དུ་འཁྲུགས་པའི་འཐབ་རྩོད་གཅིག་རེད། དེར་བརྟེན་ང་ཚོས་ཕྱོགས་ཡོངས་ཀྱི་སྐད་ཆ་ཉན་ཐུབ་པ་བྱེད་དགོས་པ་རེད།

    Reply
  47. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གསུང་འཕྲིན་ནང་གསལ་གྱི་གལ་ཆེའི་གནད་དོན་གསུམ་པ། ༸གོང་ས་མཆོག་གིས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་ཅེས་གསུང་པ་དེ་རེད། དེར་བརྟེན་མང་ཚོགས་ཀྱི་དོགས་པ་རྣམ་རྟོག་སེལ་ཐབས་ཀྱི་ལམ་སྟོན་གསུང་འཕྲིན་ནང་གསུང་དོན། ད་རེས་ཚོགས་དུས་འདིའི་རིང་བགྲོ་གླེང་འཐིལ་ཕྱིན་དང་། དེ་བཞིན་བཀའ་ཤག་དང་། ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཅི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས། ཅེས་གསུངས་པ་དེ་རེད། གནད་དོན་འདི་རིགས་མཐོ་རིམ་དབུ་ཁྲིད་ནང་ཁུལ་ལ་གསལ་པོ་མ་བྱུང་བ་དེ་འདྲ་གང་ལ་ཡང་ངོས་འཛིན་བྱེད་ཐབས་མེད་པ་དེ་གོང་གསལ་གནད་དོན་གཉིས་ཀྱི་ཐོག་ནས་གསལ་པོ་ཆགས་པ་རེད། གནད་དོན་འདི་མང་ཚོགས་ནང་ཁྱབ་སྤེལ་ཕྱིན་ཚར་སྟབས་དོན་དངོས་གང་ཡིན་མང་ཚོགས་ལ་གསལ་པོ་བཟོ་དགོས་པ་དེ་གསུང་འཕྲིན་འདིས་ཧ་ཅང་གལ་ནན་ཆེན་པོས་བསྟན་གནང་པའི་དགོངས་དོན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གལ་སྲིད་དེ་ལྟར་ཡིན་ན་༸གོང་ས་མཆོག་གིས་གསུང་འཕྲིན་ནང་ཚོགས་དུས་འདིའི་རིང་ཅེས་གསུངས་པ་བཞིན་ད་ལན་སྤྱི་འཐུས་ནང་ཁུལ་ལ་གནད་དོན་འདིའི་ཐོག་བགྲོ་གླེང་འཐིལ་ཕྱིན་དང་། དེ་བཞིན་གནད་དོན་འདིའི་ཐོག་བཀའ་ཤག་དང་། སྐུ་ཚབ་སྦྲེལ་པོ། འབྲེལ་ཡོད་ཅི་འོས་རྣམས་ལ་བོད་མི་མང་སྤྱི་འཐུས་ནས་ཉན་ཞིབ་དང་དོགས་འདྲི་གང་འདྲ་གནང་རྒྱུ་རེད། འཁྲུན་ཆོད་གང་འདྲ་གནང་རྒྱུ་རེད། དེ་བཞིན་གནད་དོན་འདི་ཉན་ཞིབ་དང་། དོགས་འདྲི། འཁྲུན་ཆོད་བཅས་བྱེད་པའི་སྒོ་ནས་མང་ཚོགས་ལ་ཕྱི་གསལ་ནང་གསལ་བཟོས་ཏེ་མང་ཚོགས་ཀྱི་ཐེ་ཚོམ་བསལ་བར་བྱེད་རྒྱུ་རེད་དམ་མ་རེད། དེ་ཡང་༸གོང་ས་མཆོག་གིས་གནད་དོན་འདི་ཐབས་ལམ་འདིའི་སྟེང་ནས་ཐག་གཅོད་གནང་དགོས་པའི་དགོངས་ཚུལ་སྟིང་ཚིག་གི་རང་བཞིན་ལྡན་པའི་ལམ་ནས་གནང་ཡོད་ལ། གལ་སྲིད་དེ་ལྟར་མ་གནང་པ་ཡིན་ན་རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་མུ་མཐུད་གནས་རྒྱུ་ཡིན་པ་གསལ་སྟོན་གནང་འདུག གནད་དོན་འདི་རྩ་དོན་དང་འབྲེལ་བའི་གནད་དོན་ཡིན་ལ། སྤྱི་འཐུས་ནས་རྩ་དོན་ལ་བདག་པོ་རྒྱག་གི་ཡོད་མེད་ཀྱི་ས་མཚམས་རེད་སེམས་ཀྱི་ཡོད། གལ་སྲིད་གྲོས་ཚོགས་འཐོར་རྒྱུ་ཡིན་ན་གནད་དོན་འདིའི་སྟེང་ནས་འཐོར་ན་བོད་སྤྱིའི་རྩ་དོན་གྱི་ཆེད་དུ་འཐོར་པ་ཡིན་པས་གཟི་བརྗིད་དུ་བརྩི་ཆོག་གི་རེད། གལ་སྲིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༸གོང་ས་མཆོག་གི་ལམ་སྟོན་བཀའ་ནན་ལ་བརྩི་བཀུར་དང་། བོད་མི་མང་གི་སྐུ་ཚབ་ཡིན་པའི་འགན་ཁུར་གྱི་ཐོག་ནས་ཕྱི་གསལ་ནང་གསལ་མ་བཟོས་ན། བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པ་འདི་༸གོང་ས་མཆོག་གིས་གསུང་འཕྲིན་ནང་གསུངས་བཞིན་སྒེར་འཁོན་ཕྱོགས་འཐེན་ཅན་གྱི་གྲོས་ཚོགས་ཤིག་ཏུ་གྱུར་པ་རེད་ལ། བོད་མི་མང་སྤྱི་འཐུས་ཀྱི་རླབས་ཆེ་བའི་འགན་ཁུར་མ་གྲུབ་པ་རེད། གནད་དོན་འདི་གསལ་པོ་བཟོ་དགོས་པ་གསུང་འཕྲིན་གྱི་དགོངས་དོན་གསུམ་པ་རེད་སེམས་ཀྱི་ཡོད།

    Reply
  48. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གསུང་འཕྲིན་ནང་གསལ་གྱི་གལ་ཆེའི་གནད་དོན་གཉིས་པ། ༸གོང་ས་མཆོག་གིས། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང་། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གི་ཡོད་ཚོད་འདུག ཅེས་གསུངས་པ་དེ་རེད། གསུང་ཚུལ་འདི་བོད་གཞུང་གི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་ལྷོ་ཕྱོགས་སུ་མང་ཚོགས་སུ་བཀའ་སློབ་གནང་སྐབས་ཡོངས་བསྒྲགས་སུ་གསུང་པ་ཞིག་རེད། དེ་ཡང་བཀའ་ཟུར་འཇུ་ཆེན་གྱིས། འདིའི་ཡི་གེ་དེ་བཀའ་ཤག་དང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་སུ་སུ་ཡོད་ན་དེས་གནང་བ་མ་གཏོགས། སྤྱི་འཐུས་གྲོས་ཚོགས་ཀྱིས་ཇུས་གཏོགས་གནང་ཡོད་མ་རེད་དཱ་ཟེར་ཡ་ཡིན། ༸རྒྱལ་བ་རིན་པོ་ཆེ་ཡིས་ཡང་ང་ཕྱེད་བགྲེས་ཡོལ་ཡིན། བོད་མི་མང་གིས་བདམས་བཞག་པའི་བཀའ་ཤག་དེའི་འགན་བོད་མི་མང་གིས་ཁུར་དགོས་ཀྱི་རེད་གསུངས་བསྡད་ཀྱི་ཡོད་པ་ཡིན་དུས། སྐུ་མདུན་གྱི་དགོངས་གཞི་ཡང་ཨེ་ཡིན་ནམ་ངས་བསམ་གྱི་ཡོད། དེ་ངའི་ཚོད་རྩིས་རེད་མ་གཏོགས། མ་རེད་དཱ་ཟེར་མི་ཐུབ། གྲོས་ཚོགས་ལ་གོ་བསྡུར་བྱས་ཡོད་མ་རེད་དཱ། བཀའ་སྤྱི་གཉིས་གསུངས་རྒྱུ་ཡོད་མ་རེད། དེ་ངས་ངོ་སྤྲོད་བྱེད་ཡག་གི་གནད་འགག་ཅིག་ལ་ཐུག་སོང་། གྲོས་ཚོགས་ཀྱི་མདུན་ལ་གཞུང་འབྲེལ་བྱས་ནས་གྲོས་ཚོགས་ལ་ཡོང་དགོས་ཀྱི་ཡོད་རེད་མ་གཏོགས། སྤྱི་འཐུས་གཅིག་གིས་མ་གིར་ལག་པ་བརྙབས་ནས་ཇུས་གཏོགས་བྱེད་ཡག་དེ་མ་རེད། དེ་ཡིན་དུས་བཀའ་ཤག་ནས་སྤྱི་འཐུས་གྲོས་ཚོགས་ལ་འདི་འགྲིག་གི་འདུག་མི་འདུག་ཟེར་ཡག་དེ་ཕུལ་ཡོད་མ་རེད། བྱས་དུས་འདི་སྤྱི་འཐུས་གྲོས་ཚོགས་ཀྱིས་ཁས་ལེན་བྱས་ཡོད་མ་རེད་ཟེར་གྱི་ཡོད། འོ་དེ་མཁྱེན་དགོས་རེད། ཅེས་གསུང་པའི་སྒྲ་ཇི་བཞིན་པ་རེད། གཏམ་བཤད་གོ་སྒྲིག་པས་བཀའ་ཟུར་མཆོག་ལ་སྐུ་ཉིད་ཀྱི་སྒྲ་དེ་བཀའ་ཤག་ལ་འབུལ་རྒྱུ་ཡིན་སྐོར་ཞུས་ཡོད་པ་དང་། སྐབས་དེར་བཀའ་ཟུར་འཇུ་ཆེན་གྱིས་གང་བཤད་པ་དེ་ཁོང་གིས་འགན་ཁུར་གཙང་མ་ཡོད་སྐོར་དང་། ད་ལན་བཤད་པ་དེ་བཀའ་ཤག་ལ་ཞུས་ཟིན་པའི་བརྒྱ་ཆ་བཅུ་ཙམ་ཞིག་རེད། ཡར་ཕུལ་རོགས། ཇི་བཞིན་གསན་ན་ཡག་པོ་འདུག་ཅེས་གསུངས་ཡོད་འདུག་ལ། བཀའ་ཟུར་འཇུ་ཆེན་གྱི་གང་གསུང་གི་སྒྲ་དེ་བོད་གཞུང་བདེ་སྲུང་ལ་ཕུལ་ཡོད་པ་རེད། བཀའ་ཟུར་འཇུ་ཆེན་གྱི་ལྷོ་ཕྱོགས་སུ་སྤེལ་བའི་གཏམ་བཤད་དེ་ཆུ་ཚོད་གསུམ་ལྷག་ཙམ་བྱས་པ་ཞིག་ཡོད་པ་རེད། ཐེངས་འདིར་བཀའ་ཟུར་འཇུ་ཆེན་གྱིས་ལྷོ་ཕྱོགས་སུ་ཡོངས་བསྒྲགས་ཀྱིས་གསུངས་པའི་གནད་དོན་དེ་བཀའ་ཟུར་ཚོས་སེམས་ཚོར་ཆེན་པོས་ཐོག་ནས་གླེང་བཞིན་པའི་གནད་དོན་ཞིག་ཡིན་པ་རེད། དེ་ཡང་བཀའ་ཟུར་བཅོ་ལྔའི་མཚན་འཁོད་སྙན་ཞུ་ལས། བཀའ་ཤག་གིས་གསལ་བསྒྲགས་སུ། དབུ་མའི་ལམ་གྱི་གོ་དོན་ལ་མཐའ་གཉིས་ལས་ལྡོག་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གནས་བབ་ཆ་ཚང་བ་ཞིག་བོད་རིགས་ཡོངས་ལ་ཐོབ་ཐབས་བྱ་རྒྱུ་དེ་དབུ་མའི་ལམ་གྱི་སྙིང་དོན་ཡིན་ཞེས་འཁོད་འདུག འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་དུ་གསལ་བའི་དབུ་མའི་ལམ་གྱི་དོན་གནད་ཐད་ད་ལྟའི་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གསལ་བ་ཞིག་ངེས་འདྲོང་མ་མཐོང་བས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བསྒྱུར་བཅོས་མ་སོང་བར་འདི་གཉིས་མཉམ་བསྲེས་ཡོང་ཐབས་མེད་པའི་རང་བཞིན་ཆགས་ཡོད་པར་ངོས་འཛིན་ཞུ་གི་ཡོད། ཅེས་སོགས་དོན་ཚན་བཅུ་ཅན་ཞིག་ཕུལ་ཡོད་པ་ཡོངས་བསྒྲགས་གསར་འགོད་བརྒྱུད་ལམ་ཐོག་ཐོན་ཡོད་པ་རེད། དེར་བརྟེན་གནད་དོན་འདི་གསལ་པོ་བཟོ་དགོས་པ་གསུང་འཕྲིན་གྱི་དགོངས་དོན་གཉིས་པ་རེད་སེམས་ཀྱི་ཡོད།

    Reply
  49. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    གསུང་འཕྲིན་ནང་གསལ་གྱི་གལ་ཆེའི་གནད་དོན་དང་པོ། ༸གོང་ས་མཆོག་གིས། བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གསུངས་པ་དེ་རེད། དེ་ཡང་ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་ཐོག་གཞུང་འབྲེལ་གྱི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་བཀའ་ཤག་གིས་གསལ་བཤད་དགོས་པའི་གྲོས་འཆར་སླེབས་པ་རེད། ཡིན་ནའང་བཀའ་ཤག་གིས་གསལ་བཤད་ལས་དེའི་ཐོག་དྲི་བ་དྲིས་ལན་གནང་རྒྱུའི་ཞལ་བཞེས་མ་གནང་བ་རེད་ཅེས་བོད་མི་མང་སྤྱི་འཐུས་ནས་གླེང་ཕྱོགས་འདི་བོད་དོན་ལ་དོ་སྣང་ཅན་གྱི་མང་ཚོགས་ནང་ཁྱབ་པ་དང་། མཇུག་མཐར་གྲོས་ཚོགས་ཀྱི་ངོས་ནས་གསལ་བཤད་ཀྱང་མ་བཞེས་པ་རེད། དེ་ཡང་གསལ་བཤད་མ་བཞེས་པ་འདི་ལ་ལྟ་ཚུལ་གཉིས་བྱུང་བ་རེད། ཁག་ཅིག་གིས་རྒྱབ་སྐྱོར་དང་། ཡིད་ཆེས་ཡོད་ཚུལ་བརྗོད་དེ་གསལ་བཤད་མི་དགོས་པའི་ཐབས་ཤེས་གནང་བ་རེད། ཁག་ཅིག་གིས་གྲོས་ཚོགས་ལ་གསལ་བཤད་དགོས་པ་དང་། བསམ་འཆར་ཡིག་ཆ་ལ་དོགས་འདྲི་ཡོད་ཚུལ་བརྗོད་དེ་གསལ་བཤད་དགོས་པའི་ལྟ་ཚུལ་བཟུང་པ་རེད། བཀའ་ཤག་གིས་གསལ་བཤད་ལས་དྲི་བ་དྲིས་ངོས་བཞེས་མི་བྱེད་པའི་ལངས་ཕྱོགས་བཟུང་བར་བརྟེན་མཐར་གསལ་བཤད་དགོས་པའི་དགོངས་ཚུལ་ཅན་གྱི་སྤྱི་འཐུས་ཚོའི་ངོས་ནས་གསལ་བཤད་མི་བཞེས་རྒྱུའི་ལངས་ཕྱོགས་བཟུང་བ་རེད། མང་གཙོའི་གྲོས་ཚོགས་ཀྱི་འགྲོ་ལུགས་ལ་གསལ་བཤད་གང་ཞིག་གསན་ནས་ངོས་བཞེས་མི་གནང་བ་དང་། གསལ་བཤད་མི་བཞེས་ལ་ངོས་ལེན་ཡང་མི་གནང་བའི་སྲོལ་ཞིག་ཡོད་པ་རེད། འགྲོ་ལུགས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་རེད། དེར་བརྟེན་གཞུང་འབྲེལ་གྱི་ཐོག་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་བཀའ་ཤག་གིས་གསལ་བཤད་དགོས་པའི་གྲོས་འཆར་སླེབས་ན་ཡང་མཐར་ལག་བསྟར་མ་བྱུང་བ་རེད། འདི་གྲོས་ཚོགས་ཀྱི་འགྲོ་ལུགས་བཞིན་གསལ་བཤད་མ་བཞེས་པས་མོས་མཐུན་མ་བླངས་པའི་གནད་དོན་དུ་ངོས་འཛིན་བྱེད་མཁན་བྱུང་ཡོད་པ་རེད། གནད་དོན་འདིའི་ཐོག་ལྷོ་ཕྱོགས་སུ་ཟབ་སྦྱོང་ཞིག་གི་སྐབས་བཀའ་བློན་ཐུབ་བསྟན་ལུང་རིགས་ལགས་སུ་གྲོས་ཚོགས་ཀྱི་གསལ་བཤད་བཞེས་མ་གནང་པ་དེ་ལ་བཀའ་ཤག་གིས་ངོས་འཛིན་གང་ཡོད་བཀའ་འདྲི་ཞུས་པར། ཁོང་གིས་སྐབས་དེའི་གྲོས་ཚོགས་ལས་རིམ་གསར་ཤོག་བཀླགས་གནང་བ་ལས་བཀའ་ཤག་གིས་ངོས་འཛིན་འདི་ཡིན་ཟེར་བའི་བཀའ་གང་ཡང་གནང་མ་སོང་། གནད་དོན་འདི་གསལ་པོ་བཟོ་དགོས་པ་གསུང་འཕྲིན་གྱི་དགོངས་དོན་དང་པོ་རེད་སེམས་ཀྱི་ཡོད།

    Reply
  50. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཐག་གཅོད་ཡག་པོ་བྱས་འདུག ངས་དེ་བྱས་ཨེ་ཡོང་བསམ་ནས་ཟིན་བྲིས་ཤིག་སྤེལ་ཡོད། གཤམ་ལ་ཆ་ཚང་ནང་འདྲེན་བྱེད་ཀྱི་ཡིན། དགོངས་ཚུལ་གསུངས་རོགས།
    སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ལོ་རྒྱུས་ཀྱི་རང་བཞིན་ལྡན་ལ་ཧ་ཅང་གལ་གནད་ཆེན་པོ་ཞིག་བསྩལ་ཡོད་པ་རེད། གསུང་འཕྲིན་དེ་༸གོང་ས་མཆོག་གི་ལམ་སྟོན་བཞིན་འགྲོ་གི་རེད་དམ། ཡང་ན་གསུང་འཕྲིན་གནང་བར་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་བཞག་སྟེ་གསུང་འཕྲིན་གྱི་སྐོར་དེ་འཇུག་སྡོམ་རྒྱག་གི་རེད། གལ་སྲིད་གསུང་འཕྲིན་གནང་བར་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་བཞག་སྟེ་འཇུག་སྡོམ་བྱས་པ་ཡིན་ན་གསུང་འཕྲིན་ནང་འཁོད་ཀྱི་གནད་དོན་གསལ་པོ་ཆགས་ཀྱི་རེད་དམ། ཡང་ན་གསུང་འཕྲིན་གྱི་དགོངས་དོན་བཞིན་ལག་བསྟར་བྱས་ན་མི་བདེ་བ་ཡོང་གི་ཡོད་དམ།
    ཐེངས་འདིའི་གསུང་འཕྲིན་གྱི་ནང་དོན་གྱི་ཐོག་ནས་གསལ་པོ་བསྟན་པ་ནི། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་བཞིན་པ་༸གོང་ས་མཆོག་གི་དགོངས་པ་ཡིན་མིན་གྱི་དོགས་གླེང་དང་། གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་སོགས་ཡིན། དེ་ཡང་༸གོང་ས་མཆོག་གི་གསུང་འཕྲིན་ནང་འཁོད་དོན། ༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་དེའི་འགྲེལ་བརྗོད་ལ་གོ་༽ བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང་། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གི་ཡོད་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཚོགས་དུས་འདིའི་རིང་བགྲོ་གླེང་འཐིལ་ཕྱིན་དང་། དེ་བཞིན་བཀའ་ཤག་དང་། ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཅི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས། ཅེས་གསུངས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese