མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༼མིག་ཆུ༽རྩོམ་པ་པོ་བྲོས་བྱོལ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཟི་ཁྲོན་ཁྱུང་མཆུ་རྫོང་རྨེ་བ་གསེར་སྡེ་སྡེ་བ་ནས་ཡིན་པའི་རོང་ཐ་དགོན་གྱི་གྲྭ་དགེ་འདུན་ཚེ་རིང༌། རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་༼ མིག་ཆུ ༽ཞེས་པའི་སྙན་དེབ་ཅིག་བཏོན་ཏེ། ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༢ ཡས་མས་སུ་རྔ་པ་རྫོང་ནས་འགྲེམས་སྤེལ་བྱས་ཡོད་པ་དང་། སྐབས་དེར་རྔ་པའི་ཉེན་རྟོག་པས་ཆབ་སྲིད་ཀྱི་དོགས་གཞིའི་འོག་ཁོང་འཛིན་བཟུང་བྱེད་རྩིས་བྱས་པར་བྲོས་ཐར་བྱུང་ཡོད། དེ་ནས་ཉིན་བཅོ་ལྔ་ཙམ་གྱི་རྗེས་སུ་ཁོང་རང་གི་དགོན་པར་འབྱོར་ཡོད་ཀྱང་། ཞང་ཉེན་རྟོག་པ་དང་ཁྱུང་མཆུ་རྫོང་ཉེན་རྟོག་པས་ཤེས་ཏེ་འཛིན་བཟུང་བྱེད་རྩིས་བྱས་ཀྱང་སྔར་བཞིན་ཁོང་བྲོས་ཐར་བྱུང་ཡོད། འོན་ཀྱང༌། ཉིན་ཤས་རྗེས་སུ་ཁོང་གི་དེབ་དཔར་སྐྲུན་བྱེད་པར་རོགས་བྱེད་མཁན་རང་གི་གྲོགས་པོ་རོང་ཐ་དགོན་གྱི་གྲྭ་ཚེ་པ་འཛིན་བཟུང་བྱས་ནས་འབར་ཁམས་སུ་བཀག་ཉར་བྱས་ཡོད་འདུག

རྩོམ་པ་པོ་དགེ་འདུན་ཚེ་རིང་སྐབས་དེ་ནས་བྲོས་བྱོལ་གྱིས་ཉིན་མཚན་འཁྱོལ་དཀའ་བའི་གནས་སུ་གྱུར་ཡོད་ལ་ཁོང་གི་ནང་མིའི་རྩར་རྒྱུན་དུ་ཞང་དང་རྫོང་སོགས་ཀྱི་ཉེན་རྟོག་པ་ཡོང་ནས་རྩད་གཅོད་བྱས་དང་བྱེད་མུས་ཡིན། ༼ མིག་ཆུ ༽ ཞེས་པའི་སྙན་དེབ་དེའི་ནང་དོན་ཕལ་ཆེ་བ་ས་བྱི་ཞི་རྒོལ་ཆེན་མོའི་དངོས་ཡོད་ལོ་རྒྱུས་བརྗོད་བྱ་བྱས་པའི་སྙན་རྩོམ་ཞེ་གཅིག་ཡིན་འདུག དཔེར་ན། ཚེ་སྲོག་ལ་གྱེར་བའི་དུར་ཐང་གི་ངུ་འབོད་ཅེས་པ་དང༌། ལོ་གསར་མེད་པའི་དུས་སྟོན། རྙི་འོག་གི་བསམ་གཞིགས། སྙིང་ལ་གས་ཆད་ཤོར་བའི་ངུ་འབོད་སོགས་ནི་སྙན་རྩོམ་ཁག་ཅིག་གི་མགོ་བརྗོད་ཡིན་འདུག

གནས་ཚུལ་གཞན་ཞིག་ལ། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༣ ཉིན་གནས་ཚུལ་གོ་གསལ་ལ་ཟླ་དེའི་ཚེས་ ༡༠ ཉིན་ཨ་མདོ་རྔ་པ་རྫོང་ཁྲིན་ཀྭན་གྱི་ཤར་ཁ་ཆོས་གྲགས་ཀྱི་བུ་ཤེས་རབ་རྒྱ་མཚོ་སོགས་མི་དྲུག་ཡས་མས་ཤིག་གིས་རྔ་པ་ཀིརྟིའི་དགོན་པར་རྐྱང་ཕྱག་འཚལ་ནས་སྐོར་བ་བྱས་ཡོད་ཅིང༌། ཉིན་དེར་ཁོང་རྣམས་རྔ་པའི་ཉེན་རྟོག་ཁང་གིས་བཀག་ཉར་བྱས་ཡོད་འདུག དེ་སྔོན་བོད་ཀྱི་ལོ་གསར་ཚེས ༡ ཉིན་ཤེས་རབ་རྒྱ་མཚོ་སོགས་མི་བཅུ་གཉིས་ཀྱིས་རྔ་པ་ཀིརྟིའི་དགོན་པར་རྐྱང་ཕྱག་འཚལ་ནས་སྐོར་བ་བྱས་ཡོད།

དེ་སྔོན་ཕྱི་ཟླ་ ༣ ཚེས་ ༧ ཡས་མས་ཤིག་ནས་རྔ་པ་རྫོང་དང་ཐག་ཉེ་རིང་གི་དགོན་པ་ཁག་དང༌། རྫོང་ཐོག་གི་ཁྲོམ་གཞུང་སོགས་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུག་ལ། མེ་མདའ་ཁུར་ཁུར་དུ་ཡོད་པའི་དམག་མི་དང་ཉེན་རྟོག་པ་མང་པོས་ལམ་གྱི་བཞི་མདོ་ཁག་དང་སྲང་བར་སོགས་ནས་མི་མང་རྣམས་ལ་གང་བྱུང་གིས་སྔོག་བཤེར་བྱེད་ཀྱིན་ཡོད་པར་མ་ཟད། ཁྲོམ་ལ་འགྲོ་བར་ངེས་པར་ཐོབ་ཐང་ལག་ཁྱེར་དགོས་པ་དང༌། དྲ་ཁང་ཁག་ཏུ་དེ་བས་ཀྱང་དམ་དྲག་ཆེ་བ་བྱས་ཡོད་འདུག་པའི་ཁར། ཟླ་འདིའི་ཚེས་ ༡༢ ནས་ཉེ་འཁོར་གྱི་དགོན་པ་ཁག་གི་དགེ་འདུན་པ་རྣམས་དགོན་པ་རང་གི་ཕྱི་ནང་དུ་འགྲིལ་བཞུད་བྱེད་པ་ཡང་བཀག་སྡོམ་བྱས་ཏེ་ད་ཆ་དགོན་པའི་ཕྱི་ལ་འགྲོ་བ་དང༌། ཕྱི་ནས་ནང་ལ་འགྲོ་བར་དཀའ་ཁག་ཆེན་པོ་ཡོད་འདུག རྒྱུན་ལྡན་དུ་མངོན་གསལ་མ་ཡིན་པའི་སྒོ་ནས་དམག་ཆས་མ་གྱོན་པའི་དམག་མི་དང་ཉེན་རྟོག་པ་མང་པོས་ཁྲོམ་བར་དང༌། རྫོང་གི་ཉེ་འཁོར་གྱི་དགོན་གྲོང་ཚོར་སྐོར་གཡེང་བྱེད་བཞིན་ཡོད་འདུག གོང་གི་གནས་ཚུལ་དེ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་མཁོ་སྤྲོད་བྱས

མཆན། 10

  1. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 12 སྔོན།

    དགུ་ཚིགས་སྐྱ་མོ་ལགས་ཀྱི་ལྷག་བསམ་ཡག་པོ་འདུག ཁ་བའི་མེ་ཏོག་གིས་རིག་པ་སྒྲིམ་ན་ཡར་ཐོན་ཡོང་བར་ཐེ་ཚོམ་མི་འདུག རིན་མེད་ཀྱི་དགེ་རྒན་འདི་འདྲ་ཞིག་དེང་སང་རྙེད་དཀའ་བ་རེད། དགུ་ཚིགས་ལགས་ཀྱི་དཀའ་ཁག་ལ་མི་འཛེམ་པ་ཉིད་ལ་རམ་འདེགས་བྱེད་པ་ལས་སླ་བོ་མ་རེད་ཡ།།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 12 སྔོན།

    ཁ་བའི་མེ་ཏོག། ཨོ་སྙིང་རྗེ། འོན་ཀྱང་། ང་ཚོ་༼ ཚོས ༽དངོས་ཡོད་གནས་ཚུལ་གང་ཡིན་ཡང་དྲངས་པོ་ཞུས་དགོས་པ་ལས་སྐྱགས་རྫོན་༼སྐྱགས་རྫུན༽དང་སྒྲོ་འདོགས་རང་བྱེད་ན་ད་ལྟར་རྩམ་༼ཙམ༽མ་ཟད་བོད་མིའི་སྙིང་སྟོབས་ཅན་༼བོད་མི་སྙིང་སྟོབས་ཅན༽དག་གི་༼དག་གིས༽བྱས་རྗེས་ཡོང་རྫོགས་༼ཡོངས་རྫོགས༽རྐང་བརྗེ་༼རྐང་བརྗེས་༽ལག་སྲུབ་བྱེད་ཡར་གནད་འགལ་ཡོད།༼ཡར་གནད་འགལ་ཡོད།༽ཚིག་འདི་བརྗོད་བྱ་སྟོན་མི་ཐུབ་པ་ཞིག་རེད
    བོད་མི་ཡོངས་ཀྱི་བསམ་ཞིབ་བྱེད་རོགས་ཞུ།

    Reply
  3. བཙན་པོའི་བུ། says:
    ལོ་ 12 སྔོན།

    ཁ་བའི་མེ་ཏོག་མིང་ཅན་པ། འོ་ན། མིག་ཆུ་རྩོམ་པ་པོས་དྲང་མོ་བཤད་མི་འདུག་གམ། དེ་མིན་ན་གནས་ཚུལ་མཁོ་སྤྲོད་པས་དྲང་མོ་བཤད་མི་འདུག་གམ། ཁྱེད་ཀྱིས་ཅི་ཞིག་བཤད་འདོད་པ་ཡིན། སྐད་ཆ་བཤད་མི་ཤེས་ན། ངེས་པར་དུ་བཙན་གྱིས་བཙུར་དགོས་དོན་ཡེ་ནས་མ་མཆིས།

    Reply
  4. ཚེར་མ། says:
    ལོ་ 12 སྔོན།

    ཕྱག་འཚལ་ན་ཡང་འཛིན་གྱི་ཡོད་པ་རེད་འདུག་ག

    Reply
  5. ཨོ་རྒྱན་དོན་འགྲུབ། says:
    ལོ་ 12 སྔོན།

    རྩོམ་པ་པོ་ཁོང་གི་ལས་དབང་ལ་ང་ཚོ་ཚང་མས་གདོང་སེམས་མཉམ་སྐྱེད་ཞུ་དགོས།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 12 སྔོན།

    རིགས་ཀྱིས་བུ་་་་་་ཁྱེད་ཀྱི་སྦྱངའབྲས་དེ་སྨྱུག་ཁ་ནས་བསྐྱུགས་པ་ནོར་མི་འདུག
    ངོ་མ་ཤེས་ཡོན་པས་བྱེད་ཚུལ་རེད།

    Reply
  7. དབྱངས་བུ། says:
    ལོ་ 12 སྔོན།

    གནས་ཚུལ་མཁོ་འདོན་གནང་བ་དེ་ཡག་པོ་རེད་མོད། བྲོས་བྱོལ་ལ་ཕེབས་མཁན་
    དཔེ་དེབ་དང་འབྲེལ་བའི་མི་མང་པོ་ཞིག་བོད་ནང་ལུས་ཡོད་ངེས་པས། ཁོང་རྣམ་པའི་བདེ་འཇགས་ལ་གཟབ་དགོས་སྙམ།

    Reply
  8. karma dorje says:
    ལོ་ 12 སྔོན།

    མི་རིགས་ཅིག་གི་རྩོམ་པ་པོ་གཅིག་བྲོས་བྱོལ་དུ་ཐར་པ་ནི།
    མི་རིགས་དེ་ཡི་ཆབ་སྲིད་དྲག་གནོན་མྱུར་དུ་ཐར་རྒྱུའི་རྟགས་རེད།

    Reply
  9. ཁ་བའི་མེ་ཏོག། says:
    ལོ་ 12 སྔོན།

    ཨོ་སྙིང་རྗེ། འོན་ཀྱང་། ང་ཚོ་དངོས་ཡོད་གནས་ཚུལ་གང་ཡིན་ཡང་དྲངས་པོ་ཞུས་དགོས་པ་ལས་སྐྱགས་རྫོན་དང་སྒྲོ་འདོགས་རང་བྱེད་ན་ད་ལྟར་རྩམ་མ་ཟད་བོད་མིའི་སྙིང་སྟོབས་ཅན་དག་གི་བྱས་རྗེས་ཡོང་རྫོགས་རྐང་བརྗེ་ལག་སྲུབ་བྱེད་ཡར་གནད་འགལ་ཡོད།
    བོད་མི་ཡོངས་ཀྱི་བསམ་ཞིབ་བྱེད་རོགས་ཞུ།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 12 སྔོན།

    ཨ་ལ་ལ་ལ། གསར་འགོད་པ་འདི་ཚོ་ནམ་གུང་རེ་གུང་ལ་གཉིད་མི་ཉལ་བར་གནས་ཚུལ་འགོད་བཞིན་འདུག དངོས་གནས་ཐུགས་རྗེ་ཆེ་ཞུ། ཆུ་མིག་རྩོམ་པ་པོ་སྐྱབས་བཅོལ་དུ་འབྱོར་བར་ཡང་རྟེན་འབྲེལ་དང་འཚམས་འདྲི་ཞུས་པ་ཡིན། སྙན་དེབ་དེ་ང་ཚོ་ཀློག་མཁན་ཚོར་ཇི་ལྟར་རེག་གི་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist