མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་སྲིད་གླེང་མཁན་གྱི་བླ་བཙོང་བ། རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

མཚམས་རེར་ངས་རང་ཉིད་གཅིག་པུ་ནི་ད་གཟོད་མགོ་ཐོག་གི་གནམ་སྔོན་པོ་འདི་མར་རྡིབ་པར་དོགས་ཏེ་སྡུག་བསྔལ་གྱིས་གཟིར་བའི་རི་བོང་ཆུང་ཆུང་དེ་མིན་ནམ་ཡང་སྙམ། འོན་ཀྱང་། ད་ལྟའི་བོད་ནང་གི་བོད་རིགས་དཔོན་པོ་ཁག་ཅིག་གི་བཤད་སྟངས་དང་གནང་སྟངས་ལ་བལྟས་ཡོང་དུས་ནམ་ཞིག་རྒྱ་དགའ་བོད་སྡུག་གི་ལས་ཀ་རེ་མི་འབྱུང་བའི་ངེས་པ་མི་འདུག་སྙམ།

ཉེ་ཆར་ནས་བཟུང་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོའི་ཐོག་ནས་༧གོང་ས་མཆོག་གི་ཡང་སྲིད་རྩད་གཅོད་དང་ཐག་གཅོད་ཀྱི་དབང་ཚད་དེ་རྩོད་མགོ་བཙུགས་ཡོད་ལ། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་སྐྱོང་བ་པདྨ་འཕྲིན་ལས་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་སྐོར་ལ་སུ་ཞིག་གིས་ལྕེ་ཐོག་ལ་ལེན་མ་མྱོང་བའི་སྐད་ཆ་བཤད་འདུག དཔེར་ན། ཁོས་༼ད་ལྟའི་ཆར་ཏཱ་ལའི་བླ་མ་གསོན་པོ་རེད། ཁོང་ཤི་སོང་ན་ད་གཟོད་ང་ཚོས་བཤད་ཆོག་༽ཅེས་ཀྲང་ཅིན་ལི་མ་གཏོགས་སུས་ཀྱང་བཤད་མི་ཤེས་ལ། གུས་ལུགས་དང་འགྲོ་ལུགས་ཅི་ཡང་མེད་པའི་སྐད་ཆ་དེ་འདྲ་བཤད།

རྒྱ་ནག་གཞུང་གིས་ཁོ་ཚོར་བོད་ཀྱི་དམིགས་བསལ་གནད་དོན་རིགས་ཀྱི་སྟེང་ལ་སྐད་ཆ་བཤད་རྒྱུའི་ཐོབ་ཐང་དང་འོས་འགབ་མེད་པ་ཤེས་སྟབས། དཔེར་ན། ༧གོང་ས་མཆོག་གི་ཡང་སྲིད་གནད་དོན་དང་། པན་རིན་པོ་ཆེའི་ཡང་སྲིད་གནད་དོན་སོགས་ཀྱི་སྐོར་ལ་བོད་ནང་གི་བླ་ཆེན་དང་དཔོན་རིགས་དེ་ཚོ་རྐང་བཙུགས་ནས་བེད་སྤྱོད་གཏོང་གི་ཡོད། རྒྱ་ནག་གི་བྱེད་སྟངས་དེའི་དབང་གིས་རྒྱལ་བ་ཀརྨ་པ་མཆོག་དང་ཨཀྱཱ་རིན་པོ་ཆེ་མཆོག་ལྟ་བུའི་བོད་ནང་གི་བླ་ཆེན་ཁག་ཕྱི་ཕྱོགས་ལ་ཕེབས་པ་དང་། དཔོན་པོ་མང་པོ་ཞིག་ལའང་རྐྱེན་དང་བར་ཆད་མང་པོ་བྱུང་ཡོད། དེ་ལྟར་ཀྱང་། ལས་སྣེ་རུ་བཞུགས་པ་མང་པོ་ཞིག་གིས་བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་བཟོ་བའི་ལས་ཀ་སྤེལ་གི་མེད།

འོན་ཀྱང་། པདྨ་འཕྲིན་ལས་དང་བྱམས་པ་ཕུན་ཚོགས་ལྟ་བུའི་མི་ངན་རེ་ཟུང་ཞིག་ནི་ག་དུས་ཡིན་ཡང་རྒྱ་ནག་གཞུང་གི་ཕྱོགས་སུ་ལངས་ཤིང་། སོ་སོའི་ལྟོ་གོས་ཀྱི་ཆེད་དུ་བོད་རིགས་མང་ཚོགས་ཀྱི་མངོན་འདོད་དང་དད་འདུན་ལ་རྒྱབ་ཏུ་ཕྱོགས་ཏེ་བླ་བརྡོལ་བ་ལྟ་བུའི་སྐད་ཆ་གང་བྱུང་དུ་སྨྲ་ལ། བོད་མིའི་མགོན་དཔུང་དམ་པ་གང་དེར་ཡང་མཚན་སྨོད་ཀྱི་ཚིག་མཚོན་ཁ་ལ་གང་ཐོན་གྱིས་འཕེན་བཞིན་ཡོད། འདི་དག་ལ་དམིགས་ཏེ་དེང་སྐབས་བོད་ནང་དུའང་ཤེས་ལྡན་མི་སྣ་དག་གིས་༼མི་སྒེར་གྱིས་མི་རིགས་ཀྱི་བླ་འཚོང་མཁན་༽ཚོར་དེ་ལྟར་མི་གནང་རྒྱུའི་འབོད་སྐུལ་ཞུས་དང་ཞུ་མུས་སུ་ཡོད།

ཉེ་ཆར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པས་ཀྱང་འབྲེལ་མོལ་ཐེངས་དགུ་བའི་སྐབས་འབྲེལ་ཡོད་མི་སྣ་བརྒྱུད་དམིགས་བཀར་གྱིས་འདིའི་རིགས་ལ་གཟབ་དགོས་པའི་གོ་བསྐོན་བྱས། འོན་ཀྱང་། མི་སྣ་འདི་དག་གི་བྱེད་སྤྱོད་ནི་ཇེ་སྡུག་དང་ཇེ་རྩུབ་རེད།

ད་ནི་བོད་ཕྱི་ནང་གཉིས་ཀ་ནས་མངོན་གསལ་གྱིས་བོད་རིགས་དཔོན་པོ་འདི་དག་ལ་འབོད་སྐུལ་ཞུས་ན་མ་གཏོགས་ནམ་ཞིག་རྒྱ་ནག་གཞུང་གི་རེ་བ་ཇི་བཞིན། རྒྱལ་བའི་ཡང་སྲིད་དང་བོད་དོན་གྱི་ཐད་ནས་བོད་མི་རང་གི་ནང་ཁུལ་དུའང་ཕྱི་དང་ནང་། དཔོན་དང་འབངས་བཅས་ཀྱི་བར་རྐྱེན་ངན་ནམ་མཁར་མི་ཤོང་བ་དེ་འདྲ་འབྱུང་མི་སྲིད་པ་མིན་པར་སྙམ།།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 13

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དྲ་རོགས་ཚོ།གནས་ཚང་གིས་གསུངས་པ་དེ་བདེན་པ་རེད་དམ།དེ་ལྟར་ཡིན་ན་ཁོ་གིས་གོ་བཞིན་ཤེས་བཞིན་དུ་བོད་མི་རིགས་ལ་ངོ་ལོག་བྱས་པ་མ་ཟད།ད་དུང་ང་ཚོའི་འདུན་དུ་རྒྱ་གཞུང་གི་ལས་ཀ་བྱེད་པ་དེར་ང་ཚོའི་བཟོད་སྒོམ་ཅི་ལ་ཐུབ།བདེན་པ་ཡིན་ན་ཁོ་གི་འདྲ་པར་དྲ་རྒྱ་ཐོག་སྟན་རོགས་བྱོས་དང་བོད་མི་སུ་འདྲ་ཞིག་ཁོ་དང་ཐུག་ན་ཕྱི་མའི་ལམ་དུ་གཏང་རྒྱུ་ལས་མི་ཡུལ་དུ་སྡོད་དབང་ག་ལ་ཡོད།མི་དེ་ལྟ་བུ་རྣམས་རྒྱ་གཞུང་ལས་དགྲ་བོ་ཆེན་བ་ཡིན།

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ང་ཚོ་བྱེས་སུ་ཡོད་པ་རྣམས་ལ་ཁང་ཚོ་སྐྲག་མི་དགོས་ཡང་གཞིས་སུ་ཡོད་པའི་ཕོ་རྒོད་ཅིག་གི་ཁོང་ཚོའི་མགོ་བོ་བྲེག་ཡོང་།དེ་དུས་རྒྱ་རྒན་ཚོས་གོད་མོ་ཤོར་ནས་སྡོད་ཀྱིན་རེད།

    Reply
  3. ལྷ་མ་ཡིན། says:
    ལོ་ 16 སྔོན།

    རྒྱ་མིའི་རྒྱུག་ཁྱི་རྣ་རིང་འདི་ཚོ་སྙིང་རྗེ། རིག་གནས་གསར་བརྗེ་སྐབས་སུ་མི་མང་པོས་འདི་འདྲའི་ཉེས་པ་བསགས་ཡོད་ནི་རེད། ཁོ་ཚོས་ད་ལྟ་ཞིག་ལ་༸གོང་ས་སྐྱབས་མགོན་ཆེན་པོ་ལ་མཚན་སྨད་བྱེད་ཀྱིན་འདུག སྙིང་རྗེ་ཟེར་བ་ལས་ཐབས་གཞན་མི་འདུག

    Reply
  4. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    ངའི་མིང་འདི་སྙན་པོ་ཡོད་ན་ཞག་ཅིག་གཡར་མཆོག།

    Reply
  5. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    ངའི་མིང་འདི་སྙན་པོ་ན་ཞག་ཅིག་གཡར་མཆོག།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཁ་བའི་མེ་ཏོག་་་་་་་མིང་འདི་ཇི་འདྲའི་སྙན་པ་ལ་
    འདིའི་ཡིག་བསྒྱུར་བ་དུས་རབ་ཉེས་གཉིས་པའི་ནང་ཕར་ཆེར་ཡོད་རྒྱུ་རེད
    ཧ་ཧ་

    Reply
  7. ཐོས་དགའ། says:
    ལོ་ 16 སྔོན།

    ཁ་བའི་མེ་ཏོག་ལགས་ཀྱིས་ཡང་སྙིང་གང་ཞིག་གསུངས་ཀྱི་ཡོད་དམ། ཁོང་གི་སྐད་ཡིག་མཁྱེན་མཁན་དྲྭ་གྲོགས་ཞིག་གིས་ཡིག་བསྒྱུར་གནང་རོགས་གནང་།

    Reply
  8. ཐོས་དགའ། says:
    ལོ་ 16 སྔོན།

    ཁ་བའི་མེ་ཏོག་ལགས་ཀྱི་ཡང་སྙིང་གང་ཞིག་གསུངས་ཀྱི་ཡོད་དམ།  ཁོང་གི་སྐད་ཡིག་མཁྱེན་མཁན་དྲྭ་གྲོགས་ཞིག་གིས་ཡིག་བསྒྱུར་གནང་རོགས་གནང་།

    Reply
  9. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    དྲ་རྒྱལ་འདི་ཐོག་དུ་གང་བྱུང་མི་འབྱུང་བྲིས་ཀྱི་འདུག། མང་ཆེ་བར་ཞིབ་ཙེ། དབྱེ་འབྱེད་དང་ཕྲོག་དོག་ཁ་བྲལ་གྱེས་རྒྱུ་དམིག་ཡུལ་ལམ་ཕུན་ཚོགས་ལ་མི་བཟོད་པའི་བློ་ངན་དམ་པོར་བཅངས་བ་རྩམ་ལས་བཞིན་གང་ཡང་མ་དངོས། རེད་རྐྱོན་ཡོད་ལ་རྐྱོན་བརྗོད་བྱེད། བྱས་རྗེས་ལ་སྟོད་བསྔགས་བྱེད་ན་ཕན་ཚུལ་ལེགས་བསྒྲུབ་ཡོང་རྒྱུ་རེད་མ་ཏོག། ཚང་མས་ཁ་བྲལ་བཏོང་ན་ཕན་གནོད་གང་ཡོད་མེད་མཁྱེན་དགོས་སྙམས།

    Reply
  10. karma dorje says:
    ལོ་ 16 སྔོན།

    བོད་མི་ཞིག་གིས་༸རྒྱལ་བ་རིན་པོ་ཆེ་ལ་མཚན་དམོད་ཞུ་བ་ནི། འཛམ་གླིང་མི་མང་ཤེས་མཁན་ཚང་མས་གད་མོ་ཤོར་རྒྱུ་མ་ཟད། རྒྱ་རིགས་དང་ཏང་མི་ཁ་ཤས་ཀྱིས་ཀྱང་བོད་དེ་ཚོའི་འདྲས་བྱབ་ཆུང་རེད་ཅེས་རང་གི་རྣ་བར་སྒྲོག་མཁན་ཡོང་བའི་དུས་ཅིག་ཤར་སྲིད།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ད་ནི་བོད་ཕྱི་ནང་གཉིས་ཀ་ནས་མངོན་གསལ་གྱིས་བོད་རིགས་དཔོན་པོ་འདི་དག་ལ་འབོད་སྐུལ་ཞུས་ན་མ་གཏོགས་ནམ་ཞིག་རྒྱ་ནག་གཞུང་གི་རེ་བ་ཇི་བཞིན། རྒྱལ་བའི་ཡང་སྲིད་དང་བོད་དོན་གྱི་ཐད་ནས་བོད་མི་རང་གི་ནང་ཁུལ་དུའང་ཕྱི་དང་ནང་། དཔོན་དང་འབངས་བཅས་ཀྱི་བར་རྐྱེན་ངན་ནམ་མཁར་མི་ཤོང་བ་དེ་འདྲ་འབྱུང་མི་སྲིད་པ་མིན་པར་སྙམ།།

    དེ་ལྟར་ཆགས་རྒྱུ་དེ་ནི་རྒྱའི་སྲིད་གཞུང་གིས་དམིགས་ཡུལ་གཙོ་བོ་དེ་ཆགས་ཡོད་པ་རེད། དེ་ཤེས་རྒྱུ་དེ་ནི་བོད་མི་རང་གིས་འགན་ཡིན་པ་རེད།

    Reply
  12. གནས་ཚང་། says:
    ལོ་ 16 སྔོན།

    ངས་བལྟས་ན་ཡག་པོ་བྱུང་འདུག ཚང་མར་ངོ་འཕྲོད་དགོས་པ་ནི་དུས་འགྱུར་བཞིན་པའི་ཁར། མིའང་འགྱུར་བཞིན་ཡོད་པ་དང་། སྒོས་སུ་བོད་མི་འགྱུར་བཞིན་པའི་རྟགས་གཙོ་བོ་གཅིག་རེད། གཞན་དེ་ནི་ཁེ་ཕན་གྱི་མདུན་དུ་ཅི་ཡང་བྱུང་སྲིད་པའི་རྟགས་ཤིག་ཀྱང་རེད། དེ་ལས་ཀྱང་ཡ་ང་བ་ནི། ཕྱི་སྡོད་ཀྲུང་གོའི་བོད་རིགས་མཐུན་ཚོགས་ཟེར་བ་དེའི་དྲུང་ཆེ་གཞོན་པར་རྒྱ་རི་རིན་པོ་ཆེ་ཡི་དྲུང་ཆེ་པད་མ་དབང་རྒྱལ་ཟེར་བ་དེ་ཐོན་ཡོད་པ་མ་ཐོས་སམ།

    Reply
  13. དབྱངས་བུ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས།
    ཁྱེད་ཀྱིས་ལུང་འདྲེན་བྱས་པའི་པདྨ་འཕྲིན་ལས་ཀྱི་སྐད་ཆ་དེ་ཕྱི་ཟླ་་༣་ཚེས་་༨་ཉིན་གྱི་དགོང་དྲོ་ངས་བོད་ལྗོངས་བརྙན་འཕྲིན་བརྒྱུད་མཐོང་བྱུང། སྐབས་དེ་དུས་ངར་སེམས་ཁྲལ་ཆེན་པོ་ཞིག་བྱུང་བ་ནི། གསུམ་བཅུའི་དུས་དྲན་མ་
    སླེབས་སྔོན་ལ་གསར་འགོད་གསལ་བསྒྲགས་སྤེལ་ནས་ཞི་བར་དགའ་བའི་བོད་
    རིགས་མི་མང་འཚེ་བའི་ལམ་དུ་འཇུག་འདོད་མིན་ནམ་སྙམ་པ་དང། འདི་ལོའི་གསུམ་དུས་ལ་བོད་རིགས་མང་པོར་དཀའ་སྡུག་བྱུང་མི་ཡོང་ངམ་སྙམ་
    བྱུང། དེས་ན་འདི་ལོའི་གསུམ་དུས་ལ་བོད་ནང་དམིགས་བསལ་གསར་འགྱུར་གང་བྱུང་འདུག་གམ།

    ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese