མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་སར་མི་ ༡༤ འཇུས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

       
གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བའི་སྐབས་དེར་ལྷ་སར་བོད་མི་ ༤༠༠ ལྷག་བཀག་ཉར་བྱས་པའི་ཁྲོད་མི་ ༡༤ དངོས་སུ་འཛིན་བཟུང་བྱས་འདུག

ཚེས་ ༡༠ ཉིན་ཧྥ་རན་སིའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་ ༢༠༠༨ ལོར་བོད་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་ཏེ་མི་ལོ་ ༢ ཕྱིན་པའི་དེ་རིང་གི་ཉིན་མོར་ཡང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་དམག་གིས་དམ་དྲག་བྱེད་བཞིན་ཡོད་འདུག་ཅེས་ས་གནས་ཉེན་རྟོག་པ་ཟིག་གིས་གསར་འགོད་པར་བརྗོད་ཡོད་འདུག

རྡུང་རྡེག་ཚ་ནན་གྱི་ལས་འགུལ་དེ་ཟླ་ ༣ པའི་ཟླ་མགོར་འགོ་བཙུགས་ཡོད་པ་དང་། ས་གནས་ཉེན་རྟོག་པས་བོད་རང་བཙན་འཐབ་རྩོད་པ་དང་ཉེས་མེད་མི་མང་དཀྱུས་མ་སོགས་དོགས་གཞིའི་གང་བྱུང་འཛིན་བཟུང་བྱེད་ཀྱིན་ཡོད་ཚུལ་ས་གནས་ཉེན་རྟོག་པ་དེས་གསར་འགོད་པར་བརྗོད་ཡོད་འདུག

ངས་ལས་འགུལ་འདི་ནམ་ཞིག་ལ་མཚམས་འཇོག་བྱེད་གི་ཡིན་མིན་མི་ཤེས་མོད། དེ་ནི་ཟླ་ ༣ པའི་ནང་མཚམས་འཇོག་བྱེད་སྲིད་པ་ཞིག་རེད་ཅེས་ཁོང་གིས་བརྗོད་ཡོད་འདུག ཁོང་ལ་རང་ཉིོད་ཀྱི་ཐོབ་ཐང་སྐོར་བཤད་འདོད་མེད་ནའང་ཐེངས་འདིའི་དུས་དྲན་ཐད་ཁོང་ལ་སེམས་ཚོར་རྣོན་པོ་ཞིག་འདུག་ཅེས་དྲ་ཚིགས་དེར་བཀོད་འདུག 

ཟླ་ ༣ པའི་ནང་ལྷ་སར་ཉེན་རྟོག་པ་བདེ་སྲུང་བ་བཅས་མི་ ༡༥༠༠ འཕར་སྣོན་བྱས་ཡོད་པ་དང་། མགྲོན་ཁང་དང་ཁྱིམ་ཚང་ ༤༡༠༠ ལྷག་ལ་ཞིབ་བཤེར་བྱས་ཡོད་ཚུལ་ལྷ་སའི་དགོང་མོའི་གསར་འགྱུར་ནང་བརྗོད་ཡོད་འདུག སྐབས་དེར་མི་ ༤༠༠ དོགས་གཞིའི་འོག་བཀག་ཉར་བྱས་འདུག་ཀྱང་རྗེས་སུ་མི་ ༡༤ ལས་གཞན་ཚང་མ་གློད་གྲོལ་བཏང་ཡོད་འདུག
 
རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་སྐབས་ས་གནས་དམར་ཤོག་དྲུང་ཆེ་གཞོན་པ་ཀྲང་ཡེ་ཞུང་གིས་ང་ཚོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་གནོད་པའི་ཁ་བྲལ་དང་གཏོར་བཤིག་གི་ལས་འགུལ་སྤེལ་རིགས་ལ་འགོག་སྲུང་དང་རྡུང་རྡེག་ཚ་ནན་བྱེད་དགོས་ཞེས་བཀའ་ཁྱབ་བཏང་ཡོད་འདུག

ཡང་ཁོང་གིས་ལས་བྱེད་དང་དམག་མིས་སྤྱི་ཚོགས་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཞིར་བཟུང་མི་མང་གི་ཁེ་ཕན་གཞི་རྩར་བཞག་སྟེ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་ནུས་པ་འདོན་དགོས་ཞེས་བརྗོད་ཡོད་འདུག
༢༠༠༨ ལོའི་དྲག་གནོན་འོག་རྒྱ་དམག་གིས་བོད་མི་ ༢༡ བསད་པར་ངོས་ལེན་བྱས་ཡོད་མོད། བོད་གཞུང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། དྲག་གནོན་འོག་བོད་མི་ ༢༠༠ བསད་ཡོད་པ་དང་ ༡༠༠༠ རྨས་སྐྱོན་བྱུང་ཡོད་ཚུལ་བརྗོད་ཡོད་འདུག

མཆན། 8

  1. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    རྒྱ་ནག་གཞུང་འཛིན་པ་ཚོས་བོད་ས་ཞི་བདེ་གཏིང་གནས་ཟེར་བ་དེ་བོད་མི་འཇུ་བཟུང་དང་རྡུང་རྡེག་ལ་གོ་ཡི་ཡོད་པ་འདྲ།རྒྱ་སྤྲང་ཁྱོད་ཚོས་ངའི་བོད་མི་ཚོར་རྡུང་རྡེག་ཅི་ཙམ་བྱེད་པར་དེ་ཙམ་གྱི་ཁྱོད་ཚོ་ལ་སྡང་བ་དང་རང་མི་རིགས་ལ་ལ་རྒྱ་དེ་ཙམ་གྱི་ཟབ་བོ།

    Reply
  2. karma dorje says:
    ལོ་ 13 སྔོན།

    བོད་མིའི་ས་ཆ་ལ་རྒྱ་མིས། བོད་མི་འཇུ་བཟུངས་བྱས་པ་ནི། ཁྱད་མཚར་པོ་མ་རེད་དམ།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    རྒྱ་ནག་གིས་བྱ་ཐབས་ཅི་ཞིག་བྱས་ཡང་ཁུག་མ་རལ་བོ་བཞིན་གང་སར་ནས་བརྡོལ་ཡོང་གི་འདུག་ཧ་ཧ་ཧ་ཧ

    Reply
  4. རྡ་སའི་གཡག་ལྡོམ says:
    ལོ་ 13 སྔོན།

    བོད་རང་བཙན་

    Reply
  5. བསེ་རུ། says:
    ལོ་ 13 སྔོན།

    གསར་འགྱུར་ནང་དུ་བོད་མིར་རྡུང་རྡེག་མནར་སྤྱོད་གཏོང་གི་ཡོད་པའི་སྐོར་ཇེ་མང་ནས་ཇེ་མང་དུ་འགྲོ་སྐབས། བོད་མི་ཚོའི་སེམས་ཁམས་ལ་རྨ་ཁ་ཇེ་ཆེ་ནས་ཇེ་ཆེ་རེད།
    ད་དུང་ང་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ལོ་ངོ་ག་ཚོད་ཙམ་བྱེད་དགོས་སམ།
    དཀོན་མཆོག་མཁྱེན།

    Reply
  6. བསྟན་འཇམ says:
    ལོ་ 13 སྔོན།

    འཛིན་བཟུང་བཀག་ཉར་དེས་བདེན་ཁ་ལ་གསལ་བྱེད་དུ་བཅུག་ཡོད། ཕམ་ཁ་མེད་ན་རྒྱལ་ཁ་ཡོད་མི་སྲིད ། ཁར་སང་ཀི་ཕམ་ཁ་ནི་དེ་རིང་ཀི་རྒྱལ་ཁ་ཡིན འུ་ཅག་བོད་མི་ཚོའི་རང་བཙན་ཤོར་བ་བདེན་པ་རེད་མོད་ཀྱང་ ། ཕྱིར་རང་བཙན་གཙང་མ་ལེན་ཐབས་ཧ་ཅང་ཉག་ཕྲ་

    Reply
  7. གྲགས་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    རང་བཙན་གྱི་ལམ་དུ་བསྐྱོད་རན།

    Reply
  8. གྲགས་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    རང་བཙན་གྱི་ལམ་དུ་བསྐྱོད་རན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist