མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཇེ་མང་དུ་གཏོང་རྒྱུ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ཚོགས་རྒྱུན་ཧྲིལ་བོར་དགོངས་པ་ཞུས་ཏེ། ཚོགས་བཅར་གནང་མེད་མཁན་གྱི་སྤྱི་འཐུས་ ༦ ཙམ་བྱུང་ཡོད་ལ། ཁོང་ཅག་ནི་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་དང་། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ། སྤྱི་འཐུས་དབུ་བཀར་ཚང་གཡུ་སྒྲོན། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་བསྟན་འཛིན་མཁས་གྲུབ་བཅས་རེད། དེ་བཞིན། ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ཡང་ཐོངས་ཆེན་ལག་འཁྱེར་གྱི་དཀའ་ངལ་ཞིག་གི་དབང་གིས་རྒྱ་གར་ལྡི་ལིར་འབྱོར་མ་ཐག་ཕྱིར་ཨ་རིར་ལོག་དགོས་བྱུང་སྟེ་ཐེངས་འདིའི་གྲོས་ཚོགས་སུ་བཅར་ཐུབ་མེད།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་ཡིན་ཞིང་། དུས་ནས་དུས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ལས་ཁུངས་ཁག་གི་སྒྲིག་གཞི་བསྐྱར་བཅོས་དང་སྣོན་བྲི་སྤོར་འཇོག་གི་མཛད་འགན་ཡོད་སྟབས། ཐེངས་འདིར་ཡང་སྔོན་རྩིས་ཀྱི་ཞོར་དུ་བཙན་བྱོལ་བོད་མིའི་བཅའ་སྒྲིག་གི་དོན་ཚན་མང་པོ་ཞིག་ལ་ལེགས་བཅོས་དང་གསར་སྣོན་གྱི་ལས་དོན་སྒྲུབ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༢ ཉིན་གྱི་གྲོས་ཚོགས་ལས་རིམ་ནང་། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱིས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་དང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ཀྱིས་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་བཅས་བཏོན་འདུག

 

གོང་གི་བཅའ་ཁྲིམས་བསྐྱར་བཅོས་དང་སྒྲིག་གཞི་བསྐྱར་བཅོས་འདི་གཉིས་ཀྱི་དམིགས་ཡུལ་གཙོ་བོ་སྤྱི་འཐུས་ཀྱི་གྲངས་འབོར་ཇེ་མང་ལ་གཏོང་རྒྱུ་དེ་ཡིན་ཞིང་། སྔར་༧གོང་ས་མཆོག་གི་ཐད་བསྐོས་སྤྱི་འཐུས་མེད་པ་ཡིན་ན། ཆོལ་ཁ་རེ་ལས་སྤྱི་འཐུས་བཅུ་རེ་དང་། ཆོས་རྒྱུད་རེ་ལ་སྤྱི་འཐུས་གཉིས་རེ། ཨ་རི་དང་ཁེ་ན་ཊ་ཁུལ་དུ་སྤྱི་འཐུས་གཅིག ཡུ་རོབ་ཁུལ་དུ་སྤྱི་འཐུས་གཉིས་བཅས་ཁྱོན་བསྡོམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲངས་འབོར་ ༤༣ ཡིན་ན་ཡང་། ཐེངས་འདིར་བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་བརྒྱུད་དེ། ཨ་རི་དང་ཁེ་ན་ཊ་ཁུལ་དུ་སྤྱི་འཐུས་གཉིས་དང་། རྒྱ་བལ་འབྲུག་གསུམ་དང་ཡུ་རོབ་ཁུལ། དེ་བཞིན་ཨ་རི་དང་ཁེ་ན་ཊ་སོགས་ཕུད་པའི་རྒྱལ་ཁབ་གཞན་དག་ནང་སྤྱི་འཐུས་གཅིག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲངས་འབོར་དེ་ ༤༥ ལ་སྤར་ཆ་གཏོང་རྒྱུ་དེ་ཡིན་ཡང་། ཕྱི་ཚེས་ ༡༢ ཉིན་གྲོས་ཚོགས་འཐུས་མི་རྣམ་པས་བགྲོ་གླེང་གོ་བསྡུར་མང་པོ་གནང་སྟེ། ད་སྔ་ཐག་གཅོད་བྱུང་མེད།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཆུ་ཚོད་ ༡༡ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 38

  1. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གྲྭ་རྒོད་ལ
    ཁྱེད་ཀྱིས་བཤད་པའི་གནས་ལུགས་འདི་སེམས་ནལ་དུ་གནས་པ་སུ་ཡིན་ཡང་མཁྱེན་ངེས་རེད
    འོན་ཀྱང་་་་གནས་ལུགས་འདི་འདྲ་ཞིག་གི་འོག་ནས་རང་ཉིད་ལ་ཡིད་ཐང་ཆད་དེ་འབྱུང་འགྱུར་གྱི་སྤྱི་འཐུས་བཀོད་ཐུབ་པ་ཙམ་གྱི་ཡིད་འཚུམས་དེ་བསྡོད་རྒྱུ་ཡིན་ནམ
    ཧམ་པ་རི་འདྲ་ཞིག་བསྐྱེད་ན་་་་་འབྲས་བུ་གཡག་འདྲ་ཞིག་ཐོབ་ཟེར་བ་གོ་ཨེ་ཡོད།

    Reply
  2. གྲྭ་རྒོད says:
    ལོ་ 15 སྔོན།

    ཁྱེད་ཅག་ལྟ་བའི་སྤྱི་མཐུས་རེ་བྱུང་བ་ཡིན་ན་ད་ལྟས་སྤྱི་ཚོགས་དང་མི་མཐུན་པའི་ཐབས་ཆག་གི་སྤྱི་ཚོགས་ཞིག་ཏུ་འགྱུར་བ་གདོན་མི་ཟ།ཁྱེད་རྣམས་ཀྱི་སེམས་ལ་གང་འདྲ་ཞིག་དྲན་གི་ཡོད་ན།སྤྱི་ཚོགས་བསྐྲུན་རྒྱུ་ནི་ལས་སླ་བོ་ཞིག་གཏན་མིན་པ་ཤེས་ཐུབ་བྱེད་རོགས།སྤྱི་ཚོགས་ནང་ལས་དོན་བྱེད་སྐབས་སུ་རང་ཉིད་ལ་ལྷག་བསམ་དང་སེམས་ཤུགས་ཇི་ལྟར་ཡོད་ཀྱང་རང་གི་བསམ་ཚུལ་ལྟར་འགྲོ་ཐུབ་དཀའ།

    Reply
  3. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་དང་ཅོ་རུ་ཉི་མ་སོགས་ཀྱི་སྤྱི་མཐུས་གསར་བསྐོས་རྣམས་ལ་ཚང་དགོས་པ་མང་པོ་ཞིག་གསུང་འདུག་མོད།འོན་ཀྱང་ང་ཚོའི་ཚོགས་སྡེའི་ནང་ཆ་རྐྱེན་དེ་དག་ཚང་བའི་སྤྱི་མཐུས་ཞིག་ཁག་པོ་རེད།གང་ཡིན་ཟེར་ན་བསྐོས་སྐབས་གཅིག་ནས་མི་མང་ལ་རྒྱས་མངའ་མེད་པ་དང་།གཉིས་ནས་ལྷག་བསམ་ནམ་དག་དྲང་བདེན་རང་བྱེད་མི་ཞིག་རྙེད་དཀའ།རང་གི་རང་ལ་དཔེ་བླང་ན་ཤེས་ཐུབ།སྤྱི་ཚོགས་ནང་ལས་དོན་བསྒྲུབ་མྱོང་མཁན་ཞིག་ཡིན་ན་ཕལ་ཆེར་ཤེས་ཡོད་པ་འདྲ།ཁ་སྟོང་ནང་གི་ཚིག་སྟོང་རེ་བཤད་ནས་ཕན་ཐོག་གང་ཡང་མེད།དེ་ལས་རང་གི་ཉམས་མྱོང་རེ་ལེན་ཐུབ་ལ་འབད་རོགས།

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    འབྱུང་འགྱུར་གྱིས་སྤྱི་འཐུས་ཚོར་ཚང་དགོས་པའི་མ་མཐའི་ཆ་རྐྱེན .༼ ༡ ་་་་་བོད་ཡིག་ཐོག་ནས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀློག་ཐུབ་པ་ཙམ་གྱི་མི་ཆོག བོད་ཡིག་ལ་རང་རྐྱ་འཕེལ་བ་ཞིག་དགོས
    ༼༢རྒྱ་ཡིག་དང་དབྱིན་ཡིག་གང་རུང་ལ་རང་རྐྱ་ཐུབ་པ
    ༼༣ཕྱོགས་ལྷོང་མེད་པའི་སྤྱི་སེམས་ཅན་ཡིན་པ
    ༼༤གཏམ་བཤད་སྐབས་གྲྭ་བའི་ཞལ་འདོན་སྐྱོར་བ་ལྟ་བུ་མིན་པ་མི་སེམས་འགུགས་པའི་གཏམ་གནད་ལ་ཁེལ་བ་བཤད་ཐུབ་པ་

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཅོ་རི་ལགས་
    དོ་ཚན་གཉིས་པ་ཚང་རྒྱུ་ཅུང་དཀའ་བར་འདུག
    ཁྱེད་ཀྱི་བསམ་ཚུལ་ལྟར་དོན་ཚན་དེ་དག་ཚང་བའི་སྤྱི་འཐུས་ཞིག་ཕར་ཆེར་དཀའ་རྒྱུ་རེད་ཡ
    དེ་དག་གི་ནང་ནས་དོན་ཚན་གཉིས་པ་ཆོས་ལུགས་སྤྱི་འཐུས་ཚོར་ཚང་དགོས་ཚོད་རེད་་་འོན་ཀྱང་་་་་་་་་་་་་་་་་་་་་་་་་མི་འདུག་ག

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཇིགས་བྲལ་ལགས།
    ཁྱེད་ཀྱིས་གསུངས་པར་ལྟར་ང་ཚོ་ལ་དགོས་པའི་སྤྱི་འཐུས་ནི། ཆ་རྐྱེན་ཁག
    1.བོད་ཡིག་ཐོག་ནས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀློག་ཐུབ་མཁན་ཞིག་དགོས།
    2.༧གོང་ས་མཆོག་གི་ཐེངས་བརྒྱ་ལས་མང་གསུངས་མྱོང་བའི་མཚན་ཉིད་རིག་པ་ཤེས་མཁན་ཞིག་དགོས།
    3.ཀློག་ཀླད་དང་དབྱིན་ཡིག་རང་སྐྱ་ཐུབ་མཁན་ཞིག་དགོས།
    4.ཕྱོགས་ཞེན་གྱི་རྗེས་སུ་མ་འགྲོ་བ་དངོས་ཡོད་གནས་ཚུལ་དང་དངོས་སྟོབས་རིག་པའི་རྗེས་འབྲངས་བྱེད་མཁན་ཞིག་དགོས།
    5.ལོ་ན་༦༥ལས་མ་བརྒལ་བའི་ཀླད་པ་གསར་པ་དང་སྤྱི་ཚོགས་གསར་འགྲོ་ལུགས་ཤེས་མཁན་ཞིག་དགོས།
    6.ལྐོག་ཟས་རུས་ཟུངས་ཀྱི་ཟ་ནག་ཡོད་པའི་མི་ཚང་ནང་གི་མི་ཞིག་མ་ཡིན་མཁན་ཞིག་དགོས།

    ཞེས་ཆ་རྐྱེན་འདི་ཙམ་མ་ཚང་ན་སྤྱི་འཐུས་མང་པོ་ག་ཚོད་ཡོད་ཀྱང་གླ་ཕོག་འགྲོ་རོགས་ལས་གཞུང་དམངས་གཉིས་ལ་ཕན་པ་དེ་ཙམ་མེད་སྙམ།

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སྤྱི་འཐུས་གསར་བསྐོའི་གནད་དོན་དེ་ཤོག་སྒྲིལ་གྱི་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་ལས་སྤྱི་དོན་ལ་ཕན་པ་དེ་ཙམ་མི་འདུག

    ཡིན་ནའང་དམིགས་ཡུལ་གང་ཡིན་ལ་མ་ལྟོས་པར་སྤྱི་འཐུས་གསར་པ་ཁག་ཅིག་སླེབས་ཡག་གི་ལས་དོན་འདི་གཏན་འཁེལ་གྱི་རེད། འདི་དོན་གོ་ཐུབ་དགོས་པ་རེད།

    སྤྱི་འཐུས་ནང་སྐད་ཆ་འཛེམས་ཟོན་མེད་པར་བཤད་ན་སྤྱི་ཚོགས་ནང་ནག་པོ་ཆགས་ཀྱི་ཡོད་རེད། དེ་ཡང་སྔ་དུས་བོད་ཀྱི་སྐུ་དྲག་ཚོས་གཅིག་གིས་གཅིག་ལ་བསྟོད་ར་བྱས་ཏེ་དུས་ཚོད་ཕུད་པས་དེ་རིང་གི་བོད་འདི་བྱུང་བ་རེད། ད་ལྟ་ཡང་སྤྱི་འཐུས་མང་པོ་ཞིག་གིས་སོ་སོའི་རྐུབ་སྟེགས་སྲ་བརྟན་གྱི་ཆེད་དུ་ངོ་སོ་སྲུང་ནས་སྡོད་པ་ལས་སྤྱི་དོན་ལ་སྐད་ཆ་འཛེམས་དོགས་མེད་པ་ཤོད་མཁན་ཡོད་མ་རེད། ཚད་ལྡན་གྱི་སྤྱི་མི་རེ་འགའ་ཡོད་པ་དེ་ཚོ་སྐབས་རྗེས་མ་སྤྱི་འཐུས་ཆགས་ཐུབ་ཀྱི་མ་རེད།

    Reply
  8. ཕྱོགས་གླང། says:
    ལོ་ 15 སྔོན།

    དཀོན་མཆོག་དོན་གྲུབ་ལགས་ཀྱིས་གསུངས་པ་ལྟར་དེང་དུས་ཀྱི་ཤེས་ཡོན་ལྡན་པ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད། དེ་མིན་གྲོས་ཚོགས་ནང་དམངས་གཙོའི་ལམ་ལུགས་ཐོག་ནས་མང་མོས་ཐག་གཅོད་བྱེད་ཀྱི་ཡོད་ཙང་མང་མོས་ཐག་གཅོད་བྱེད་མཁན་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་མི་སྣ་གང་མང་མ་བྱུང་ན་ཉེན་ཁ་ཆེན་པོ་མ་རེད་པས།། སྔོན་མ་དབྱིན་ཇིས་བོད་དེ་འཛམ་གླིང་ཕྱི་ལོག་ལ་སྒོ་མོ་ཕྱེ་རྒྱུའི་ཐབས་ཤེས་བྱེད་དུས་བསྟན་དགྲ་ཕྱི་གླིང་པ་ཞེས་ངོ་རྒོལ་བྱས་པར་བརྟེན་ང་ཚོའི་རང་བཙན་ཤོར་བའི་དོན་རྐྱེན་གཅིག་ཆགས་པ་མ་རེད་པས། དེ་ནི་དེང་དུས་ཀྱི་ཤེས་ཡོན་མེད་པའི་སྐྱོན་ཆ་ལས་བྱུང་བ་དེང་སང་ཚང་མས་མཁྱེན་གསལ་ཡིན་ན་ཡང་བསྐྱར་ནོར་འཁྲུལ་མི་བཟོ་བའི་རེ་བ་ཡོད། རང་ཉིད་ལ་ཆ་བཞག་ན་དེང་དུས་ཀྱི་ཤེས་ཡོན་དགོས་གལ་ཆེན་པོ་ཡིན་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་ལས་དེང་དུས་ཀྱི་ཤེས་ཡོན་གནས་ཚད་ཡོད་མཁན་ཞིག་མ་ཡིན། གསལ་པོ་མ་ཞུས་ན་གོ་ནོར་ཐེབས་ཡོང་།།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྒྱའི་རྡེའུ་དང་གྲྭ་རྒོད་གཉིས་ཀྱིས་གོང་གི་བརྗོད་གཞི་དང་འབྲེལ་བ་མེད་པའི་རྩོད་གཞི་ལྭོ་ཞེས་པའི་ཐ་སྙད་འདི་རྩོད་སར་ས་ཆ་གཞན་ཞིག་མི་འདུག་གམ།

    བརྗོད་གཞི་དང་འབྲེལ་བ་མེད་པའི་སྐད་ཆ་བཤད་དུས་གོང་འོག་མཆན་བུ་རྣམས་ཀྱི་དགག་ལེན་ལྟ་བདེ་པོ་མི་འདུག་ལགས་་་་ཐུགས་རྗེ་གཟིགས་་་་་་་དགོངས་འགལ་མེད་པར་མཁྱེན།།།།།།

    Reply
  10. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་ལ་ངས་ཁྱེད་ལ་རྩོད་པ་བྱེད་འདོད་མེད།་གང་ཡིན་ཞེ་ན་ངེལ་གཉིས་ཀྱི་རྩོད་གཞི་ནི་ལོ་ཞེས་པ་དེ་རེད།དེ་ལ་རྩོད་ནས་ཀྱང་ཕན་པ་མ་མཐོང་ལོ།།།།།

    Reply
  11. གྲྭ་རྒོད says:
    ལོ་ 15 སྔོན།

    སྤྱི་མཐུས་མང་ནས་རྒྱུ་མཚན་མ་མཐོང་།དེ་ལས་གང་ཡོད་དེ་དག་སྤུས་དག་པོ་ཞིག་ཡོང་བ་གལ་ཆེན་པོར་རེད།སྤྱི་ཚོགས་འགན་ལེན་ཐུབ་པ་དང་འབངས་མའི་ཡང་བློ་ཁེལ་ཐུབ་པ་ཞིག་ཡོང་ན་དེ་ལས་དགོས་པ་གང་།

    Reply
  12. བཀྲ་ཤིས་དོན་གྲུབ། says:
    ལོ་ 15 སྔོན།

    jdsadki

    Reply
  13. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཆོས་རྒྱུད་རེ་ལ་སྤྱི་འཐུས་གཉིས་རེ་དགོས་དོན་མི་འདུག གྲྭ་བའི་གྲངས་འབོར་གྱི་ཆ་ནས་བཤད་ནའང་དངོས་སུ་མང་སོང་གཟིག

    Reply
  14. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གྲྭ་རྒོད་
    ཁྱེད་ཀྱི་ལུངརིག་གིས་བསྒྲུབ་བྱེད་གཅིག་བཀོད་མ་ཐུབ་པ་མ་ཟད་གླང་དར་རང་ནས་གསལ་གསུངས་པ་ཡང་གསལ་ཁ་སྟོན་རྒྱུ་མེད་པས་་་་་་ངས་ཁྱེད་ཀྱི་སྙིང་རྗེའི་ཡུལ་བྱེད་དཀའ་བས་bye bye
    ཁྱོད་ཀྱི་ཉོན་་་་་་་ད་ངས་ཀྱང་ཁྲི་རལ་བ་ཅན་ནས་ད་བར་དུ་་ལོ་ལོ་ལོ་ཞེས་པ་བོད་སྐད་མ་རེད་ཟེར་རྒྱུ་ཡིན དེ་མ་ཡིན་པའི་རྒྱུ་མཚན་་་་་ལུང་རིག་ཅི་ཡང་མེད

    Reply
  15. བཀྲ་ཤིས། says:
    ལོ་ 15 སྔོན།

    སྤྱི་མཐུས་གྲངས་མང་བ་ལས་འཇོན་ཐང་ཅན་རེ་བྱུང་ན་ཡག་པོ་རེད།

    Reply
  16. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    སྤྱི་འཐུས་སྤུས་ཚད་ལོན་པ་ཞིག་སྤྱི་འཐུས་གྲས་སུ་ཐོན་ཐུབ་པ་བཟོ་ཡ་དེ་བོད་མི་མང་གི་ལག་ཏུ་ཡོད་རེད་ལ། སྤྱི་འཐུས་མི་འབོར་གྱིས་འདེངས་མིན་དང་། མ་འདངས་ན་གྲངས་འབོར་བསྣོན་དགོས་མིན་དེ་སྤྱི་འཐུས་རྣམ་པའི་ལག་ཏུ་ཡོད་། གང་ཡང་མ་མཁྱེན་ན་རྒྱང་གཟིགས་གནང་ཏེ་ཤེས་ནས་སྨྲོས། ཤེས་ན། སྤྱི་འཐུས་སུ་དང་སུ་འདྲ་ཞིག་ལ་འོས་བབ་འདུག་མིན་དེ། སྤྱི་འཐུས་སྤུས་ཚད་ཀྱིས་ཞེ་མ་འཚིམ་པ་རྣམས་ཀྱིས་གསར་འགྱུར་དྲ་རྒྱ་སོགས་སུ། ཕྱོགས་ཞེན་དང་། རང་དོན་གྱིས་མ་སླད་པར་མིང་འཐོ་འགོད་པ་ཙམ་མ་ཟད། ཉིད་ཀྱིས་སྤྱི་འཐུས་ཀྱི་སྤུས་ཚད་ཤེས་འཇོན་ལྡན་པ་གཟིགས་ན། དེ་དག་གི་རྒྱུ་མཚན་བཅས་བཀོད་ན། དོན་མེད་ཀྱི་འདི་འདྲ་དགོས་ས་འདུག་ཟེར་སྐད་ཅོར་རྒྱག་པ་ལས་ཀྱང་ཕན་ནུས་ཆེ།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མི་ཆུང་ལགས།

    གཞུང་དྲང་བའི་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་ལ་ཞེ་སྡང་ཚིག་གི་མདའ་མོ་འཕེན་པ་འདི་ནི་ཅི་ནས་མི་རུང་བ་ཞིག་རེད།

    མི་ཆུང་ཁྱེད་ཀྱིས་༧གོང་ས་མཆོག་གི་རང་བཙན་འདོད་ཀྱི་མེད་པ་དང་བོད་རྒྱ་ཁུངས་ཡིན་པར་འདོད་ཀྱི་ཡོད་པར་དེ་ལས་གསལ་བཤད་དགོས་དོན་མི་འདུག

    ༧གོང་ས་མཆོག་གི་རྩོམ་གནང་མཛད་པའི་བདེན་ཚིག་སྨོན་ལམ་ལ་སོགས་ལུང་དྲངས་ནས་གསུངས་བཤད་གནང་བ་ལས་བོད་མི་དམངས་དང་༧གོང་ས་མཆོག་གང་བྱུང་དྲུད་པ་ག་ལ་ཡིན།

    འོ་ན་བདེན་ཚོག་སྨོན་ལམ་ལ་སོགས་ལུང་དྲངས་ནས་རྒྱལ་བའི་དགོངས་པ་ཇི་བཞིན་ཤེས་མཁན་སྤྱི་འཐུས་ཚོས་འགྲིག་མེད་ན།

    ༧གོང་ས་མཆོག་གི་གསུང་རྩོམ་གོ་བ་ལེན་ཐུབ་ཀྱི་ཕར་ཞོགས་སོ་སོས་ཁུར་ཡོང་བའི་གྲོས་ཆོད་ཡིག་ཆ་ཡང་ཡག་ཀློག་མི་ཐུབ་མཁན་རྣམས་ཡག་པོ་འགྲིག་འདུག་གམ།
    མི་ཆུང་ཁྱེད་ཐུགས་རྗེ་གཟིགས།

    Reply
  18. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་ལ་དེ་ཙམ་གྱི་གཏན་ནས་བསྒྲུབ་པར་ག་ལ་ནུས།རིག་པའི་འགྲོ་སྟིང་མེད་པ་རང་རེད།སྙིང་རེ་རྗེ།

    Reply
  19. མི་ཆུང་། says:
    ལོ་ 15 སྔོན།

    ངའི་རྣ་བ་ལེབ་ལེབ་འདིས་གོ་ནོར་ཐེབས་མེད་ན། ཉེ་ཆར་རང་གྲོས་ཚོགས་ནང་༸གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་སྤྱི་འཐུས་རྣམ་པའི་བགྲོ་གླེང་སྐབས། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས།

    གོང་ས་མཆོག་གི་དགོངས་པ་མཐར་ཐུག་དེ། རང་བཙན་རང་དུ་ཕེབས་ཀྱི་ཡོད་པའི་སྒྲུབ་བྱེད། སྲུང་མའི་འཕྲིན་སྐུལ་ཁག་དང་། བདེན་ཚིག་སྨོན་ལམ། དེ་མིན་གྱི་གསོལ་འདེབས་ཁག ཁ་ཕོ་མཐོན་པོ་དང་། སྐད་ངག་ཡོད་ཚད་ཀྱིས་ལུང་དྲངས་ཏེ།

    བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ནང་འུར་གཏམ་ལུང་པ་གང་རྒྱག་གི་འདུག སྒྲུབ་བྱེད་འདི་ཚོ་ང་ཚོས་བཀོད་མི་དགོས། དེ་སྔོན་ནས་རྒྱ་གཞུང་གིས་ཁ་ཟིན་རྣ་ཟིན་བྱས་ཏེ། རྣམ་པ་འགྱུར་བ་དང། མངོན་པ་མི་གསལ་བའི་རང་བཙན་ཡིན་ཚུལ་གྱི་ལུང་། དེ་དང་དེ་འདྲ་བ་འདྲེན་གྱི་ཡོད།

    རང་ཉིད་རང་བཙན་གྱི་ལམ་དུ་འགྲོ་གི་ཡོད་ཀྱང་། བོད་མི་དམངས་དང་ལྷག་དོན་༸གོང་ས་མཆོག་གང་བྱུང་དུ་དྲུད་མི་ཉན། ༸གོང་ས་མཆོག་རྫུན་པར་གཏོང་མི་ཉན། ༸གོང་ས་མཆོག་རྒྱ་གཞུང་གི་ཁ་ནང་དུ་འཇུག་མི་ཉན།

    Reply
  20. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ད་ལྟོས་དང་ཆོས་ལུགས་སྤྱི་འཐུས་ཏན་ཏན་ཇེ་མང་དུ་གཏོང་གི་རེད།

    Reply
  21. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    སྤྱི་འཐུས་གཞན་གསུམ་ལ་ངོ་རྒོད་མེད། སྟན་མཁས་ནི་ནམ་རྒྱུན་དེ་ལྟར་རེད། འོས་འཕེན་མཁན་དེ་ཚོར་ཉོབ་པ་ལ། བསོད་སྟོབས་ནི་རྙོག་དྲའི་དགོས་མཁོ་བྱུང་ཚེ། དཔུང་མི་སྒྲིག་པ་ཚོས་འཕུ་བརྒྱབ་པ་ལྟར་ཕེབས་ངེས་ལས། གཞན་ལམ་གྲོན་གཞུང་ནས་བཏངས་ཀྱང་་ཡོང་མི་སྲིད་དོ།། ཐུབ་འཕེལ་ནི་འདས་ལོར་གྲོས་ཚོགས་རྩིས་མེད་བཏངས་ནས་ཕྱིན་པ་རེད། ད་དུང་མུ་མཐུད་ནས་གྲོས་ཚོགས་འཚོག་མི་ཐུབ་པ་བཟོ་རྒྱུའི་མདུན་པ་ཡོད་པ་ཡིན་རྒྱུ་རེད་དོ།།

    Reply
  22. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    སྤྱི་འཐུས་མ་ཕེབས་པའི་གྲས་ནས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་མ་ཕེབས་པ་དངོས་ཉིད་ཡག་པོ་བྱུང་མི་འདུག་གང་ཡིན་ཞེ་ན་དེང་སང་མི་མང་ཆེ་བས་ཆོས་བརྒྱུད་སྤྱི་
    འཐུས་མི་དགོས་བཤད་བཞིན་པའི་སྐབས་ཡིན་སྟབས་ཆོས་བརྒྱུད་སྤྱི་འཐུས་ཀྱི་མི་
    དམངས་ལ་ཕན་མི་ཐོག་སྒྲུབ་བྱེད་དུ་བཀོད་སྲིད།

    Reply
  23. konchok dhondup says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས་ཀྱིས་གསུང་པ་བཞིན། བོད་མི་དམངས་སྤྱི་འཐུས་ལ་བོད་ཡིག་དང་། བོད་ཀྱི་བཅའ་ཁྲིམས་ཀློག་ཤེས་པ་ཙམ་གྱི་ཡང་མི་འགྲིག་པ་དེང་དུས་ཀྱི་སྐད་ཡིག་དང་། མཐའ་ན་གློག་ཀླད་ཡིན་ནའང་བེད་སྤྱོད་བཏང་ཤེས་མཁན་ཞིག་དགོས་ཀྱི་འདུག་མ་གཏོགས། དེ་དག་མ་ཤེས་ན་ངེད་ཅག་བོད་དཀྱུས་མ་ཚོ་ཡང་ངོ་ཚ་དགོས་ཡ་ཆགས་ཀྱིན་འདུག་ཨ། མ་ཚད་ཕྱིར་སྐྱོད་སྐབས་གནམ་གྲུ་དང་། མེ་འཁོར་གྱི་ལག་ཁྱེར་ཉོ་བ་ཚུན་ཆད་མི་ལ་མ་ལྟོས་པ་རང་མགོ་མ་ཐོན་ན། བོད་སྤྱི་པའི་ལས་དོན་དང་གང་འདྲ་ཞིག་ཆགས་ཡོང་བསམ་པའི་བློ་ཚབ་ཡོང་འདུག དེ་ཚོ་ངའི་བསམ་ཚུལ་ཙམ་ཞུས་པ་ཡིན། རྗེས་སུ་ཀུན་གྱིས་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད།

    Reply
  24. སྙིང་རྩིད་ཅན། says:
    ལོ་ 15 སྔོན།

    སྤྱི་འཐུས་ལོས་དགོས་སྤྱི་དོན་སྒྲུབ་དུས་དཔོན་དང་མི་སེར་ཟེར་ས་དགོས། །
    སྤྱི་འཐུས་མང་ཉུང་གལ་ཆེན་མ་རེད་སྤྱི་འཐུས་ཡིན་ན་ལས་རྒྱུ་དགོས། །
    སྤྱི་འཐུས་སྤྱི་ཚོགས་རིང་ལུགས་དང་ནི་མ་རྩ་རིང་ལུགས་གང་ཡིན་དཔྱོད། །
    སྤྱི་འཐུས་མེད་དུས་གྲོས་ཚོགས་མེད་ཅིང་དེ་མེད་དུས་ན་བོད་གཞུང་མེད། །

    Reply
  25. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྤྱི་འཐུས་མང་དུ་གཏང་བ་ལས་ཡོད་པ་དེ་སྤུས་དག་པོ་དང་མི་མང་གི་སྐྱིད་སྡུག་གཟིགས་མཁན་དགོས་པ་ལས་མང་པོ་ཞིག་ལ་ཕྱོགས་ཞེན་དང་སྒེར་ནད་སྟོན་མཁན་ཤ་སྟག་བྱུང་ན་ཕན་ཐོག་ག་ལ་ཡོད།
    དེ་ཡོང་ཡག་ལ་མི་མང་གི་ལག་ཏུ་ཡོད་པ་རེད།སྐབས་བཅུ་བཞི་པའི་འོས་བསྡུ་ལ་མི་མང་གི་ཐུགས་བསམ་ལེགས་པོ་བཞེང་ནས་འོས་འཕེན་བྱ་དགོས་པ་རེད་མ་གཏོག།རྟ་རྒྱུག་ཐལ་ལ་ཡལ་ཚར་དུས་འགྲམ་ཤ་འཐེན་ན་ཕན་ཐོག་ཅི་ལ་ཡོད།
    ད་དུང་ཞུ་རྒྱུ་ཞིག་ལ་དྲ་རོགས་དགུ་ཚིགས་སྐྱ་མོ་དང་འཇང་གཡུ་ལྷ་ཐོགས་འགྱུར་གཉིས་ཀྱིས་སྐུ་གྲགས་ལྟ་བ་དང་བཀའི་བཀོད་རྒྱུན་འཛིན་ལམ་ལུགས་གསོན་པོ་གང་སྐྱིད་དུ་ཡོད་གསུངས་འདུག།དེ་ལ་ང་རང་ཚོས་མི་མང་གི་མ་འགྲིགས་རེད།མི་དེ་རྣམས་ཀྱིས་དེ་ལྟར་ཡིན་པ་ཤེས་བཞིན་དུ་སོ་སོའི་མགོ་ལ་བཞག་དགོས་པའི་རྒྱུ་མཚན་ིཅི་ཡོད་དམ།

    Reply
  26. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བོད་ཡིག་ཀློག་ཤེས་མཀན་དང་བོད་སྐད་བཤད་ཤེས་མཁན་རེ་ངེས་པར་དུ་ཡིན་དགོས་འདུག ཡང་གཅིག་བཤད་ན་སྤྱི་འཐུས་གྲངས་འབོར་ཇེ་མང་དུ་གཏོང་བ་ནི་ཁ་རྩོད་རྒྱག་མཁན་ཇེ་མང་དུ་བཏང་བ་རང་ཡིན་རྒྱུ་རེད། བོད་དོན་ནི་བཙན་བྱོལ་ནང་གི་གཞིས་ཆགས་ཁག་གི་གནད་དོན་ཁོ་ན་མ་རེད། ད་དུང་སྤྱི་འཐུས་ཚོར་ཚོགས་འདུ་མ་ཚོགས་གོང་ནས་གྲ་སྒྲིག་ཅི་ཡང་མེད་པར། ཚོགས་རྭར་ཡོང་རྗེས་གཅིག་གཅིག་གི་བསམ་ཚུལ་ལ་ཁ་གཏད་གཅོད་རེས་ཀྱིས་ཚོགས་དུས་འདའ་བའི་སྣང་བ་ཞིག་ངང་གིས་སྟེར་གི ད་དུང་སྤྱི་རྙིང་འགའ་ཕྱིར་སྤོས་གཏོང་དགོས་ཀྱི་བསམ་གི དཔེར་ན་ང་མདོ་སྨད་ཀྱི་མི་ཞིག་ཡིན་པས་ཆ་ནས། མདོ་སྨད་སྤྱི་ནང་ན་ཕྱིར་སྤོས་གཏོང་དགོས་རྒྱུ་རེ་ཟུང་འདུག་སྙམ་ཡོད། ཡང་སྤྱི་འཐུས་འདེམས་པའ་སྐབས་སུ་ཆོལ་ཁུངས་ཀྱི་མིས་འདེབས་དགོས་པ་རེད་པས། བདམས་ཟིན་པའི་སྤྱི་འཐུས་དེ་བོད་རྒྱལ་ཁབ་ཀྱི་འཐུས་མི་ཡིན་པའི་ཆ་ནས། ཆོལ་ཁུངས་གཞན་གྱི་སྤྱི་འཐུས་སུ་ཞིག་འོས་མིན་དང་དེ་ཚོ་ལ་བསམ་ཚུལ་གང་ཡོད་ནའང་གླེང་ཆོག་གི་སྙམ། དེ་བས་ཆོལ་ཁུངས་གཞན་གྱི་སྤྱི་འཐུས་ནང་ནའང་འཐེན་ཁྱེར་ལ་དགའ་བ་དང་རྩོད་པ་ཁོ་ནར་མྱོས་པ་རེ་ཟུང་འདུག་པར་སྙམ། དེས་ན་བོད་མི་སུ་ཞིག་ཡིན་ཀྱང་བོད་མི་དམངས་ཀྱི་སྤྱི་འཐུས་སུའི་སྐོར་ལའང་བསམ་ཚུལ་གང་ཡོད་བཤད་ཆོག་པའི་ཐོབ་ཐང་ཡོད་སྙམ།

    Reply
  27. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཅོ་རི་ཉི་མས་བཤད་པ་བཞིན་བོད་ཡིག་ཀློག་མི་ཤེས་མཁན་གྱི་སྤྱི་འཐུས་འགའ་གསར་དུ་སླེབས་རྒྱུ་ཡིན་པ་ཐག་ཆོད་པ་རེད།

    ད་དུང་སྤྱི་འཐུས་གསར་བསྐོའི་གནད་དོན་དེ་ཤོག་སྒྲིལ་གྱི་ལས་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་ལས་སྤྱི་དོན་ལ་ཕན་པ་དེ་ཙམ་མི་འདུག

    ཡིན་ནའང་དམིགས་ཡུལ་གང་ཡིན་ལ་མ་ལྟོས་པར་སྤྱི་འཐུས་གསར་པ་ཁག་ཅིག་སླེབས་ཡག་གི་ལས་དོན་འདི་གཏན་འཁེལ་གྱི་རེད། འདི་དོན་གོ་ཐུབ་དགོས་པ་རེད།

    Reply
  28. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    གྲྭ་རྒོད་ལགས
    ལོ་ཞེས་པ་དང་ལགས་འོ་ཞེས་པ་གཉིས་གཅིག་མ་ཡིན་པ་ཤེས་སོང་ངམ

    Reply
  29. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    འོས་ལངས་ལགས་ཀྱི་གསུང་བ་བདེན་པ་རེད། བོད་མི་མང་སྤྱི་མཐུམ་རྣམ་པ་ཚོའི་ལྷག་བསམ་དང་སེམས་ཤུག་ལ་ཁ་སྣོན་བྱེད་རྒྱུ་ལས་སྤྱི་མཐུས་ཀྱི་གྲངས་ཀ་མང་དུ་སོང་པ་དགེ་མཚན་ཆེར་མ་མཐོང་ངོ་།
    གཞན་སྤྱི་མཐུས་དྲུག་ལ་ཅི་བྱུང་བ་རེད།
    བོད་མི་སྤྱི་བའི་ལས་དོན་ཞིག་གི་ཆེད་ཡིན་ན་ཐུགས་ཁག་མི་འདུག
    དེ་མ་གཏོགས་དགོས་བ་ཞུས་ན་ཡག་ཤོས་རེད་་་་་ཚོགས་འདུ་ཙམ་ལ་ཕེབས་མ་ཐུབ་ན་སྤྱི་བའི་ལས་དོན་ལ་གཞོར་བ་ཉིན་མོའི་སྐར་མ་རེད་

    Reply
  30. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    འོས་ལངས། གིས་གསུངས་པ་འདི་ལ་ %100 རྗེས་སུ་ཡིད་རིང་ཡོད།

    Reply
  31. འོས་ལངས། says:
    ལོ་ 15 སྔོན།

    སྤྱི་འཐུས་མང་དུ་གཏོང་རྒྱུ་ལས་སྤྱི་འཐུས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་རྒྱུ་གལ་གནད་ཆེ་བར་མཐོང་། སྤྱི་འཐུས་ཀྱི་སྤུས་ཀ་ཡག་པོ་མེད་ན་སྤྱི་འཐུས་ཀྱི་གྲངས་ཀ་ཇི་ཙམ་སྤར་ཡང་སྔར་ལྟར་གལ་ཆུང་དོན་ཆེན་དུ་འཇིན་པ་དང་། ནང་ཁུལ་ལ་རྩོད་རྙོག་སློང་གཞི་སོགས་བྱེད་རྒྱུ་ལས་ཅི་ཡང་མི་ཡོང་། སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ཚོགས་རྒྱུན་ཧྲིལ་པོར་ཚོགས་བཅར་བྱས་མེད་པའི་སྤྱི་འཐུས་དྲུག་པོ་དེར་ཅི་ཞིག་བྱུང་བ་ཡིན་ནམ། རང་དོན་ལ་ཐུག་དུས་བོད་མི་མང་གི་རེ་བཅོལ་རྣམས་ཅི་དགར་གཡུགས་རྐྱང་བྱེད་ཐུབ་པ་འདིས་ཀྱང་སྤྱི་འཐུས་ཀྱི་སྤུས་ཀ་ཞིག་བསྟན་ཡོང་གི་འདུག་ག

    Reply
  32. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    གངས་སྐྱིད་ཀྱི་དཔོན་རིགས་ཚོ་ལ་འབྲེལ་བ་ཆེར་མེད་ཀྱང་། བཀའི་བཀོད་བརྒྱུད་འཛིན་གྱི་ལམ་ལུགས་དང་སྐུ་དྲགས་ཀྱི་ལྟ་བ་ད་དུང་ཡང་བཅོས་བརྒྱུར་བྱེད་ཐུབ་མེད་པའི་ཟོལ་ལྟ་ཞིག་འདུག །

    Reply
  33. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    སྤྱི་མཐུས་ཇི་ལྟར་མང་ན་ཡང་བོད་མི་རིགས་གི་བདེ་སྡུག་གླེང་མཁན་ཉུང་ཉུང་རེད ད་དུང་ང་ཚོའི་བསྐད་བཀོད་བརྒྱུད་འཛིན་གི་ལམ་ལུགས་སྐུ་གསོན་པོ་གངས་ཅན་སྐྱིད་ཤོང་ན་བཞུགས་ཡོད་ཙང་

    Reply
  34. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    འོ་ཡ་་་་་ད་ཡིན་ན་རན་སོང་བ་རེད་་་་ཉུང་ཉུང་ཞིག་ཁ་མ་འཆམ་ན་མང་པོ་ཞིག་ཇི་ལྟར་འཆམ་་་རྙོག་དྲའི་འགོ་བཟུང་བ་རེད་་་་་

    Reply
  35. ཕྱོགས་གླང། says:
    ལོ་ 15 སྔོན།

    སྤྱིར་བཏང་དམངས་གཙོའི་རྒྱལ་ཁབ་ནང་སྲིད་དོན་ཚོགས་པ་སོ་སོའི་སྲིད་བྱུས་ལ་བལྟས་ནས་འོས་ཤོག་འཕེན་པ་ལས་སྤྱི་འཐུས་འོས་མི་བྱེ་བྲག་པའི་ཤེས་འཇོན་ལ་བལྟས་ནས་འོས་ཤོག་འཕེན་མཁན་ཞེ་དྲགས་ཉུང་ཉུང་རེད་འདུག། འོན་ཀྱང་ང་ཚོ་སྤྱི་འཐུས་འོས་མི་བྱེ་བྲག་པར་འོས་ཤོག་འཕེན་དགོས་ཀྱི་ཡོད་ཙང་སྤྱི་འཐུས་ཚད་ལྡན་ཞིག་ཡོང་ཐབས་ལ་སྤྱི་འཐུས་འོས་མིའི་ཆ་རྐྱེན་ནང་ཤེས་ཡོན་གནས་ཚད་ཀྱི་ཆ་རྐྱེན་འཐོལ་པ་ཞིག་བྱུང་ན་ཡག་པོ་མེད་དམ། ཡང་དམངས་གཙོའི་ལམ་ལུགས་དང་མཐུན་མིན་སོགས་ཀྱི་བསམ་ཚུལ་འདྲ་མིན་ཤོད་མཁན་ཡོང་སྲིད་ཀྱང་རྩ་བ་ང་ཚོ་བཙན་བྱོལ་བའི་གནས་སྟངས་ལ་བརྟེན་ནས་དམངས་གཙོའི་ལམ་ལུགས་ཆ་ཚང་བ་ཞིག་ལག་ལེན་བསྟར་ཐུབ་ཀྱི་མེད་པས་མ་འགྲིགས་པ་ཨེ་ཡོད། འོན་ཀྱང་རང་ཉིད་དམངས་གཙོའི་ལམ་ལུགས་ཐོག་དམིགས་བསལ་སྦྱངས་པ་ཡོད་མཁན་ཞིག་མིན་ཙང་བསམ་ཚུལ་ནོར་འཕྲུལ་འདུག་ན་དགོངས་འགལ་མེད་པ་ཞུ།།

    Reply
  36. མིག་དམར་ཚེ་རིང་ says:
    ལོ་ 15 སྔོན།

    སྤྱི་མཐུས་ལྷན་ཚོགས་སྐབས་དགུ་པ་ཚོགས་ཐུབ་པར་བཀྲིས་བདེ་ལེགས་ཞུ། བོད་མི་དམངས་རྒྱབ་ཏུ་འབོར་ཏེ་རང་དོན་རང་གཅེས་མཁན་གྱི་སྤྱི་མཐུས་དྲུག་པོར་ངོ་རྒོལ་དང་བློ་ཕམ་ཡོད། སྤྱི་མཐུས་མང་དུ་གཏོང་དགོས་ངེས་ཡིན་ལ་མང་དུ་གཏང་བ་ཙམ་མ་ཡིན་པར་ཡག་པོ་ཞིག་དགོས་ད་ལྟའི་ཆར་སྤྱི་མཐུས་ཁྲོད་རང་མིན་འབྲི་ཀློག་ཤེས་ཙམ་ལས་གང་ཡང་མི་ཤེས་ཡང་ཡོད་པས་དེ་རྣམས་སོག་སྒར་སློབ་གྲྭར་གཏོང་དགོས།

    Reply
  37. འོད། says:
    ལོ་ 15 སྔོན།

    བོད་རྒྱ་ཆེའི་མི་དམངས་ཀྱིས་རེ་བཞག་ཅིག་གིས་སྤྱི་འཐུས་རྣམ་པར་འཐུས་མིའི་ལས་འགན་ཞིག་སྤྲད་ཡོད་པ་རེད། དེ་བཞིན་བོད་མི་མང་གི་ཉིན་རེའི་འཚོ་བ་ཚུན་གྱི་བདེ་སྡུག་ཐད་དཀའ་ལས་རྒྱག་དགོས་པ་སྤྱི་འཐུས་རྣམ་པའི་ལས་འགན་རེད། ད་ཐེངས་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ཚོགས་རྒྱུན་ཧྲིལ་བོར་དགོངས་པ་ཞུ་མཁན་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་དང་། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ། སྤྱི་འཐུས་དབུ་བཀར་ཚང་གཡུ་སྒྲོན། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་བསྟན་འཛིན་མཁས་གྲུབ་བཅས་ལ་ངོ་རྒོལ་དང་ཡོད།

    Reply
  38. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤྱི་འཐུས་མང་དུ་གཏོང་རྒྱུ་ཡིན་ན་ཡང་ཡག་པོ་རེད། ཡིན་ཡང་བཙན་བྱོལ་བོད་མི་བཅའ་ཁྲིམས་བཟོ་མཁན་སྤྱི་འཐུས་གྲོས་ཚོགས་ནང་དུ་བཅའ་ཁྲིམས་ཀློག་ཡང་མི་ཤེས་པའི་སྤྱི་འཐུས་མང་དུ་སོང་ན་མི་ལེགས་སྙམ།

    གཙོ་སྤྱི་འཐུས་ཞིག་ཡིན་དུས་བཅའ་ཁྲིམས་བཟོ་མ་ཤེས་ཡང་ངེས་པ་དུ་ཀློག་ཤེས་པ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese