མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་གིས་འགན་ལེན་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཁྲི་དང་སྤྱི་འཐུས་གང་ཡིན་རུང་ས་གནས་ཁག་དང་མི་མང་ལ་གཏམ་གཤད་སྤེལ་བ་དང་རང་ཉིད་ཀྱི་ལས་དོན་ཅི་བསྒྲུབ་སོགས་ཕན་ཚུན་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བ་ཡིན་ན། ང་ཚོས་མི་དེའི་འཇོན་ཐང་དང་ལྗིད་ཁོག་གང་འདྲ་ཡིན་མིན་གསལ་བོ་ཤེས་འོང་གི་རེད་ཅེས་ཀིརྟི་རིན་པོ་ཆེ་མཆོག་གིས་གསུངས་ཡོད།

ཁ་སང་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་བོད་ལྗོངས་མདོ་སྨད་ཆོལ་ཁའི་སྐབས་བཅུ་བཞི་བའི་དམིགས་བསལ་ཚོགས་ཆེན་དེ་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཙོས། མདོ་སྨད་སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར། ངྷ་ས་ས་གནས་མགོ་འཛིན་དང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་རྒྱུན་དང་ཟུར་ཉན་པ་བཅས་འདུ་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་ཁ་བཏགས་བསྟར་འབུལ་དང་མར་མེ་ཞལ་འབྱེད་གནང་རྗེས་ཚོགས་འདུ་དངོས་སུ་དབུ་འབྱེད་གནང་ཡོད། ཚོགས་འདུའི་ཐོག་མར་མདོ་སྨད་དབུས་རྒྱུན་ཚོགས་གཙོ་ཡེ་ཤེས་སྒྲོལ་མ་ལགས་ཀྱིས་གཏམ་བཤད་གནང་དོན། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་འདི་ནི་སྐབས་སྔོན་མའི་གྲོས་ཆོད་དོན་ཚན་གསུམ་པའི་ནང་གསེས་གཉིས་པའི་ནང་དོན་ལྟར། མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་སྔོན་འགྲོའི་འོས་གཞི་ཚད་ལྡན་ཡོང་ཐབས་སུ་སྐོང་འཚོགས་གནང་བ་ཞིག་ཡིན་ལ། འདི་ལོ་ནི་བོད་མི་ཡོད་དོ་ཅོག་གིས་ ༢༠༡༡ ལོའི་བཀའ་ཁྲི་མི་གང་འདྲ་ཞིག་འདེམས་མིན་ཐད་དོ་སྣང་དང་ཞིབ་འཇུག གྲ་སྒྲིག་བཅས་བྱ་དགོས་པའི་དུས་ཚོད་ཅིག་ཆགས་ཡོད་སྟབས། ང་ཚོས་༧གོང་ས་མཆོག་གི་དགུང་གྲངས་དང་ཉག་ཕྲ་བའི་ཆབ་སྲིད་ཀྱི་གནས་བབ། རྒྱ་མིའི་རྒྱལ་སྤྱིའི་ནང་གི་གནས་སྟངས་སོགས་ཕྱོགས་ཡོངས་ལ་གཞིགས་ཏེ་༧གོང་ས་མཆོག་གི་དགོངས་གཞི་རྟོགས་ཐུབ་མཁན་དང་ལམ་དབུ་མའི་སྲིད་བྱུས་ཐོག་ཤར་བསྐྱོད་བྱ་ཐུབ་མཁན། བོད་མི་རིགས་དང་རྒྱལ་ཁབ་ལ་ལྷག་བསམ་དང་ཤ་ཚ་ཡོད་པའི་མི་ཞིག་འདེམས་ཐུབ་པར་བྱ་དགོས་པ་རེད། དེ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འོས་འགན་ཡང་རེད་བསམ། དེ་བས་ང་ཚོས་ཐེངས་འདིའི་ཚོགས་ཐོག་ཏུ་བཅར་བའི་ས་རྒྱུན་ཚང་མར་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་ཐད་དོ་སྣང་དང་གྲ་སྒྲིག་གནང་དགོས་པའི་རེ་བ་དང་འབོད་སྐུལ་བྱ་ཆེད་དམིགས་བསལ་ཚོགས་ཆེན་སྐོང་འཚོགས་གནང་བ་ཡིན་ལ། དེ་དང་ཆབས་ཅིག་འགན་འཛིན་ལྷན་ཚོགས་ཤིག་ཀྱང་སྐོང་འཚོགས་གནང་སྟེ་མ་འོངས་བའི་བཀའ་ཁྲི་དང་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་ཐད་བགྲོ་གླེང་གོ་བསྡུར་གནང་འཆར་ཡོད་ཅེས་བརྗོད་བྱུང་།

དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཁྲི་དང་སྤྱི་འཐུས་འོས་གཞི་གང་ཡིན་ཡང། ཐོག་མར་རང་ཉིད་ཀྱི་བསམ་ཚུལ་དང་རེ་བ། མངོན་འདོད་གང་ཡིན་པ་དེ་གང་ཟག་དེས་བསྒྲུབ་ཐུབ་མིན་ལ་ལྟ་དགོས་སྟབས། ཐོག་མའི་ཆ་རྐྱེན་རང་ཉིད་ཀྱི་ལངས་ཕྱོགས་གསལ་བོ་ཆགས་དགོས་པ་རེད། རང་ཉིད་གསལ་བོ་མེད་པ་ཡིན་ན་འོས་སུ་ལ་ལྡུག་མིན་ཡང་གསལ་བོ་ཆགས་མི་ཐུབ་སྟབས། རང་ལ་མི་གང་འདྲ་ཞིག་དགོས་མིན་དང་༧གོང་ས་མཆོག་གི་དགོངས་གཞི་བསྒྲུབ་ཐུབ་མཁན་གཙོ་བོར་འཇོག་དགོས་པ་རེད་བསམ། དེ་བཞིན། ཆབ་སྲིད་ཀྱི་གནད་དོན་ཐོག་ནས་ཀྱང་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་ཉེ་བོ་ཡོད་མཁན་ཞིག་དང་བཀའ་གསལ་བོ་རྟོགས་ཤིང་བསྒྲུབ་ཐུབ་མཁན་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། བཀའ་ཁྲི་ནི་རྒྱལ་བ་རིན་པོ་ཆེའི་འོག་གི་ཆབ་སྲིད་ཀྱི་འགན་བཞེས་མཁན་གཙོ་བོ་དེ་ཡིན་ཞིང་། དུས་རྒྱུན་དུ་ཁོང་དང་མཉམ་དུ་འབྲེལ་བ་ཟབ་མོ་ཞིག་ཡོད་པའི་དབང་གིས། ཁོང་ལ་བསམ་ཚུལ་གང་ཡོད་པ་དེ་རྒྱལ་བ་རིན་པོ་ཆེར་ཡར་ཞུ་བྱ་ཐུབ་དགོས་པ་རེད། དེ་ལྟར་ཞུ་མ་ཐུབ་པ་ཡིན་ན་འགྲིག་གི་ཡོད་པ་མ་རེད། སྤྱི་ཡོངས་ཀྱི་ཆབ་སྲིད་ཀྱི་འགན་དེ་རྒྱལ་བ་རིན་པོ་ཆེས་བཞེས་ཀྱིན་ཡོད་སྟབས། སྤྱི་ཚོགས་ནང་མི་གང་འདྲ་ཞིག་ཡོད་པ་ཡིན་ནའང་རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་བོད་ཀྱི་གནད་དོན་མཁྱེན་མཁན་ཞིག་མེད་པ་གསལ་བོ་གསལ་རྐྱང་རེད། དེ་བས་ང་རང་གིས་བསམ་ན་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་གཙོ་བོ་འཛིན་རྒྱུ་གལ་ཆེན་པོ་རེད་བསམ། རྒྱུ་མཚན་དང་ལངས་ཕྱོགས་མེད་པར་ཚོར་བ་གཅིག་པུའི་སྟེང་ཕྱིན་པ་ཡིན་ན་རྒྱུ་མཚན་གང་ཡང་ཡོད་པ་མ་རེད། བཀའ་བློན་ཁྲི་པ་དེ་ཕོ་མོ་དང་སྐྱ་སེར་། ཆོལ་ཁ་ཆོས་ལུགས་སོགས་ཅི་ཡིན་ཡང་ཁྱད་པར་མེད་པར་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལྟར་སྒྲུབ་ཐུབ་པ་ཡིན་ན་འགྲིག་པ་རེད། རྩིས་རྒྱག་མ་ཐུབ་པར་སེམས་ཀྱི་ཚོར་བ་ཤུགས་ཆེ་དྲག་སྟེ་ང་ཚོ་མདོ་སྨད་ཡིན་ཅེས་མདོ་སྨད་པ་ཞིག་ལ་འོས་བླུག་པ་ཡིན་ན་ང་ཚོ་ནོར་གྱིན་ཡོད་པ་རེད། དེ་བཞིན་སྤྱི་འཐུས་ལ་མཚོན་ནའང་ཧ་ཅང་གལ་ཆེན་ཡིན་སྟབས། སྤྱི་འཐུས་ཚད་དང་ལྡན་པ་ཞིག་ཡོང་ཐབས་ཀྱང་ང་ཚོས་ནམ་རྒྱུན་ནས་དོ་སྣང་དང་སོ་སོའི་མངོན་འདོད་དང་མཐུན་པའི་སྤྱི་འཐུས་འོས་གཞི་སླེབས་པའི་ཐོག་ལའང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
 
མཐའ་མར་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། བཀའ་ཁྲིའི་སྐོར་ལ་སྤྱི་སྒེར་ཕྱོགས་ཡོངས་ཀྱིས་ཚོགས་འདུ་ཐེངས་མང་འཚོགས་ཡོད་སྟབས། བཀའ་བློན་ཁྲི་པ་ག་རེ་ཡིན་མིན་ཐད་མང་ཚོགས་ནང་མ་རྟོགས་པ་ཕལ་ཆེར་མེད་པ་ལྟ་བུ་ཆགས་ཡོད་པ་རེད། ང་ཚོར་གཙོ་བོ་ཅི་ཞིག་ལྷག་ཡོད་པ་རེད་ཅེ་ན། བཀའ་ཁྲིར་སུ་འགྲོ་དགོས་པ་དང་སུ་ཡོད་མེད་བཙལ་དགོས་པ་དེ་རེད། ཡིན་ནའང་། བཙལ་བའི་དུས་སུ་ཧ་ཅང་དཀོན་པོ་ཆགས་ཏེ་ལྷག་བསྡད་ཡོད་པ་རེད། འདི་ལྟར་ཆགས་པའི་རྒྱུ་མཚན་མི་མང་གིས་འགན་ལེན་སྟངས་ཀྱི་ཐོག་ནས་མ་འཁྱོངས་པ་རེད་བསམ། གང་ཡིན་ཞེ་ན། མི་ཆེན་པོ་ཞིག་གི་འོག་ནས་གསོ་སྐྱོང་བྱས་ཏེ་ཡར་ཐོན་ཡོང་དགོས་པ་ཡིན་དུས། ང་ཚོ་མང་ཚོགས་ཀྱི་ངོས་ནས་བསྒྲུབ་ཐུབ་ཡོད་པ་མ་རེད། དཔེ་དང་པོ། ད་ལྟ་སྤྱི་འཐུས་འོས་བསྡུ་ལངས་རྒྱུ་དེ་རེད། སྤྱིར་ཡིན་ན་བོད་མིའི་ཁྲོད་ཀྱི་མི་ཡག་ཤོས་དེ་ཚོ་སྤྱི་འཐུས་དང་ཚོགས་པ་ཁག་གི་ནང་སླེབས་ཐུབ་དགོས་ཀྱིན་ཡོད་པ་རེད། ཡིན་ནའང་། དེ་ལྟར་བྱུང་ཡོད་པ་མ་རེད། གལ་སྲིད་དེ་ལྟར་གནང་ཡོད་ན། ང་ཚོས་མི་ནུས་པ་ཅན་མང་པོ་ཞིག་ངོ་ཤེས་ཡོད་པ་རེད།  མི་སྟོང་ཕྲག་བརྒྱ་དང་ལྔ་བཅུ་ཙམ་གྱི་ནང་དུ་ཤེས་འཇོན་ཅན་མི་གཅིག་གཉིས་ཤིག་མ་གཏོགས་གྲངས་ཀ་རྒྱག་རྒྱུ་མེད་པའི་གནས་སྟངས་འདི་ཆགས་ཀྱི་མ་རེད་བསམ། ཡིན་ནའང་།  ད་ཕྱིན་ཆད་འོག་ནས་གསོ་སྐྱོང་བྱ་དགོས་པ་དེ་གལ་ཆེན་པོ་རེད་བསམ། གང་ཡིན་ཞེ་ན། ད་ལྟའི་བཀའ་བློན་ཁྲི་པ་དེ་སྐུ་མདུན་དགུང་ལོ་བདུན་ཅུར་ཕེབས་སྐབས་ཀྱི་བཀའ་བློན་ཞིག་རེད། སྐབས་རྗེས་མ་དེ་སྐུ་མདུན་དགུང་ལོ་བརྒྱད་ཅུར་ཕེབས་སྐབས་ཀྱི་བཀའ་ཁྲི་རེད།  ད་ལྟ་ང་ཚོས་བསྒྲུབ་དགོས་པ་འོག་མ་དེ་ཡིན་སྟབས། ང་ཚོས་གོ་སྒྲིག་དང་འཆར་གཞི་བཏང་སྟེ་གསོ་སྐྱོང་བྱ་དགོས་པ་རེད། གསོ་སྐྱོང་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། མི་ཡག་པོ་གང་ཡོད་པ་དེ་ང་ཚོས་ཤེས་འོང་གི་རེད། མང་ཚོགས་ལ་མཚོན་ནའང་བཀའ་ཁྲིིའི་འོས་ཤོག་ཐད་འགན་འཁུར་མཁན་ཧ་ཅང་ཉུང་ཉུང་རེད་ཅེས་གསུངས་བྱུང་ལ། དེ་བཞིན། ན་ནིང་སྤྱི་འཐུས་གྲོས་ཚོགས་ཀྱི་མཇུག་བསྡུ་མ་ཐུབ་པ་ཆགས་པ་དེ། ཕྱོགས་གཅིག་ནས་སྐྱོན་ཆེན་པོ་རེད།  བཀའ་མོལ་གནང་སྟངས་ཀྱང་ཧ་ཅང་སྐྱོ་བོ་རེད། ཕྱོགས་གཞན་གཅིག་ནས་ཡོན་ཏན་ཅིག་ཀྱང་ཏན་ཏན་ཡོད་པ་རེད། མང་གཙོའི་ནང་དུ་ག་རེ་ཡིན་ཡང་སྒྲུབ་ཐུབ་ཀྱིན་ཡོད་པ་དང་། མི་གཅིག་གིས་བཀའ་གནང་བ་ལྟ་བུ་མ་ཡིན་པ་དེ་གསལ་བོ་ཆགས་པ་རེད།  ཡིན་ན་ཡང་།  དོན་དག་ཆུང་ཆུང་ཞིག་གི་སྟེང་ནས་ཚོགས་འདུ་མཇུག་བསྡུ་མ་ཐུབ་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད།  བོད་ཀྱི་རྩ་དོན་དང་འབྲེལ་བའི་དོན་དག་ཆེན་པོ་ཞིག་གི་སྟེང་ནས་དེ་ལྟར་ཚོགས་འདུ་མཇུག་བསྡུ་མ་ཐུབ་པ་ཡིན་ཚེ་དངོས་གནས་ཡག་པོ་རེད།  ཡིན་ནའང་། མི་མང་གི་ངོས་ནས་སྐབས་དེར་མཇུག་སྒྲིལ་མ་ཐུབ་པའི་ཐད་རྩོམ་ཡིག་ཁ་ཤས་ཤིག་སྤེལ་ཡོད་པ་དང་མང་ཚོགས་ནང་ཁུལ་ཏུ་སྐད་ཆ་བཤད་མཁན་ཁ་ཤས་བྱུང་ཡོད་པ་ལས་འགན་བླངས་ཡོད་པ་མ་རེད། དེར་བརྟེན་སྤྱི་འཐུས་ཀྱིས་འགན་བླངས་མེད་པ་དེ་བཞིན་ང་ཚོ་མི་མང་གིས་ཀྱང་འགན་བླངས་ཡོད་པ་མ་རེད། རྒྱལ་བ་རིན་པོ་ཆེས་འགན་དབང་ཡོངས་རྫོགས་ཕལ་ཆེར་སྤྱི་འཐུས་ལྷན་ཁང་ལ་གནང་ཡོད་པ་རེད། ང་ཚོས་ཁོང་ལ་ཞབས་ཞུ་བསྒྲུབ་ན། འགན་དབང་དེ་ང་ཚོ་མི་མང་གིས་ལེན་དགོས་པ་རེད། མི་མང་གི་འགན་དེ་སྤྱི་འཐུས་ཀྱིས་ལེན་དགོས་པ་རེད། སྤྱི་འཐུས་ཀྱི་འགན་དབང་མི་མང་གིས་འཛིན་དགོས་པ་རེད།  གལ་སྲིད་སྤྱི་འཐུས་ལ་དབང་འཛིན་མཁན་ཞིག་མེད་པ་དང་རྗེས་མར་སྤྱི་འཐུས་དང་བཀའ་ཤག་གཅིག་པ་ཆགས་པ་ཡིན་ན། ལས་དོན་གང་ཡིན་ཡང་མི་རེ་ཟུང་ཞིག་གི་འདོད་པ་ལྟར་བསྒྲུབ་ངེས་སྟབས། དེ་མི་ཆགས་པའི་ཆེད་ང་ཚོས་གཏིང་རིང་ས་ནས་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད་ལ།  མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་གང་ཡིན་རུང་འོས་གཞི་དང་འོས་གཞིའི་འགྲོ་སྟངས་ཐོག་འགྱུར་བ་གཏོང་དགོས་ཀྱི་འདུག  བཀའ་ཁྲི་དང་སྤྱི་འཐུས་གང་ཡིན་རུང་ས་གནས་ཁག་དང་མི་མང་ལ་གཏམ་གཤད་སྤེལ་བ་དང་རང་ཉིད་ཀྱི་ལས་དོན་ཅི་བསྒྲུབ་སོགས་ཕན་ཚུན་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བ་ཡིན་ན་ང་ཚོས་མི་དེའི་འཇོན་ཐང་དང་ལྗིད་ཁོག་གསལ་བོར་ཤེས་འོང་གི་རེད་བསམ། དེའི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང་བ་མ་ཟད། ཆབ་སྲིད་ཚོགས་པ་ཟུར་དུ་འཛུགས་དགོས་པའི་སྐོར་དང་དེའི་དགེ་བ་གང་འདྲ་ཡིན་མིན་སོགས་ཀྱི་ཐད་ནས་ལམ་སྟོན་བཀའ་སློབ་གནང་བ་དང་འབྲེལ། ད་ལྟའི་བར་གྱི་མདོ་སྨད་མི་མང་གིས་བོད་བསྟན་པ་ཆབ་སྲིད་ལ་དོ་སྣང་དང་ནུས་པ་གང་ཡོད་བཏོན་པར་ཐུགས་རྗེ་ལེགས་གསོལ་གྱི་བསྔགས་བརྗོད་དང་མ་འོངས་པར་མུ་མཐུད་རང་ནུས་ཡོད་དགུའི་འབད་བ་བྱ་དགོས་པའི་རེ་སྐུལ་ཡང་གནང་སོང།

ཐེངས་འདིའི་ཚོགས་ཆེན་གྱི་ཉིན་དང་པོ་དང་གཉིས་པའི་ཉིན་༧གོང་ས་མཆོག་གི་སྐུ་ཕྱཱའི་སྐོར་དང་མ་འོངས་ཤེས་འཇོན་གཉིས་ལྡན་གྱི་བཀའ་ཁྲི་ཡོང་ཐབས་དང་། བོད་མི་མང་སྤྱི་འཐུས་འོས་འདེམས་སྐོར་ལ་ཆ་ཤས་ལེན་ཕྱོགས། དེ་བཞིན་བོད་ཀྱི་བདེན་མཐའ་གསལ་ཐབས་དང་འབྲེལ་བའི་ལས་དོན་དང་ལས་འགུལ་སྤེལ་ཐབས་སོགས་ཀྱི་ཐད་བགྲོ་གླེང་གནང་ཡོད་པ་དང་། མཐའ་མའི་ཉིན་དེར་གྲོས་གཞི་གྲོས་ཆོད་གཏན་འབེབས་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 17

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    མདོ་སྨད་འཚོགས་ཆེན་ནི་ལྟ་ཚུལ་གཅིག་དང་ལང་ཕྱོགས་གཅིག་གིས་བཅུངས་་
    འདུག་པས་འདིས་ཀྱང་མི་བུ་རྣམ་དཔྱོད་ཅན་གྱི་མགོ་གནོན་ངེས་༸གོང་ས་་
    མཆོག་གི་ཐུགས་འདུན་ལ་ཡོད་པའི་གནའ་དེང་གི་ཤེས་ཡོན་རང་ཁྱིམ་ལ་དུས་་
    ནམ་ཡང་བསུ་མི་སྲིད།

    Reply
  2. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    མདོ་སྨད་འཚོགས་ཆེན་ནི་ལྟ་ཚུལ་གཅིག་དང་ལང་ཕྱོགས་གཅིག་གིས་བཅུངས་་
    འདུག་པས་འདིས་ཀྱང་མི་བུ་རྣམ་དཔྱོད་ཅན་གྱི་མགོ་གནོན་ངེས་༸གོང་ས་་
    མཆོག་གི་ཐུགས་འདུན་ལ་ཡོད་པའི་གནའ་དེང་གི་ཤེས་ཡོན་རང་ཁྱིམ་ལ་དུས་་
    ནམ་ཡང་བསུ་མི་སྲིད།

    Reply
  3. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    གོང་དུ་གཏམ་བཤད་བྱེད་མཁན་རེ་ཟུང་གིས་རང་གི་འཁོར་ཡུག་གི་མིའི་རྣམ་
    དཔྱོད་ཀྱང་ཡར་རྒྱས་ལ་འགྲོ་འཇུག་གི་མེད་སྟབས་ཤེས་འཇོན་ལྡན་པའི་མི་ཇི་་
    ལྟར་གསོ་སྐྱོང་གནང་རྒྱུ་ཡིན། ཐོག་མར་རང་གི་བྱེད་ལས་༸གོང་ས་མཆོག་་
    གི་ཐུགས་དགོངས་དང་མཐུན་མིན་བརྟག་ན་མི་བཟང་ངམ།

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཤིང་བཟའ་སྤྲུལ་མིང་བ་བསྟན་འཛིན་ཆོས་རྒྱལ།
    སྤྲེལ་ནག་པ་བློ་གྲོས་དཔལ་བཟང་།
    འཇུ་བསྟན་སྐྱོང་།
    ལུང་རིགས་རྒྱལ།
    ལྷ་ལུང་རྒྱལ།
    མཁའ་འགྲོ་རྒྱལ།
    ཀླུ་མཁར་བྱམས་བཅས་ཀྱིས།
    ཨ་རོགས་ཚོ་རང་དབང་་ནི་རང་དབང་རང་རེད་དེ
    རང་དབང་ལོངས་སུ་སྤྱོད་རྒྱུ་མ་ནོར་བ་བྱེད་རོགས
    ཁྱེད་རང་ཚོར་རྣམ་དཔྱོད་ཡོད་ན་མདོ་སྨད་དབུས་རྒྱུན་ལས་དགག་ཁྲིད་མ་བྱེད་རོགས་

    Reply
  5. གྲྭ་རྒོད says:
    ལོ་ 16 སྔོན།

    བསམ་ཚུལ་འདོད་མཁན།

    ཤིང་བཟའ་སྤྲུལ་མིང་བ་བསྟན་འཛིན་ཆོས་རྒྱལ།
    སྤྲེལ་ནག་པ་བློ་གྲོས་དཔལ་བཟང་།
    འཇུ་བསྟན་སྐྱོང་།
    ལུང་རིགས་རྒྱལ།
    ལྷ་ལུང་རྒྱལ།
    མཁའ་འགྲོ་རྒྱལ།
    ཀླུ་མཁར་བྱམས་བཅས་ཀྱིས།
    སོགས་ནས་བསམ་ཚུལ་བཏོན་པ་འདི་རང་གི་རང་ལ་བསམ་ཤེས་མ་བྱས་པའི་ཏན་རྟགས་ཁོ་ན་ཞིག་ལས་མེད་པ་གསལ་པོ་རེད།རང་གི་བསྒྲུབ་ཐུབ་པ་བསྒྲུབ་འོས་པ་སྤྱི་ཚོགས་ལ་ཕན་པ་དེ་གང་ཡིན་མིན་དང་ད་ལྟས་བོད་ཀྱི་གནས་བབས་ལ་བསམ་བློ་གཏོང་མ་ཤེས་པ་ཡིན་པ་དང་།རང་གི་ཁེ་ཕན་ཞིག་གི་ཆེད་སྤྱི་ཚོགས་བེད་སྤྱོད་བྱས་པ་ཞིག་རེད།རང་རང་ལ་རང་བཙན་རྩོད་པའི་བསམ་བློ་ཡོད་ན་ལམ་དེ་ལ་འགྲོ་རོགས་གནང་མདོ་སྨད་ཚང་ལ་ནང་བསྐྲུག་བྱེད་མི་རེ་ཟུང་ཉུང་ན་མཛེས།སྤྱི་དོན་ཁ་ལ་ཆེར་ནས་རང་དོན་བསྒྲུབ་ཐབས་མ་བྱས་ན་ཁྱེད་ཅག་གི་རང་ལས་འཚོལ་མི་ཐུབ་པ་ཡིན་ནམ།

    Reply
  6. བློ་བཟང་། says:
    ལོ་ 16 སྔོན།

    བདེན་

    Reply
  7. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    ༄༅། །མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལྷན་རྒྱས་དང་ཚོགས་ཞུགས་པ་ཡོངས་ཀྱི་དྲུང་དུ།
    ཞུ་གསོལ།།

    འདི་ཟླའི་ཚེས་བཅུ་བཞིའི་ཉིན་ནས་བཟུང་མདོ་སྨད་ཀྱི་དམིགས་བསལ་ཚོགས་ཆེན་རྡ་སར་འཚོགས་འཆར་ཡོད་པ་ཤེས་རྟོགས་བྱུང་། དེ་བས་ཚོགས་ཐོག་དེར་ཁ་ཚ་དགོས་གཏུགས་ཀྱིས་སྤྱི་དོན་གླེང་ཞིང་། གྲུབ་འབྲས་གང་ལེགས་ལེན་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ལ། དེ་དང་ཆབས་ཅིག་ངེད་ཅག་བཀྲུས་ན་མི་དག་པའི་མདོ་སྨད་པ་སྐོར་ཞིག་གིས། ཚོགས་ཆེན་གོ་སྒྲིག་བྱེད་མཁན་རྣམས་ཀྱིས་གཙོས་པའི་ཚོགས་ཞུགས་པ་ཡོངས་ལ་ཞུ་འབྲས་སུ།
    སྤྱིར་ཕ་རབས་བུ་རྒྱུད་ནས་མདོ་སྨད་ཁོངས་སུ་སྐྱེས་པའི་མི་བུ་ཡིན་དོ་ཅོག་ལ་མཚོན་ན། ཆེ་ས་ནས་ཡུལ་མདོ་སྨད་ཀྱི་སྐྱིད་སྡུག་ལེགས་ཉེས་ཚང་མར་ཁུར་མཉམ་ལེན་དགོས་པ་བཤད་མ་དགོས་མོད། དོན་དངོས་ཐོག་དེང་སྐབས་བཙན་བྱོལ་ནང་གི་མདོ་སྨད་པ་ཚང་མ་ཆབ་སྲིད་ལངས་ཕྱོགས་ཐད་གཅིག་གྱུར་མེད་པ་བཤད་མ་དགོས་ཁར། ད་ཆ་སྐྱིད་སྡུག་གི་ཆ་ནས་ཀྱང་གཅིག་ཁོངས་གཅིག་ལ་འདུ་མི་ཐུབ་པའི་དངོས་ཡོད་གནས་ཚུལ་མིག་མཐོང་ལག་ཟིན་ཆགས་ཡོད་ལ། ཐ་ན་གུས་ཚོ་ལྟ་བུར་མཚོན་ནའང་ད་ཐེངས་ཚོགས་ཆེན་ཐོག་དངོས་གཞིའི་གྲོས་འཆར་གང་ཡོད་གོ་ཐོས་མེད་སྟབས། འགན་བློས་མ་བཟོད་པར་ངེད་ཅག་གིས་ནམ་རྒྱུན་མང་ཚོགས་ནང་གླེང་སློང་བྱས་བསྡད་ཡོད་པའི་དོན་གནད་དོན་སྐོར་ཞིག་སྤྱི་སྨན་རེ་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ལགས་ན།

    ༡ ངེད་ཅག་གཙོས་སྐྱེ་བོ་མང་ཆེ་བས་ཆོལ་ཁ་དང་། ལུང་ཚན་ཟེར་བ་འདི་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་དང་། ཆོས་ལུགས་དད་མོས་བཅས་ཀྱི་བཀག་རྒྱར་མ་ཚུད་པར། ཆོལ་ཁོངས་མི་མང་གི་བདེ་དོན་ཁོ་ནའི་ཐད་ཕྱོགས་རིས་དབྱེ་འབྱེད་མེད་པར་བལྟ་སྐྱོང་གནང་མཁན་གྱི་སྐྱིད་སྡུག་གི་ངོ་བོར་གནས་རྒྱུ་ངོས་འཛིན་གཙང་མ་བྱེད་ཀྱིན་ཡོད།
    ༢ ༧གོང་ས་མཆོག་ནི་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་རྩོད་མེད་རེད། ཡིན་ཡང་ཆོལ་ཁ་བྱེ་བྲག་པ་ཞིག་དབུ་མའི་ལམ་ལ་ཤར་བསྐྱོད་དགོས་མིན་དང་། བོད་གཞུང་གི་སྐབས་ཐོག་སྲིད་བྱུས་འོག་བསྐྱོད་དགོས་མིན། རང་བཙན་རྩོད་མཁན་དང་། ཡང་ན་ལམ་དབུ་མར་བསྐྱོད་མཁན་གང་ཞིག་ཆོལ་ཁའི་ལངས་ཕྱོགས་དང་འགལ་ཡོད་རབས་སྙེད་ནས་ཆོལ་ཁོངས་ནས་ཕུད་དགོས་མིན་བརྗོད་ན། བྱ་སྤྱོད་དེའི་རིགས་༧གོང་ས་མཆོག་གི་དངོས་གཞིའི་དགོངས་པར་འགལ་ཡོད་ཁར། དམངས་གཙོའི་ལམ་སྲོལ་དང་ཆེས་ཆེར་འགལ་ཡོད།
    ༣ དེང་སྐབས་མི་ཁ་ཤས་ཀྱིས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་དང་། ས་རྒྱུན་མིང་ཐོག་ནས་མདོ་སྨད་ཚང་གི་བཀའ་བློན་དང་སྤྱི་འཐུས་གང་རུང་གི་འོས་གཞིའི་ཐོག་བོད་རང་བཙན་བཤད་མཁན་ཡོང་འཇུག་རྒྱུ་ཡོད་པ་མ་རེད་ཟེར་ནས་སྤྱི་ཚོགས་ནང་དྲིལ་བསྒྲགས་བྱེད་ཀྱིན་ཡོད་ན། ད་རེབ་ཀྱི་ཚོགས་ཆེན་ཐོག་རྗེས་ཕྱོགས་དེ་ལུགས་མི་ཆོག་པའི་ཐག་གཅོད་དོ་ནན་དགོས་གལ།
    ༤ ད་ལྟའི་མདོ་སྨད་ཆོལ་ཁའི་དབུས་རྒྱུན་གྱི་སྟངས་འཛིན་འོག་ལ་ལམ་དབུ་མར་སྐྱོད་མཁན་ཞེ་གཅིག་ལས་འདུ་ཐུབ་ཀྱི་མེད་རུང་། སྤྱིར་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་སོགས་མདོ་སྨད་ཚང་གི་ཁོངས་སུ་གཅེས་སྲོག་བློས་བཏང་གིས་རང་བཙན་རྩོད་མཁན་དང་། བཙོན་འཇུག་དང་ཉེས་རྡུང་། མནར་གཅོད་རག་མཁན་སོགས་མང་ནས་མང་དུ་འགྲོ་བཞིན་པའི་ཁར། བྱེས་སུའང་རང་ཐག་རང་གཅོད་རྩོད་ལེན་གནང་མཁན་དང་། ཅི་གང་མི་རྩོད་མཁན་ཡང་གང་འཚམ་ཡོད་ཤག་ཡིན་པར་བརྟེན། འདི་དག་ལ་གཅིག་གྱུར་གྱིས་ཁོང་ཚོའི་བདེ་དོན་དང་། ཆབ་སྲིད་འཚོ་བར་ད་ཡོད་ཀྱི་དབུས་རྒྱུན་ལས་ཐོག་པ་རྣམས་དང་། གནད་ཡོད་མི་སྣ་རྣམས་ཀྱིས་དམིགས་བསལ་ཐུགས་བཞེས་ཡོད་དགོས་པའི་གཞེན་སྐུལ་ཞུ་རྒྱུ།

    ༥ གོང་གསལ་གྱི་དོན་གདན་འདི་དག་ཐད་ངེད་ཅག་རེ་སྐུལ་ཞུ་མཁན་རྣམས་ལ་དངོས་སུ་འགྲེལ་བརྗོད་ཀྱི་གོ་སྐབས་ཤིག་ཚོགས་ཆེན་ཐོག་གནང་གལ་ཆེ་ཞིང་། དེ་ལྟར་བྱུང་ཚེ་ཕན་ཚུན་གོ་ནོར་ཐོས་ལོག་སོགས་མི་ཐེབ་རྒྱུར་དགེ་མཚན་ཆེ་བས། དེ་ལུགས་ཀྱང་ཐུགས་འཇགས་ཡོད་པ་ཞུ་ཞུ།

    བསམ་ཚུལ་འདོད་མཁན།

    ཤིང་བཟའ་སྤྲུལ་མིང་བ་བསྟན་འཛིན་ཆོས་རྒྱལ།
    སྤྲེལ་ནག་པ་བློ་གྲོས་དཔལ་བཟང་།
    འཇུ་བསྟན་སྐྱོང་།
    ལུང་རིགས་རྒྱལ།
    ལྷ་ལུང་རྒྱལ།
    མཁའ་འགྲོ་རྒྱལ།
    ཀླུ་མཁར་བྱམས་བཅས་ཀྱིས།

    སྤྱི་ལོ་༢༠༡༠ལོའི་ཟླ༣་ཚེས་༡༤་ཉིན་རྡ་ས་ནས་ཕུལ། །

    Reply
  8. མི་ཆུང་། says:
    ལོ་ 16 སྔོན།

    ངའི་རྣ་བ་ལེབ་ལེབ་འདིས་གོ་ནོར་ཐེབས་མེད་ན། ཉེ་ཆར་རང་གྲོས་ཚོགས་ནང་༸གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་སྤྱི་འཐུས་རྣམ་པའི་བགྲོ་གླེང་སྐབས། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས།

    གོང་ས་མཆོག་གི་དགོངས་པ་མཐར་ཐུག་དེ། རང་བཙན་རང་དུ་ཕེབས་ཀྱི་ཡོད་པའི་སྒྲུབ་བྱེད། སྲུང་མའི་འཕྲིན་སྐུལ་ཁག་དང་། བདེན་ཚིག་སྨོན་ལམ། དེ་མིན་གྱི་གསོལ་འདེབས་ཁག ཁ་ཕོ་མཐོན་པོ་དང་། སྐད་ངག་ཡོད་ཚད་ཀྱིས་ལུང་དྲངས་ཏེ།

    བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་ནང་འུར་གཏམ་ལུང་པ་གང་རྒྱག་གི་འདུག སྒྲུབ་བྱེད་འདི་ཚོ་ང་ཚོས་བཀོད་མི་དགོས། དེ་སྔོན་ནས་རྒྱ་གཞུང་གིས་ཁ་ཟིན་རྣ་ཟིན་བྱས་ཏེ། རྣམ་པ་འགྱུར་བ་དང། མངོན་པ་མི་གསལ་བའི་རང་བཙན་ཡིན་ཚུལ་གྱི་ལུང་། དེ་དང་དེ་འདྲ་བ་འདྲེན་གྱི་ཡོད།

    རང་ཉིད་རང་བཙན་གྱི་ལམ་དུ་འགྲོ་གི་ཡོད་ཀྱང་། བོད་མི་དམངས་དང་ལྷག་དོན་༸གོང་ས་མཆོག་གང་བྱུང་དུ་དྲུད་མི་ཉན། ༸གོང་ས་མཆོག་རྫུན་པར་གཏོང་མི་ཉན། ༸གོང་ས་མཆོག་རྒྱ་གཞུང་གི་ཁ་ནང་དུ་འཇུག་མི་ཉན།

    Reply
  9. དབྱངས་བུ། says:
    ལོ་ 16 སྔོན།

    བོད་རང་བཙན་ཟེར་བ་དང། བསྟན་འཛིན་ཆོས་རྒྱལ་ཟེར་བའི་དྲ་གྲོགས་མང་པོས་དགོངས་ཚུལ་གསལ་འདོན་གནང་ན་དེ་ནི་མང་གཙོའི་ཁེ་ཕན་བཟུང་ནས་གསུངས་པ་ཞིག་ཡིན་པས་དགའ་འོས་པ་ཞིག་ཡིན་རུང། འགན་ལེན་ཡོད་པའི་སྐད་ཆ་ཨ་ཡིན་སྙམ་མོ།།

    Reply
  10. གྲྭ་རྒོད says:
    ལོ་ 16 སྔོན།

    ཐུབ་བསྟན་ལུང་རིགས་དེ་མའོང་བའི་བཀའ་བློན་ཁྲི་བ་གང་འདྲ་འདུག
    དྲ་གྲོགས་རྣམས་ཀྱི་དྲང་བདེན་གི་ལམ་ནས་བསམ་ཚུལ་རེ་བཏོན་རོགས།

    Reply
  11. གྲྭ་རྒོད says:
    ལོ་ 16 སྔོན།

    ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་འཚོགས་པའི་འཚོགས་ཐོག་གི་གཏམ་བཤད་དེ་དག་དོན་ངོས་སུ་ཡག་པོ་རེད་ཐུགས་རྗེ་ཆེ་ཞུ།འོན་ཀྱང་བཀའ་བློན་ཁྲི་བ་འོས་འདེམས་དང་སྤྱི་མཐུས་འོས་འདེམས་དེ་གལ་ཆེན་པོར་ཡིན་པ་དང་ངོས་པར་ཏུ་མི་མང་གི་འགན་ལེན་དགོས་པ་ཞིག་ཡིན་ཀྱང་།མི་མང་ནང་རང་བཙན་ལག་དེབ་མེད་པ་དང་བོར་རླག་སོང་བ་ཕར་རྒྱང་མེད་པ་དེ་དག་གི་ཐོག་བཟོ་བའི་དཀལ་བསྔལ་སྤྲད་པ་སོགས་ཀྱི་རྐྱེན་པས་འགན་དེ་ཙམ་ལེན་མི་ཐུབ་བསམ།གལ་སྲིད་རང་བཙན་ལག་དེབ་ལོ་མང་རང་རྒྱང་མེད་པ་དང་གསར་དུ་བཟོ་དགོས་པ་དེ་དག་ཐོག་སྟབས་བདེ་ཞིག་བྱེད་པའི་ལམ་ཞིག་བསྐྲུན་ཐུབ་ན་ཏན་ཏན་མི་མང་གི་འགན་ལེན་ཐུབ་ལ་དེ་མིན་ཁག་པོར་མཐོང་།སྤྱིར་བཀའ་བློན་ཁྲི་བ་གང་འདྲ་ཞིག་དགོས་ཟེར་བ་ཡིན་ན།རང་གི་བསམ་ཚུལ།༧གོང་ས་མཆོག་གི་བཀའ་དགོངས་ལྟར་ཤར་སྤྱོད་བྱེད་ངོས་ཡིན་པ།ཆོས་ལ་ཡིད་ཆོས་ཐོག་ཅོང་ཙམ་ཤེས་པ།དྲང་བདེན་དང་ལྷག་བསམ་ཕྱུགས་པ།མདོར་ན་བོད་སྤྱི་ལས་འགལ་འགན་ལེན་ཐུབ་པ་ཞིག་ངོས་པར་དགོས།བོད་ཆོས་ལྡན་གྱི་ཞིང་ཁམས་ཞེས་མིང་དོན་མཚུངས་པའི་བཀའ་བློན་དང་སྤྱི་མཐུས་ཞིག་དགོས་གལ་ཆེ་བར་མཐོང་།

    Reply
  12. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    སྨར་ངྷྰི་ཟེར། ངྷྰི་ཡིག་ཅན་ལགས། དཔྱད་པ་ཡག་པོ་འམ་ཞིབ་མོ་གནོངས། སྐབས་སུ་བབ་པ་ཁྲིམས་དང་སྒྲིག་གཞི་རེད། དེ་ལྟར་ན་སྒྲོལ་མ་མཚོ་མོས་གླེང་བ་སྒྲིག་གཞི་དང་འགལ་ཡོད་ན། སྐྱོན་བརྗོད་མ་ཟད་ཞུ་གཏུག་ཀྱང་བྱས་ཆོག་གོ།། དེ་མིན་ཚོད་ཚོད་ལ་མི་སྒེར་གྱི་ཆེ་མཐོང་ལ་སྐུར་འདེབས་གཞག་ན་གཞུང་དམངས་དམ་ཚིག་ལ་ཕན་ནོ།།

    Reply
  13. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    སྒྲོལ་མ་མཚོ་མོ་དང་སྤེན་པ་ཚེ་རིང་གཉིས་དེ་རིང་གི་སྐུ་མགྲོན་གཙོ་བོ་གྱུར་འདུག
    དེ་ནི་ཁོང་གཉིས་ཀྱིས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་མདོ་སྦུག་གི་ཕྱག་ལས་གནང་བ་ལ་གུས་སྟོད་ཞུས་ཡིན་པ་སྙམ།

    Reply
  14. བསྟན་འཛིན་ཆོས་རྒྱལ says:
    ལོ་ 16 སྔོན།

    བོད་རང་བཙན་ལགས། ངོ་ནས་དེ་འདྲ་བསམ་ལྱིན་ཡོད་དམ། འདས་ལོར་སྤྱི་བསོད་གྱི་ལམ་གྲོན་སྐོར་དེ་གླེང་འོས་ལས་ཀྱང་དགོས་པ་ཞིག་རེད་དེ། གལ་སྲིད་སྤེན་ཚེ་བསོད་སྟོབས་ཀྱི་གནས་བབ་ཐོག་དེ་འདྲ་བྱུང་ཡོད་ན། བསོད་སྟོབས་དལ་ཅག་གེར་འདུག་གམ། བསོད་སྟོབས་སོགས་ཀྱི་འདོད་པ་ངོ་མ་དེ་སྤེན་པ་ཚེ་རིང་ལ་ཅི་ཡང་འཇོན་མི་འཇུག་རྒྱུའི་ཆེདརེད་ལ། དེའི་ཆེད་རྙོག་དྲ་ག་འདྲ་བྱུངས་ཅི་མི་སྙམས་པ་ལས་ཀྱང། དགའ་སྣང་ལེ་སྐྱེས་བསམ་པ་འདུག ལར་ནས་གསེར་ཚུལ་གྱིས་དེང་ཐོག་ཧང་སེང་སོང། ཕྱག་སྦྲེལ་་་་བཤད་རྒྱུ་བྱུང་ཞེས་དང། བེར་འཇིགས་ཀྱིས་སྐབས་དེར་ང་མེད་ཅེས་དང། ཐུབ་འཕེལ་གྱིས་ཅ་མ་སུན་བསམ་བྱུང་སོགས་ལ་གོ་བ་ཚད་ལྡན་ཞིག་ལེན་ཐུབ་ཀྱི་ཡོད་དམ།

    Reply
  15. བྱང་ཆུབ། says:
    ལོ་ 16 སྔོན།

    མགོའི་དཔོན་པོ་ནས་འོག་གི་མི་མང་ཚན་ཆོད་ནས་བོད་དོན་ཤུགས་རྒྱགས་རོགས། དེ་མིན་ནང་འཁྲུགས་རྐྱང་བྱེད་ན་ཕན་ཐུབ་མི་འདུག

    Reply
  16. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཀིརྟི་རིན་པོ་ཆེན་ལགས།
    ཁྱེད་ཀྱིས་གསུངས་པ་བདེན་ནོ།མི་མང་ཚོར་གོ་སོང་ངམ།

    Reply
  17. བོད་རང་བཙན says:
    ལོ་ 16 སྔོན།

    དབུས་གཙང་ཆོལ་ཁས་དབུས་མཛུག་གྱི་ཆོལ་ཁ་གསུམ་གྱི་བང་སྒྲིག་པ་བཞིན་ཅིག་ལས་སྐད་ཆ་ལྗིད་ཁོག་ཆེ་བ་རེ་ཤོད་བཞིན་ད་ཐེངས་མདོ་སྨད་ཆོལ་ཁའི་གྲོས་ཚོགས་ངས་གསལ་པོ་མཐོང་བའི་འདྲ་པ་འདི་ནང་སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་སྒྲོལ་མ་མཚོ་གཉིས་ཀ་འདི་ན་ཕེབས་འདུག། དེ་སྔོན་ཆ་རྒྱུན་མེད་པའི་མི་འདི་གཉིས་ནི་༢༠༨ལོའི་བོད་ཀྱི་དཔའ་བོ་དང་མི་རིགས་ཀྱི་གནས་སྟངས་དངོས་མཚོན་ཐུབ་པའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་རེད།
    ལྷག་དོན་རྒྱ་ནག་ཕྱོགས་ནས་རང་གཞུང་གོ་ལྗིད་ཁོག་དངོས་མཐོང་ཐུབ་པའི་བདེ་རྟགས་གསལ་ཤོས་དེ་རེད་ཟེར་ཆོག། དེས་ན་གུས་པའི་རེ་བར་ཧ་རབས་བྱུང་ན་ཁོང་གཉིང་ཀྱི་ད་ནས་བོད་སྤྱི་པའི་བདེ་སྡུག་ལ་དགོངས་པ་བཞེད་ཏེ་ཁ་མཐུན་དཔུང་སྒྲིགས་སམ་བོད་སྤྱི་པའི་གཞུང་དང་ཚོགས་པ་གཏོར་བའི་བསམ་བློ་མེད་པ་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese