མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་གཙོའི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སེ་ཕེ་ལོ་སི་མཆོག་གིས་བོད་དོན་རྒྱབ་སྐྱོར་ཀྱི་གསུང་འཕྲིན་ཞིག་བསྩལ་ཡོད་འདུག

གསུམ་བཅུའི་དུས་དྲན་སྟེ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ ༥༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོཊ་གཙོ་ལྕམ་ནན་སེ་ཕེ་ལོ་སི་མཆོག་གི་མཚན་ཐོག་ནས་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་བཀོད་དོན། དེ་རིང་གི་ཉིན་མོ་འདིར་བོད་ནང་རང་དབང་དང་ཞི་བདེའི་ཆེད་འཐབ་རྩོད་བྱས་ནས་ཚེ་སྲོག་ཤོར་བའི་དཔའ་པོ་དཔའ་མོ་ཚོར་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་དང་། ད་བར་གྱི་མི་ལོ་ང་བཅུའི་རིང་བོད་མི་ཚོས་བོད་དང་རྒྱ་ནག་ཏུ་ཞི་བའི་ཐོག་ནས་མང་གཙོའི་བསྒྱུར་བཅོས་ཡོང་ཐབས་བྱས་པར་མ་ཟད། བོད་རྒྱ་གཉིས་ཀྱི་སྐུ་ཚབ་བར་ཡང་གྲོས་མོལ་རིམ་པར་གནང་ཡོད་ཀྱང་།  དམིགས་བསལ་དོན་འབྲས་གང་ཡང་བྱུང་ཐུབ་མེད། གལ་སྲིད་རྒྱ་ནག་གཞུང་གིས་བོད་ནང་ཞི་བདེ་བརྟན་ལྷིང་དང་རྒྱ་ནག་རང་ཉིད་རྒྱལ་སྤྱིའི་ཐོག་ངོ་གནོང་མི་དགོས་པར་ཆེ་མཐོང་དགོས་ཀྱི་ཡོད་ན་དོན་དངོས་གཞིར་བཟུང་སྟེ་ཞི་འགྲིག་བྱ་རྒྱུ་གལ་ཆེན་ཡིན་ལུགས་བཀོད་ཡོད་འདུག ཁོང་གིས་མི་མཐུད་དུ་ད་བར་རྒྱ་ནག་གཞུང་གིས་བོད་མིའི་སེམས་པ་འགུག་རྒྱུའི་ཚབ་ཏུ་༧གོང་ས་མཆོག་དང་བོད་མི་མང་བར་འགལ་བ་བཟོ་རྒྱུའི་ལས་འགུལ་སྤེལ་ཡོད་ཀྱང་། བོད་མིའི་ཡིོད་ཆེས་དང་དད་གུས་ལ་ནམ་ཡང་འགྱུར་བ་མེད་པར་རྒྱ་ནག་གི་འདོད་ཚུལ་དང་ཐ་དད་དུ་གྱུར་བ་རེད། དེ་བས་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱ་རྒྱུའི་དུས་ལ་སླེབས་ཡོད་ཅེས་དང་། ཨ་རིའི་ངོས་ནས་༧ཏཱ་ལའི་བླ་མ་མཆོག་གིས་རྒྱལ་སྤྱི་དང་བོད་ནང་དུ་རང་དབང་འཐབ་རྩོད་གནང་བཞིན་པ་དེར་མི་མཐུད་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཉེ་འཆར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་དེས་ཨ་རི་དང་བོད་མིའི་བར་གྱི་མཛའ་འབྲེལ་ཟབ་ཏུ་ཕྱིན་པ་རེད་ཅེས་དང་ཡང་ཁོང་གིས་ཨ་རིའི་ངོས་ནས་བོད་ནང་དུ་རང་སྲོག་བློས་བཏང་གནང་མཁན་རྣམས་ལ་རྗེས་དྲན་དང་ཕྱོགས་གཉིས་ཀྱི་འབྲེལ་མོལ་ཡར་རྒྱས་ཡོངས་ཐབས། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་སྲུང་སྐྱོབ་ཀྱི་འཐབ་རྩོད་བཅས་ལ་མུ་མཐུད་ནས་རྒྱབ་སྐྱོར་གནང་རྒྱུར་ནན་བརྗོད་བྱས་ཡོད་ཅེས་བཀོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༧ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 12

  1. འཇིག་རྟེན་ says:
    ལོ་ 16 སྔོན།

    ལྕམ་མཆོག་གི་ཁ་ཞེ་གཉིས་མེད་ཀྱི་བོད་དོན་ལ་ཐུག་འཁུར་གནང་བ་ཐུགས་རྗེ་ཆེ་ཞུ་བ་དང་ཁྱབ་ཅིག་ཏུ་ད་དོང་ཡང་མུ་མཐུན་ནས་རྒྱབ་སྐྱོར་གནང་ཐུབ་བ་རེ་བ་ཡོད་

    Reply
  2. getse ngodup from .be says:
    ལོ་ 16 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    དེ་རིང་ནས་ལྕམ་ནན་སེ་ཕེ་ལོ་སི་མཆོག་ལ་བོད་ཀྱི་ཨ་མ་ཞེས་འབོད་རྒྱུ་ཡིན

    Reply
  4. karma dorje says:
    ལོ་ 16 སྔོན།

    དེང་གི་བོད་དང་འབྲེལ་བའི་རྒྱ་གཞུང་ལས་བྱེད་ཚོས། ལྕམ་སྐུ་ནེན་སི་པོལ་སི་མཆོག་གིས། ་་་་གལ་སྲིད་རྒྱ་ནག་གཞུང་གིས་བོད་ནང་ཞི་བདེ་བརྟན་ལྷིང་དང་རྒྱ་ནག་རང་ཉིད་རྒྱལ་སྤྱིའི་ཐོག་ངོ་གནོང་མི་དགོས་པར་ཆེ་མཐོང་དགོས་ཀྱི་ཡོད་ན་་་་་་་་་ ཅེས་སོགས་རྣོ་ངར་ཅན་གྱི་གསུང་བཤད་ལ་སློབ་སྦྱོང་དང་ལག་ལེན་གང་མགྱོགས་ཡོང་བར་ཐུགས་རྗེས་གཟིགས།

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཨ་རིའི་གཞུང་དགེར་གཉིས་ཀྱི་ངོས་ནས་བཙན་བྱོལ་བོད་མི་རྣམས་ལ་བརྩེ་གཟིགས་བྱམས་སྐྱོང་གང་མང་ཞིག་བྱས་ཡོད། འོན་ཀྱང་རྒྱ་ནག་གིས་དེ་ལ་ཕྲག་དོགས་དང་ཟུར་ཟ་གང་མང་བྱས་དང་བྱེད་བཞིན་པ་རེད། མ་ཟད་ནམ་རྒྱུན་བོད་དུའང་ཨ་རིའི་གཡོ་རྒྱུ་དང་ངན་བློ་རྣ་ཚོགས་བྱེད་དང་བྱེད་བཞིན་ཡོད་ཚུལ་གྱི་སློབ་གསོ་བརྒྱབ་བཞིན་ཡོད་ལ། དེའི་ཤུགས་སྐྱེན་ལྟ་བུ་ཞིག་བོད་མི་བཙན་བྱོལ་བའི་ནས་ལའང་ཐེབས་ནས་མི་འགའ་རེ་ཨ་རི་ལ་སྐྱོན་རྣ་ཚོགས་བརྗོད་ཁུལ་བྱེད་པ་ཐོས་སོང་། གང་ལྟར་ཡང་གནལ་ལུགས་ལ་ཚུལ་བཞིན་དཔྱོད་པའི་ཤེས་རབ་ཡག་པོ་ཞིག་ཡོད་པ་གལ་ཆེ།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ངོ་མ་སེམས་དགའ་ནི་ཞིག་རེད་
    བཀའ་དྲིན་ཆེ

    Reply
  7. ཐོས་དགའ། says:
    ལོ་ 16 སྔོན།

    ནན་སི་ལཊ། བཀའ་དྲིན་ཆེ་ཞུ།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ལྕམ་ནན་སེ་ཕོ་ལོ་སི་མཆོག་ལ་ཐུགས་རྗེ་ཆེ་ཞུ།

    Reply
  9. གྲྭ་རྒོད says:
    ལོ་ 16 སྔོན།

    ལྕམ་ནན་སེ་ཕེ་ལོ་སི་མཆོག་ལ་སྙིང་ཐེག་པ་ནས་ཐུགས་རྗེ་ཆེ་ཞུ།མའོང་བར་བོད་མའི་རང་དབང་ཆེད་རྒྱབ་སྐྱོར་རེ་ཕྱོགས་གང་ཐད་ནས་བྱེད་རྒྱུ་རེ་བ་ལགས།

    Reply
  10. བསྟན་འཇམ says:
    ལོ་ 16 སྔོན།

    བཀའ་དྲིན་ཅན་མ་སྙིང་ཀི་རིས་པ་དེས་ཁྱེདལ་ཐུགས་རྗེ་ཆེད་ཞུ ། དྲང་བདེན་ལ་རོགས་འདེགས་བྱེད་ཀྱི་ནི་ཉམས་ཆུང་སྐྱིད་སྡུག་གི་གནས་ཚུལ་་ལ་གཏིང་ཟབ་ས་མཁྱེན་རྟོགས་ཡོད་པའི་རྟགས་རེད །

    Reply
  11. སེང་བཟང་། says:
    ལོ་ 16 སྔོན།

    ཚེ་རབས་འདི་དང་ཚེ་རབས་གཞན་དག་ཏུ་དྲིན་ཅན་མ་དེ་ལ་དྲིན་ལན་གསོ་བའི་ཉི་མ་ཞིག་བྱུང་ན།   ལུས་དང་སྲོག་གིས་ཀྱང་དྲིན་ཅན་མ་དེའི་དྲིན་ལན་གྱི་ཆ་ཤས་རེ་གསོ་ཐུབ་པའི་སྨོན་ལམ་འདེབས།   དྲིན་ཅན་མ་འདིའི་སྐུ་དྲིན་བསྐལ་བརྒྱའི་བར་ཏུ་གཞལ་ཐབས་བྲལ།

    Reply
  12. ཏྲེའོ། སྐལ་བཟང་། says:
    ལོ་ 16 སྔོན།

    ལྷ་ལྕ་ལགས་ཁྱེད་སྐུ་ཚེ་ཡིན་རིང་འཚོ་བའི་སྨོན་ལམ་འདེབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese