མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཙང་མ་དང་གསལ་བོ་ཆགས་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

 

ཐེངས་འདིར་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་ཐད་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་བཀའ་ཤག  དམིགས་བསལ་སྐུ་ཚབ་རྣམ་གཉིས་དང་བཀའ་ཟུར་རྣམ་པ་བཅས་ནས་ཉན་ཞིབ་བགྲོ་གླེང་གནང་རྗེས་གསལ་བོ་གསལ་རྐྱང་བཟོས་ཡོད།

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་དགུ་བ་མཇུག་སྒྲིལ་རྗེས་ཀྱི་ཉིན་རྒྱབ་དེར། བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དགུ་བའི་གྲོས་ཆོད་དང་འབྲེལ་བའི་ཐོག་དམིགས་བསལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད།  སྐབས་དེར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུངས་དོན། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དགུ་བར་དམིགས་ཏེ་༧གོང་ས་མཆོག་གིས། མགོ་ཁྲིད་ཙམ་མིན་པར་མི་མང་ནང་ཁུལ་ཏུ་གནས་ཚུལ་ཁག་ཅིག་གིས་མགོ་རྨོངས་སུ་བཅུག་ཡོད་པ་དེ་དག་ཕྱི་གསལ་ནང་གསལབཟོ་དགོས་པ་དང་། གྲོས་ཚོགས་ནང་སྤྱི་འཐུས་རྣམ་པས་རྣམ་དཔྱོད་སྟོན་སྟངས་དང་ཕྱག་ལས་གནང་སྟངས། སྒེར་གྱི་གནས་ཚུལ་གླེང་བའི་གནས་ཚུལ་དང་ཕྱོགས་འཐེན་གྱི་རྣམ་པ་དེ་དག་སྤངས་ཏེ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྤུས་ཚད་ཡག་ཏུ་གཏོང་བ་དང་གནས་ཚད་མཐོ་རུ་བཏང་སྟེ་མི་མང་ལ་འགན་འཁུར་ཐུབ་པ་ཞིག་བྱ་དགོས་པའི་བཀའ་སློབ་ཕེབས་པ་ལྟར།  སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་དགུ་བའི་སྟེང༧གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བའི་ཐོག་སྤྱི་མོས་ཐོག་གྲོས་ཆོད་གཏན་འབེབས་གནང་ཡོད། 

དེ་ཡང་གཙོ་བོ། གྲོས་ཚོགས་ཀྱི་གནས་ཚད་ཡག་ཏུ་གཏོང་བ་དང་སྤུས་ཀ་མཐོ་རུ་གཏོང་ཆེད་སྤྱི་འཐུས་ཚོའི་ངོས་ནས་མ་འོངས་པར་ནུས་པ་གང་ཡོད་ཀྱིས་འབད་པ་བྱ་རྒྱུ་དང་། ད་ལྟའི་བར་སྤྱི་འཐུས་རྣམ་པས་ནུས་པས་མ་འདང་བ་དང་རྟོན་བཞིའི་མཇུག་ལྡོག་ནོར་བའི་གནས་ཚུལ་བྱུང་བ་ཚང་མ་༧གོང་ས་མཆོག་ལ་བཟོད་གསོལ་ཞུས་པ་དང་། མ་འོངས་པར་ཕྱོགས་ལྷུང་སྤངས་ཏེ་མང་ཚོགས་ལ་འགན་འཁུར་བའི་ཐོག་ཕྱག་ལས་གནང་རྒྱུའི་དམ་བཅའི་ཚུལ་ཏུ་གྲོས་ཆོད་བཞག་ཡོད་ལ། དེ་བཞིན། ཞི་བའི་དོན་ཚན་ལྔ་དང་ ༢༠༠༨ ལོའི་བོད་རྒྱ་ཞི་མོལ་གྱི་གནད་དོན་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། འབྲེལ་མོལ་ཐེངས་དགུ་པའི་འགྲེལ་བརྗོད་ཡིག་ཆ་ཚང་མ་༧གོང་ས་མཆོག་གི་དགོངས་གཞི་རང་ཡིན་པར་མ་ཟད། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་དང་དབུ་མའི་ལམ་གྱི་བསམ་འཆར་ཡིག་ཆ་སོགས་༧གོང་ས་མཆོག་གི་དགོངས་གཞི་ཡིན་མིན་གྱི་དོགས་པ་ཡོད་པ་སོགས་གྲོས་ཚོགས་ནང་བགྲོ་གླེང་དང་། བོད་གཞུང་བཀའ་ཤག་དང་དམིགས་ཚབ་སྐུ་ཚབ་རྣམ་གཉིས། དེ་བཞིན་འབྲེལ་ཡོད་བཀའ་ཟུར་རྣམ་པ་གདན་ཞུའི་ཐོག་བགྲོ་གླེང་ཉན་ཞིབ་གནང་བ་ཡིན་ལ། བཀའ་ཤག་གི་ངོས་ནས་སི་ཊ་སི་སྤག་གི་གྲོས་ཆོད་ནས་བཟུང་བརྒྱུད་རིམ་མཐའ་དག་གསལ་བཤད་དང་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་བོད་རྒྱ་འབྲེལ་མོལ་སྐོར་ལ་གསལ་བཤད་དང་འགྲེལ་བརྗོད་གསལ་བོ་གནང་སྟེ། མ་འོངས་པར་བསྐྱར་གླེང་མི་དགོས་པར་༧གོང་ས་མཆོག་གིས་བཀའ་ཕེབས་པ་བཞིན་གཙང་མ་གཙང་རྐྱང་དང་གསལ་བོ་གསལ་རྐྱང་ཆགས་ཡོད་ལ། གྲོས་ཚོགས་ནང་ཁུལ་ཏུའང་དགག་བྱ་ཅི་ཡང་མེད་པའི་སྤྱི་མོས་ཐོག་གྲོས་ཆོད་གཏན་འབེབས་བྱས་ཡོད། ཅེས་གསུངས་བྱུང་།

ཡང་ཁོང་གིས་གསར་འགོད་གསལ་བསྒྲགས་བརྒྱུད་བོད་ནང་གི་བོད་མི་ཚོར་གསུངས་དོན། བོད་ནང་གི་བོད་མི་ཚོར་མཚོན་ནའང་རྩ་བ་ཉིད་ནས་སེམས་ཁྲལ་བྱ་མི་དགོས་པ་ཞིག་རེད། གང་ཡིན་ཅེ་ན། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིིན་ལ་བརྟེན་ནས་དམངས་གཙོའི་ལམ་སྲོལ་གསར་གཏོད་བྱས་ཏེ་ལོ་ ༥༠ འགྲོ་གིན་ཡོད་པས་བསམ་ཚུལ་མི་འདྲ་བ་ཡོང་སྲིད་པ་དང་ཡོང་ཆོག་པ།  བསམ་ཚུལ་བཤད་ཆོག་པ་ཞིག་རེད། གནས་ཚུལ་གང་གི་ཐད་དུའང་ང་ཚོ་གཅིག་སྒྲིལ་མེད་པ་དང་ནུས་པ་གཅིག་ཏུ་སྒྲིལ་བའི་རེ་བ་མེད་པ། བཙན་བྱོལ་སྤྱི་ཚོགས་འཐོར་བསྡད་པ་ཞིག་དང་དམངས་གཙོའི་གོ་སྐབས་གནང་བ་ལེན་མ་ཐུབ་པའི་གནས་སྟངས་ཆགས་མེད། ཅེས་གསུངས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 2

  1. ལུང་རྟོགས། says:
    ལོ་ 16 སྔོན།

    དམང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ཆོག་པ་དང་། བསམ་ཚུལ་མི་འདྲ་བ་བཤད་ཆོག་པ་དེ་དམང་གཙོའི་རིན་ཐང་ཞིག་རེད། འོན་ཀྱང་ནང་ཁུལ་མཐེན་ཁྱེར་དང་ནང་སྐྲུག་བྱེད་རྒྱུ་དེ་ནི་ང་ཚོ་བོད་མི་མང་ལ་ནམ་ཡངས་མི་དགོས་པ་ཞིག་རེད། དེས་ན་མ་འོང་པར་སྤྱི་འཐུས་རྣམས་པས་མི་དམང་གི་མངོན་འདོད་མཁྱེན་པའི་ཐོག་ནས་དགེར་འཁོན་ཀྱི་ཆད་དུ་སྤྱི་དོན་རས་སུ་མི་བོར་རྒྱུ་ང་ཚོའི་རེ་བ་ཡིན།

    Reply
  2. karma dorje says:
    ལོ་ 16 སྔོན།

    གཙང་མ་དང་གསལ་བོ་དེ་ཀུན་ལ་དགོས་ཡ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese