མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་གྱར་དང་ངའི་མི་ཚེ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོས་བརྩམས་པའི་༼ཡུལ་གྱར་དང་ངའི་མི་ཚེ་༽ཞེས་པའི་དེབ་ཅིག་དབུ་འབྱེད་བྱས་ཡོད་པ་རེད།

ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་དུས་ཚོད་ ༩ པའི་ཐོག་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོས་བརྩམས་པའི་དཔེ་དེབ་ཅིག་སྐུ་མགྲོན་གཙོ་བོ་ཕྱི་འབྲེལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་དབུ་འབྱེད་གནང་ཡོད་པ་མ་ཟད། དེ་བཞིན་སྐུ་མགྲོན་དུ་ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་ལགས་ཀྱང་གདན་ཞུས་གནང་ཡོད་འདུག དེབ་དེའི་མིང་ལ་༼ཡུལ་གྱར་དང་ངའི་མི་ཚེ༽ཞེས་བཏགས་འདུག་ཅིང་། དེ་ནི་ཁོང་གིས་མི་རིགས་ཀྱི་རྩ་དོན་ཆེད་ལོ་མང་རིང་བཙན་བྱོལ་སྤྱི་ཚོགས་དང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་བྱས་པའི་ཕན་ནུས་དང་གྲུབ་འབྲས་ཕྱོགས་གཅིག་ཏུ་བསྡེབས་པའི་དཔེ་དེབ་ཅིག་ཡིན་པ་རེད། 

དབུ་འབྱེད་གསུང་བཤད་མ་གནང་གོང་གྲྭ་བག་གྲོས་དཔེ་དེབ་དབུ་འབྱེད་དང་འབྲེལ་ནས་གསུངས་དོན། ཕྱི་ལོ་ ༡༩༨༨ ལོར་ཁོང་ཚོ་བོད་མི་ཁག་ཅིག་གིས་ལྷ་སར་བོད་རང་བཙན་ཡིན་ཞེས་སྐད་འབོད་བརྒྱབ་པས་རྒྱ་གཞུང་གིས་ང་ལ་མི་ལོ་ ༣ རིང་བཙོན་འཇུག་བྱས་པ་དང་། བཙོན་གྲོལ་ཐོབ་མཚམས་བཙོན་གྲོགས་ཚོ་དང་མུ་མཐུད་ནས་ཤི་གསོན་མཉམ་གནས་བྱ་རྒྱུའི་དམ་བཅའ་ཡོད་ཀྱང་། ཁོང་ཚོའི་རེ་བ་བཞིན་བོད་མི་རིགས་ཀྱི་དཀའ་སྡུག་དངོས་དེ་བོད་གཞུང་དང་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱ་ཆེད་བཙན་བྱོལ་དུ་འབྱོར་ཏེ།  མི་ལོ་ ༢༠ རིང་རང་ནུས་ཅི་ལྕོགས་ཀྱིས་ས་ཁུལ་འདྲ་མིན་ནས་ལས་འགུལ་སྤེལ་བ་རྣམས་དེབ་འདིར་བཀོད་པ་ཡིན། ༢༠༠༦ ལོར་འཇར་མན་དུ་འཛམ་གླིང་རྐང་སྤོལ་འགྲན་བསྡུར་བྱེད་སྐབས་ཁོང་ཚོས་ང་རང་སྐད་བཏང་བ་བཞིན་དེ་གར་བཅར་རྒྱུ་བྱུང་། སྐབས་དེར་འགྲན་ཞུགས་རྒྱལ་ཁབ་ ༤༥ རྒྱལ་དར་བསྒྲེངས་འདུག་ཀྱང་བོད་ཀྱི་རྒྱལ་དར་བསྒྲེངས་མེད་པས་ངས་ཚོགས་པ་དེར་བོད་ཀྱི་རྒྱལ་དར་མ་བསྒྲེང་བ་ཡིན་ན། ང་རང་ཕྱིར་རྒྱ་གར་དུ་ལོག་འགྲོ་གི་ཡིན་ཞེས་ཨུ་ཚུགས་བརྒྱབ་པས་ཁོང་ཚོར་ཡང་ཐབས་ཤེས་མེད་པར་བོད་ཀྱི་རྒྱལ་དར་བསྒྲེངས་དགོས་བྱུང་ཡོད་ཅེས་དང་།  ཁོང་གིས་ ༢༠༠༤ ལོར་ཡང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་གཏམ་བཤད་གནང་རྒྱུའི་གོ་སྐབས་བྱུང་སོང་། དེ་བཞིན་ཕྱི་ལོ་  ༡༩༨༧ །༨༨།༨༩  ལྷ་སར་ཞི་རྒོལ་བྱས་པ་དང་། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་དུ་ཞི་རྒོལ་བྱས་པར་རྒྱ་གཞུང་གིས་དྲག་གནོན་བྱས་པ་རྣམས་སི་ཕན་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་ཀྱིན་ཡོད་ཚུལ་སོཊ་གསུངས་སོང་།
མཐའ་མར་ཁོང་གིས་བོད་རིགས་ཚོར་རེ་སྐུལ་ཞུས་དོན། གཞིས་ལུས་རྒྱ་ཆེའི་མི་མང་ཚོས་ད་དུང་ཡང་དམྱལ་བ་མི་ཡུལ་དུ་འཕོས་པ་འདྲ་བའི་སྡུག་བསྔལ་མྱོང་བཞིན་ཡོད་པས་ང་ཚོར་ཁོང་ཚོ་སྡུག་བསྔལ་ལས་སྐྱོབ་རྒྱུའི་འགན་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས་རྒྱལ་བ་རིན་པོ་བཞུགས་བསྡད་པའི་རིང་ང་ཚོས་སློབ་སྦྱོང་གི་ཐོག་ལ་ཤུགས་བརྒྱབ་ནས་རྩ་དོན་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད། ཁོང་འཛམ་གླིང་རྒྱལ་ཁབ་ ༣༢ ནང་བོད་དོན་དྲིལ་བསྒྲགས་ཆེད་འགྲོ་སྐབས་སློབ་སྦྱོང་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་སོང་ཅེས་གསུངས་སོང་། མཐའ་མར་བོད་གྱི་བདེན་མཐའ་སེལ་དགོས་ན་ཤེས་ཡོན་དེ་མེད་དུ་མི་རུང་བ་ཞིག་ཡིན་དུས་གཞིས་ཆགས་ཁག་གི་ཕ་མ་ཚོས་སོ་སོའི་བུ་ཕྲུག་གི་སློབ་སྦྱོང་ཆེད་འགན་ལེན་དགོས་པའི་འབོད་སྐུལ་ཀྱང་ཞུས་སོང་། 

དེའི་རྗེས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་གསུངས་དོན། གྲྭ་བག་གྲོ་ལགས་ནི་སྔོན་མ་ཁོང་རང་ལོན་ཊོན་དོན་གཅོད་ལ་ཡོད་སྐབས་ནས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕེབས་ཏེ་བོད་དོན་དྲིལ་བསྒྲགས་བྱེད་ཀྱིན་ཡོད་པ་རེད། བོད་ནང་བོད་མི་ཚོས་མི་ཐོག་རིམ་པར་རྒྱ་གཞུང་གིས་མནར་གཅོད་འོག་སྡུག་བསྔལ་མྱང་བཞིན་ཡོད་པ་དང་གྲྭ་བག་བྲོ་ལའང་བོད་ནས་བཙོན་འཇུག་མནར་གཅོད་མྱངས་ཡོད་ལ། བཙན་བྱོལ་དུ་ཕེབས་རྗེས་སུ་ཡང་རང་ཉིད་ཀྱི་སྒེར་གྱི་འཚོ་བའི་བདེ་དོན་ཁོ་ན་ཆེད་ཕྱག་ལས་མ་གནང་བར་བོད་དོན་དྲིལ་བསྒྲགས་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། ཐེངས་གཅིག་མིན་པར་དཔེ་དེབ་རིམ་པ་མང་པོ་བཏོན་ཐུབ་པར་དགའ་བོ་བྱུང་ཞེས་དང་། ཡང་ཁོང་གིས་བོད་མི་མི་རེ་ངོ་རེར་ལས་འགན་ཆེན་པོ་ཞིག་ཡོད་དུས་རང་རང་ས་ནས་ཤུགས་རྒྱག་དགོས་རྒྱུ་དེ་གལ་ཆེན་ཡིན་ལུགས་དང་། གྲྭ་བག་གྲོ་ལགས་ནས་རང་འགན་རང་འཁུར་གྱིས་དྲིལ་བསྒྲགས་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་བློན་མཆོག་གིས་ནན་གྱིས་གསུངས་སོང་།

མཐའ་དོན་ཁོ་མོས་༧གོང་ས་མཆོག་གིས་བོད་དོན་ཐག་གཅོད་ཡོང་བར་ཤེས་ཡོན་དེ་གལ་ཆེན་རེད་ཅེས་གསུངས་བ་བཞིན་གཞོན་སྐྱེས་ཚོས་ཤེས་ཡོན་སློབ་སྦྱོང་ལ་འབད་འབུངས་བྱས་ནས་མི་རིགས་དང་རྩ་དོན་ལ་ཕན་པའི་མི་ཞིག་ཆགས་པར་འབོད་སྐུལ་སོགས་ཞུས་སོང་།

ཐེངས་འདིར་གཞུང་འབྲེལ་མི་སྣ་ཁག་ཅིག་དང་གཞན་གཞོན་ནུ་དང་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་བཅས་དང་གསར་འགོད་པ་སོགས་ཁྱོན་མི་ ༥༠ ཙམ་ཕེབས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 2

  1. ནགས་མེ། says:
    ལོ་ 16 སྔོན།

    ངས་ཁྱོད་ཀྱི་ལོ་རྒྱུས་མཐོང་བྱུང་། ཁྱོད་ཀྱིས་བོད་དོན་ལས་ཀ་མང་པོ་བྱས་འདུག ཐུགས་རྗེ་ཆེ། མུ་མཐུད་ཅིག རྒྱབ་སྐྱོར་ཡོད།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཨ་ཁུ་བག་གྲོ་ལགས་ཐུགས་རྗེ་ཆེ་ལོ། ཁྱོད་ཀྱིས་བོད་དོན་དུ་རང་ནུས་གང་ཡོད་ཀྱིས་ཤུགས་སྐྱོན་གནང་སོང་། དངོས་གནས་ཐུགས་རྗེ་ཆེ་ཞུ།
    ཨོ་རེད། དཔེ་དེབ་འདྲ་སྒོ་འབྱེད་བྱེད་དུས། དཔེ་དེབ་དེ་ཀློག་འདོད་ཡོད་ན་འདི་ལྟར་དང་དེ་ལྟར་བྱས་ནས་རེག་གི་རེད་ཅེས་གསལ་བྱེད་རེ་གནང་ཐུབ་ན་ཡག་པོ་འདུག དཔེ་དེབ་དེ་ཇི་ལྟར་བྱས་ན་གང་ནས་རེག་གི་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese