མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་བྱེད་གནས་དབྱུང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ། ད་ཆར་རྒྱ་གཞུང་གིས་བོད་ཡིག་སློབ་འབྲིང་དེའི་སློབ་མ་ཚོ་གང་འདོད་འགྲོ་སྐྱོད་མི་ཆོག་པའི་བཀག་སྡོམ་འོག་བཞག་ཡོད་པ་མ་ཟད། ཕྱི་ཚེས་ ༡༨ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་སྐྱབས་ཆེན་བདེ་གྲོལ་དང་། སློབ་གཙོ་གཞོན་པ་རྡོ་རྗེ་ཚེ་བརྟན་ནམ་རྡོ་རེ། ཕ་ཡུལ་ཀླུ་ཆུ་ནས་ཡིན་པའི་དགེ་རྒན་ཞིག་བཅས་ལ་སློབ་གྲྭར་འགན་འཁུར་མ་ཐུབ་པ་དང་། སློབ་གསོ་འཐུས་ཤོར་དུ་བཏང་བའི་ཉེས་འཛུགས་འོག་ལས་གནས་ནས་ཕྱིར་ཕུད་དང་། རྨ་ཆུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་བསོད་ཚེ་དང་། རྨ་ཆུ་རྫོང་དྲག་ཆས་དམག་མིའི་འགན་འཛིན་བོད་རིགས་ཤིག་བཅས་ལ་སློབ་མ་ཚོས་ངོ་རྒོལ་སྐབས། དམ་དྲག་དང་ངོ་རྒོལ་བྱེད་མཁན་འཛིན་བཟུང་མ་བྱས་པའི་ཉེས་འཛུགས་འོག་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་འདུག གཞན། བོད་ཡིག་སློང་འབྲིང་དེ་གའི་དགེ་རྒན་ ༨ ཙམ་ལ་སློབ་ཕྲུག་ཚོར་སློབ་གསོ་སྤྲོད་སྟངས་དང་བདག་སྐྱོང་གིས་མ་འདང་བའི་ཉེས་འཛུགས་འོག མི་འགྱངས་པར་གནས་དབྱུང་གཏོང་འཆར་ཡོད་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག་ལ། དེ་མིན་ཉིན་འདི་འགར་རྨ་ཆུ་རྫོང་ཡོངས་སུ་དམག་མིས་དམ་དྲག་ཤུགས་ཆེན་བྱས་ཏེ། འགྲུལ་བཞུད་བྱེད་མཁན་ཡོངས་ལ་ཞིབ་བཤེར་དོ་དམ་ནན་ཏན་བྱེད་ཀྱིན་ཡོད་འདུག

གོང་གི་གནས་ཚུལ་དེ་འདི་གའི་ཟིན་བྲིས་ཚན་པའི་གཡག་གི་ཟིན་ཐོ་ལས་བཤུས།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༨ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༡༠ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 10

  1. ཚེ་རིང་སྐྱིད། says:
    ལོ་ 16 སྔོན།

    རྒྱ་མཚོ་ལགས དགོངས་འཆར་ག་རེ་ཡོད་ན།
    tibetan-editors@voanews.com འདི་རྒྱུད་ནས་སྐུར་དང་དགོངས་འཆར་ཉན་དགོས་མཁན་དེ་ཚོར་འབྱོར་གི་རེད།

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    རྒྱ་མིའི་གཞུང་གིས་འདི་ལྟར་བོད་པའི་ལས་བྱེད་ལ་བརྙས་བཅོས་བྱེད་ཀྱིན་ཡོད་པས། ང་ཚོས་མི་རིགས་ཀྱི་སྣེ་འདྲེན་པ་འདི་ཚོ་བཀའ་ཁྲིའི་འོས་གཞིའི་ཁྲོད་བླངས་ནས་རང་མིར་རང་གི་བདག་པོ་རྒྱག་ཐུབ་པ་ཞིག་གནང་རན་མེད་དམ།

    Reply
  3. GYAMTSO says:
    ལོ་ 16 སྔོན།

    ཨ་རིའི་བོད་ཀྱི་རླུང་འཕྲིན་ཁང་ལ་རེ་བསྐུལ་ཞུ་རྒྱུ། རླུང་འཕྲིན་ཁང་གི་ལས་བྱེད་ཡོངས་ལ་འཚམས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད། སྤྱིར་ན་ཁྱེད་རྣམས་པའི་ལྷག་བསམ་དང་ཤེས་འཇོན་ལ་ང་ཚོས་རྗེས་སུ་ཡི་རིང་དང་སྔགས་བརྗོད་བྱེད་ཀྱིན་ཡོད། འོན་ཀྱང་ཁྱེད་ལས་ཁུང་གི་ལས་བྱེད་རྣམས་པའི་བོད་ཆས་གྱོན་མི་ཐུབ་པ་གནད་འགག་གང་ལ་ཐུག་ཡོད་དམ། ང་ཚོས་ངོས་ཤུགས་རྒྱུད་གསུམ་ནས་ཁྱེད་ལས་ཁུང་ལ་ཐང་མང་རེ་བསྐུལ་ཞུས་ཡོད་མེད། དེང་སང་བོད་ནང་གི་རླུང་འཕྲིན་ཁང་དང་ཡུལ་ཁ་སོ་སོས་མཛད་སྒོ་ཆེ་ཆུང་ག་འདྲ་ཞིག་འཚོགས་རུང་གཙོ་བོ་བོད་རང་གི་ཐུན་མོང་ཡིན་པའི་བོད་ཆས་གྱོན་དགོས་པ་རྩ་འཛིན་གནང་གི་ཡོད་པ་ཁྱེད་ལས་ཁུང་གི་མ་ཤེས་པ་མིན་ནམ། བཙན་བྱོལ་བོད་གཞུང་གི་དྲ་བརྙན་ཁང་དང་ཨ་ཤེ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་པར་གཟིགས་དང་ཆོག ༡ སངས་རྒྱས་ཐར། བོད། ༢ དབང་ཆེན་སྐྱབས། བལ་ཡུལ། ༣ རིག་ཁོ། བལ་ཡུལ། ༤ འཇམ་དབྱངས་སོགས་མི་ལྔ་བཅས་ནས།

    Reply
  4. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    ཆབ་སྲིད་ཀྱི་ལྟ་བས་ཀླད་པ་བཀབས་ཡོད་པའི་མི་ཚོས་སྐྱབས་ཆེན་བདེ་གྲོལ་གཙོས་པའི་སྙན་ངག་གི་མི་རབས་གསུམ་པ་གཙོས་པའི་བོད་ཀྱི་རྩོམ་པ་པོ་མང་པོར་མི་རིགས་ཀྱི་ལ་རྒྱ་མི་འདུག་ཟེར་ནས་འུ་ཤོབས་མང་པོ་འཐེན་མྱོང་བ་སྔོན་མ་དྲ་ལམ་ཁག་ནས་གང་མང་མཐོང་སོང་ལ། གཞས་གཏོང་མཁན་དང་རྩོམ་འབྲི་མཁན་ཚོས་ངེས་པར་དུ་རྒྱ་ནག་ལ་ངོ་རྒོལ་གྱི་ཚིག་རེ་བེད་སྤྱོད་མ་བཏང་ན་བོད་མི་ཚོས་མི་རིགས་ཀྱི་ལ་རྒྱ་མི་འདུག་ཅེས་དགའ་བོ་བྱེད་ཀྱིན་མེད།
    ཡིན་ན་ཡང་མིག་ཆུ་སེམས་ལ་ཉར་ནས་མི་རིགས་ཀྱི་རིག་གནས་རྒྱུད་འཛིྣ་གྱི་ལས་ལ་བྲེལ་བ་ཁོང་ཚོ་སུ་ཡིན་ཡང་རྒྱ་ནག་གི་མིག་ནང་གི་ཚེར་མ་ལ་ཆགས་ཚར་བ་རེད།
    སྐྱབས་བཅོལ་བདེ་གྲོལ་གྱིས་རྒྱ་ནག་གི་གནོན་ཤུགས་དང་སུན་བཙེར་ལ་མ་ལྟོས་པར་མཆོད་མེ་རྩོམ་རིག་དྲ་བ་རྒྱ་ནག་གིས་སྒོ་ཇི་ལྟར་བརྒྱབ་ཀྱང་ཐབས་དེ་ལྟར་འཐེན་ནས་ཀློག་མཁན་བརྒྱ་ཕྲག་མང་པོ་དང་རྩོམ་པ་པོ་མང་པོར་གར་སྟེགས་ཡངས་ཤིང་རྒྱ་ཆེ་བ་ཞིག་བཟོས་ཡོད་ལ། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་གཙོའི་ལས་ཀའི་ཁྲོད་ནས་བོད་ཀྱི་པྱི་རབས་པ་སྐྱེད་སྲིངས་དང་། ཡང་སློབ་གྲྭའི་ནང་དུ་རིག་རྩལ་ལས་འགུལ་གང་མང་སྤེལ་བཞིན་ཡོད་པ་གོ་ཐོས་མྱོང་། ཡིན་ཡང་རྒྱ་ནག་གིས་ཁོ་ཤི་མིན་གསོན་མིན་གྱི་གནས་སུ་དེད་དེ་ཆབ་སྲིད་ཀྱི་ནག་ཉེས་འོག་ནས་ལས་གནས་ནས་ཕྱིར་སྤས་བཏང་བ་དེ་ཡིས་ཁོང་གི་མི་ཚེ་ནང་དུ་སླར་ཡང་རྐང་པ་འཛུགས་ས་མེད་པར་བཟོས་པ་མ་རེད་དམ། རྒྱ་ནག་འདི་ཚང་མིའི་མི་ཚེ་མུན་ནག་ལ་འདེད་པར་ཐབས་མཁས་པོ་རེད་འདུག

    Reply
  5. ཨརྱ། says:
    ལོ་ 16 སྔོན།

    གནས་ཚུལ་ཅུང་ཙམ་ཁ་སྐོང་བྱེད་རྒྱུར། ༼ཕ་ཡུལ་ཀླུ་ཆུ་ནས་ཡིན་པའི་དགེ་རྒན་༽དེའི་མིང་ལ་ཆོས་སྐྱོངས་ཚེ་བརྟན་ཟེར་བ་དང་།༼ རྨ་ཆུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་བསོད་ཚེ་༽ཟེར་བ་དེ་འགན་འཛིན་གཞོན་པ་དང་ ༼རྨ་ཆུ་རྫོང་དྲག་ཆས་དམག་མིའི་འགན་འཛིན་བོད་རིགས་ཤིག་༽ཟེར་བ་དེ་རྨ་ཆུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་དང་བོ་ཡིན་འདུག་ལ་ཁོ་རྒྱ་རིགས་ཤིག་ལས་བོད་རིགས་རེད་མི་འདུག རྨ་ཆུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་ལ་གཙོད་གཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་བཏང་འདུག་ལ་ཁོ་རྒྱ་རིགས་ཤིག་ཡིན་པ་འདྲ་ཟེར། གཞན་རྩོམ་སྒྲིག་པས་གནས་ཚུལ་དུས་ཐོག་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རང་རིགས་ལ་ཁ་ཞེ་གཉིས་མེད་ཀྱི་བོད་མི་ལས་བྱེད་པ་ཚོ་ག་ལུས་རྒྱ་གཞུང་གི་རྒྱང་བུད་གཏོང་ངེས་རེད།
    ང་རང་ཚོའི་བཙན་བྱོལ་གཞུང་འདི་སྲ་བརྟན་གཏོང་དགོས་ཀྱིན་ནི་མི་རིགས་ཀྱི་རྩ་དོན་རེད་སྙམ།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ང་ཚོ་བོད་པས་ཞི་བའི་སྒོ་ནས་ཐབས་ཤེས་ཡོད་རྒུ་རྩ་དྲུག་བྱས་ཀྱང་། དྲང་བདེན་ལ་དགའ་བའི་མི་སྣ་ཚོས་དོན་དམ་པའི་བདེན་པའི་རྒྱབ་ལང་བྱེད་ཀྱི་མི་འདུག་ལ། ལྷ་བླ་མ་དཀོན་མཆོག་གིས་ཀྱང་གཟིགས་ཀྱི་མི་འདུག། ཡང་སྙིང་ འཛམ་གླིང་འདིར་བདེན་པ་དང་ཞི་བ་ལ་རིན་ཐང་དང་ནུས་པ་ཡོད་དམ།

    Reply
  8. བྱམས་རྒྱལ། says:
    ལོ་ 16 སྔོན།

    ད་ཅི་དྲགས་

    Reply
  9. ནགས་ཤོད་རིག་རལ། says:
    ལོ་ 16 སྔོན།

    སྐྱབས་ཆེན་བདེ་གྲོལ། བོད་ཀྱི་དེང་རབས་རྩོམ་པ་པོ། སྒྲུང་གཏམ་པ་དང་སྙན་ངག་པ། ཕྱི་ལོ༡༩༧༧ལོར་ཀན་ལྷོའི་རྨ་ཆུ་རྫོང་གི་ཁྲོ་ཁོའི་དཔོན་རྒྱུད་ཅིག་ཏུ་སྐྱེས། ཆུང་དུས་ནས་ནང་བའི་ཆོས་དང་རིག་གནས་ལ་དགའ་བས་ཆུ་ཁ་མའི་སློབ་ཆུང་ལོ་རིམ་བཞི་བར་ཐད་ཞུགས་བྱས་ཤིང་དེ་ནས་བཟུང་ལོ་ངོ་དགུའི་རིང་ལ་དགའ་སྐྱོ་གཉིས་ལྡན་གྱི་སློབ་མའི་འཚོ་བ་རོལ། ད་ལྟ་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འགན་འཛིན་པ་ཡིན་ལ་བོད་ཀྱི་དེང་རབས་སྙན་ངག་པའི་ཚོགས་པ་མི་རབས་གསུམ་པ་ཞེས་པའི་ཚོགས་མི་གཙོ་བོ་ཞིག་ཀྱང་ཡིན། འདི་ནི་ཝེ་ཁེ་རིག་མཛོད་ནང་སྐྱབས་ཆེན་སྐོར་གྱི་ངོ་སྤྲོད་དུམ་བུ་ཞིག་རེད། འདི་ལྟ་བུ་མི་རིགས་ཀྱི་རིག་གནས་ལ་རླབས་པོ་ཆེའི་བྱས་རྗེས་འཇོག་བཞིན་པའི་ཤེས་ལྡན་པ་ཞིག་ད་ལྟ་དམར་ཤོག་སྲིད་གཞུང་གིས་འདྲེ་ལག་བརྐྱང་ནས་ཁོང་རང་གིས་ཆེས་དགའ་པོ་བྱེད་སའི་ལས་གནས་དེ་ནས་གནས་དབྱུང་བཏང་བ་རེད། འདི་ནི་རྒྱ་གཞུང་གིས་བོད་ཀྱི་རིག་གནས་མེད་པ་བཟོ་འདོད་པ་དང་མེད་པ་བཟོ་བཞིན་པའི་དཔེ་མཚོན་གསོན་པོ་ཞིག་རེད་ལ། བོད་ཕྲུག་གསོ་སྐྱོང་བྱེད་མཁན་དང་མི་རིགས་ཀྱི་ལ་རྒྱའི་ས་བོན་འདེབས་མཁན་གྱི་སྐྱེ་བོ་ཤེས་རབ་ཅན་རྣམས་རྒྱ་གཞུང་ནས་འབུར་འཇོམས་བྱེད་བཞིན་པའི་ཚབ་མམཚོན་ཞིག་ཀྱང་རེད། ང་ཚོས་སྐྱབས་ཆེན་བདེ་གྲོལ་གཙོས་པའི་ཤེས་ལྡན་པ་འདི་དག་གི་ལས་དབང་སྐོར་འཛམ་གླིང་དུ་ས་བསྒྲག་གནམ་བསྒྲག་བྱས་ནས་ཁོང་ཚོའི་མདུན་ལམ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་དོན་ལས་འགུལ་ནང་གི་ལས་ཀ་ཆེས་གལ་ཆེ་ཤོས་དེ་ཡིན་པར་འདོད། རྒྱུ་མཚན་ནི་ན་གཞོན་རྣམས་ནི་ང་ཚོའི་མི་རིགས་འདིའི་མ་འོངས་པའི་རེ་བ་ཡིན་པ་དང་། རུས་པའི་རྐང་མ་ཉམས་ཤིང་རྣམ་ཤེས་ཀྱི་གཟུངས་མ་ཤོར་བའི་དགེ་རྒན་འདི་དག་ནི་མི་རབས་གསར་པ་གསོ་སྐྱོང་གནང་མཁན་ཡིན་པས་སོ།

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ད་ངོ་མ་འདུག་གི་མ་བཞག་ནི་རེད
    བསྟན་པའི་དགྲ་བོ་ཡིན་པ་མ་ཟད་་་་་་་ཤེས་ཡོན་པའི་སྡེའི་དགྲ་བོ་ཡང་རེད་་འདུག་ཡ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese