མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་སྐབས་རིང་བདེ་མོ། རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༧༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉིན་ཤས་རིང་འདིར་བཀའ་ཁྲི་མཆོག་གིས་གྲོས་ཚོགས་ལ་གནང་བའི་གསལ་བཤད་དང་། གྲོས་ཚོགས་འཐུས་མི་ཚོའི་བགྲོ་གླེང་། ཉན་ཞིབ་སྐབས་ཀྱི་དོགས་འདྲི་དང་གསལ་བཤད། བཀའ་ཟུར་རྣམ་པའི་གཞེན་སྐུལ་བཅས་གྲུབ་རྗེས། ལྷ་རྒྱལ་འཐེན་བཞིན་ང་ཚོ་གནས་སྐབས་རིང་བློ་བདེ་བག་ཕབ་ངང་སོ་སོའི་གནས་སུ་ལོག་ཆོག་པར་མཐོང་བས། གནས་སྐབས་རིང་བདེ་མོ།

ཡིན་ཡང་གནད་དོན་འདི་མཐའ་དག་གི་གཏིང་རིམ་ན་རྒྱུ་རྐྱེན་གཞན་པ་ཞིག་མིག་ཀེམ་ཀེམ་དང་སྙིང་ལྷེམ་ལྷེམ་གྱི་ངང་དུ་གསང་བའི་ཚུལ་གྱིས་གནས་ལ། ནད་རྙིང་ཇི་བཞིན་དུས་ཚོད་ངེས་མེད་ལ་འཕར་ཆོག་ཆོག་གི་རྣམ་པར་སྐུང་ཡོད་པར་འདོད།

ཐོག་མར། བཀའ་སྤྱི་གཉིས་ཀྱིས་ཕན་ཚུན་དོགས་པ་མེད་ས་ལ་དོགས་འདྲི་བྱས་པ་དང་། དགོས་པ་མེད་ས་ལ་གསལ་བཤད་བྱས་པ། དེ་དག་གི་ཞོར་དུ་ཚིག་ཟུར་ནས་མདའ་གྲི་མདུང་གསུམ་གྱི་ཟིལ་ཤུགས་ངོམ་པ་སོགས་ནི་དཀའ་རྙོག་རིང་པོ་ཞིག་ལ་འཇུག་འདོད་པའི་སྟ་གོན་ལྟ་བུར་མཐོང་།

གནད་གཞན་པ་ཞིག་ནི། ༧གོང་ས་མཆོག་གིས་གནད་དོན་དེ་རིགས་འཁྲུན་ཐག་ཆོད་པ་ཞིག་བཟོ་རོགས་ཞེས་གསུངས་པ་བཞིན་སྐབས་འདིར་འཁྲུན་ཐག་ཆོད་པ་ཞིག་བཟོ་ཐུབ་མེད་ལ། མ་གཞི་ནས་དོན་གནད་ལྟེ་བ་དེའི་སྟེང་ལ་གནས་ལུགས་དང་གནད་དོན་ཆུང་ཆུང་མང་པོ་ཞིག་གིས་སྐོར་བ་བརྒྱབ་ཅིང་། མགོ་ཐོག་ལ་དུག་སྦྲང་འཁོར་བ་བཞིན་ཟ་ཟིའི་སྒྲ་འཇགས་མེད་ངང་གནས་ཡོད་སྟབས། ཐེངས་འདིའི་ཉན་ཞིབ་ཡང་རྒྱལ་བའི་ཐུགས་རེ་བཞིན་བྱུང་ཐུབ་མེད་ཚོད་ཡིན་ལ། སྤྱི་ཚོགས་སྟེང་ལའང་ཉན་ཞིབ་འདིས་གོ་བརྡ་གང་འདྲ་ཞིག་སྤྲད་ཡོད་མེད་ནི་གཞི་ནས་ལྟ་ཞིབ་བྱ་རྒྱུ་ཞིག་རེད་འདོད།

ཉན་ཞིབ་འདིའི་སྐབས་ཀྱི་ཉམ་ང་བའི་གནས་སྟངས་གཞན་ཞིག་ནི། མི་མང་པོ་ཞིག་གིས་སོ་སོར་བསམ་འཆར་ཡོད་རུང་། ༧གོང་ས་མཆོག་གི་དགོངས་གཞི་ཡིན་པ་རྒྱུ་མཚན་དུ་བྱས་ནས་སོ་སོའི་ཁ་འགོག་ཐབས་བྱས་པ་འདི་དག་གིས་ང་ཚོར་མ་འོངས་པའི་གནས་སྟངས་ཤིག་ད་ལྟ་ནས་སྟོན་གྱི་ཡོད་ལ། དོན་དག་བཟང་ངན་གང་ལ་ཐུག་རུང་། རྒྱལ་བ་རིན་པོ་ཆེ་མཆོག་གཅིག་པུར་ཚད་བཟུང་ནས་ཐག་གཅོད་པ་འདི་ནི་ཕུགས་རྒྱང་རིང་པོར་བསམ་ན་ཕན་ལས་གནོད་དུ་འགྱུར་ཡང་སྲིད། མངོན་ལྐོག་གང་རུང་ནས་གནས་ལུགས་དང་རང་ལུགས་ཀྱི་ནུས་པ་ཤོར་བའི་སྐབས་སུ་དམངས་གཙོ་ཡང་འཇིགས་རུང་གི་གཅོང་རོང་ཞིག་ལས་ཅི་ཡང་མིན།

ནམ་རིང་ན་རྨི་ལམ་མང་བའི་དཔེ་ལྟར། ཉན་ཞིབ་འདིའི་སྟེང་ཕེབས་པའི་བཀའ་སྤྱི་གཉིས་དང་བཀའ་ཟུར་ཚོ་ཙམ་མིན་པར། སྤྱི་ཚོགས་སྟེང་དུའང་བར་སྐབས་ནས་མཐོ་བཤད་དམའ་བཤད་རྒྱག་མཁན་མང་ལ། མདོར་སྒྲིལ་ན། བོད་རྒྱའི་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད། བོད་མིའི་ཕྱོགས་ནས་འབབ་སྟེགས་མཐའ་མ་དེར་བསླེབས་རུང་། རྒྱ་ནག་གིས་མུ་མཐུད་ནས་བོད་མི་ཚོའི་མངོན་འདོད་ལ་བདག་སྤྲོད་མ་བྱས་སྟབས། བོད་གཞུང་གི་སྲིད་བྱུས་འདི་ལ་འདོད་བློ་མ་ཁེངས་མཁན་ནི་བོད་ཕྱི་ནང་གཉིས་སུ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བཙན་བྱོལ་བོད་གཞུང་གིས་བོད་རྒྱའི་འབྲེལ་བ་དང་བོད་དོན་ཐག་གཅོད་ཀྱི་ཕྱོགས་ལ་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་བྱ་རྒྱུའི་འབོད་སྒྲ་དེ་ནི་ལབ་གླེང་འདི་མཐའ་དག་གི་གཞི་རྟེན་དུ་གྱུར་འདུག་སྙམ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 19

  1. སྨར་ཁམས་བུ། says:
    ལོ་ 16 སྔོན།

    ཨེ་མ་། བོད་རྒྱལ་ཁབ་ཀྱི་ཙ་དོན་གྱི་ཐག་གཅོད་འདི་རང་བཙན་གཙང་མ་ནས་ས་ཁུལ་རང་ལྗངས་སུ་བབ་འདུག་པ་མ་ཟད་།
    སླར་ཡང་བོད་མི་མང་སྤྱི་འཐུས་དང་བཀའ་བློན་རྣམས་རྡ་ས་རུ་ཉི་ཤས་རིང་ཚོགས་འདུ་བསྐོངས་གནང་ནས་ཐག་གཅོད་གང་ཡང་མེད་པ་འདྲ་།
    ཐབ་སྐྱོར་དགོས་པ་ཞིག་ལ། ང་ཚོ་མི་རབས་གསར་རྣམས་ལ་བཙོན་རྒྱུ་གང་ཡང་མེད་པ་ཟོས་ཚར་འདུག
    །

    Reply
  2. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    དགོངས་དག
    བརྒྱུར་བ་དང་ཟིན་བྲིས་ན་གཉིས། བསྒྱུར་བ་དང་ ནི། ཞེས་སུ་བཅོས་རོགས།

    Reply
  3. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    ཉེ་སྔོན་ནས་དུས་བབ་ཀྱི་མཆན་ལ་རིག་པ་ཞེས་བརྒྱུར་བ་དང་མཆན་རྣམས་གོ་རིམ་ལྡོག་ནས་སླེབས་པ་བཟོས་པ་གཉིས་ཀ་དེ་ཙམ་བློ་ལ་འབབ་པོ་ཞིག་མ་བྱུང་། མ་གཞི་དུས་བབ་ཟིན་བྲིས་ན་རང་བཞིན་གྱིས་འཇུག་བདེ་བ་སོགས་ཁྱད་ཆོས་དང་ལྡན་ཞིང་རང་ངོས་ནས་མཚོན་ནའང་གནས་ཚང་ཡག་ཤོས་ཤིག་ཡིན།

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    ཨ་ལེ་ ད་རེས་ཀྱི་ཉན་ཞིབ་སྐབས་སུ་དྲ་བདག་གི་འདོད་པར་ཡོད་པའི་ཐག་གཅོད་ཞིག་མ་བྱུང་བ་འདྲ། ཡ་ཡ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བདེན་བྱུང་བདེན་བྱུང་འཇིགས་བྲལ་བ་་་་་་་ཁྱེད་འཇིགས་པ་དང་བྲལ་བའི་ཁྱེད་ཀྱིས་བྱེད་མ་ནུས་ན་་་་་་་་་་ཚང་མ་གཅིག་པ་རེད་ད།་་་་་་་་་ཧཧཧཧཧཧཧཧ

    སྔོན་མ་བོད་མ་ཤོར་བའི་སྔོན་དུ་སྡེ་བ་གཞུང་གི་སྐུ་དྲག་ཚོའི་ཐུགས་སྤྲོ་གཏོང་བའི་སྐབས་སུ་སྐུ་དྲག་གི་མནའ་མ་ཞིག་གིས་དུག་རུལ་ཞིག་ཤོར་བ་རེད། མནའ་མ་ངོ་ཚ་ནས་ནང་དུ་སླེབས་སྐབས་སུ་གཡོག་མོའི་ཐོག་ཏུ་ཁ་རྡུང་གཏོང་ནས་ངའི་མང་དཀྱུལ་དུ་དུག་རུལ་ཤོར་ཀྱང་གཡོག་མོ་ཁྱེད་ཀྱི་ཡིན་མདོག་མདོག་མ་བྱས་པས་ང་ངོ་ཚ་བྱུང་ཟེར་ནས་ཁ་རྡུང་ཚད་མེད་གཏོང་ཡོད་པ་རེད།
    ཕྱི་ཉིན་སྐུ་དྲག་རྣམ་པ་འཚོགས་བཞུགས་ཡོད་པའི་སྐབས་སུ་གཡོག་མོའི་མགོ་བོ་སྒུར་སྒུར་བྱས་ནས་ཞུ་དོན།་་་་་སྐུ་ངོ་རྣམ་པ་ཚོ་ལ་དགོངས་དག་ཞུ་རྒྱུ་ཡིན། གང་ལེགས་ཞེ་ན། ཁས་སང་མནའ་མའི་ཤོར་བའི་དུག་རུལ་དེ་ངས་བཏང་པར་ཡིན་ཞེས་ཞུ་བ་ཕུལ་བ་དེར་ཅི་དགོད་སྤྲོ་བ་ཞིག་མི་འདུག་གམ།

    དེ་བཞིན་སྤྱི་འཐུས་གྲོས་ཚོགས་ཀྱི་དགོངས་དག་འདི་ཡང་ཧཧཧཧཧཧཧཧཧཧཧཧཧ

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། འདི་ལྟ་བུའི་གནད་ལ་འཁེལ་བའི་གཏམ་ཐུང་འདི་ལོ་རྒྱུས་ཀྱི་ལེའུར་ལྷག་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། གང་ལྟར་ཐབས་ཤེས་མེད་སོང་བ་རེད། གལ་ཏེ་ཐབས་ཤེས་ཤིག་ཡོད་སོང་བའི་དབང་དུ་བཏང་རུང་མི་ཚེ་ཧྲིལ་པོ་བོད་མིའི་སྤྱི་ཚོགས་སུ་ནག་པོ་བྱས་ནས་འདུག་བཟོད་པའི་སྙིང་སྟོབས་ཡོད་དགོས་པ་རེད། དེ་མེད་ན་དཱ་ཁ་བཙུམ་ན་ཡག་གི་རེད། འདི་ནི་བོད་མིའི་བྱེད་ཕྱོགས་ལས་མཐོང་བའི་གནད་དོན་དངོས་ཡིན།

    ནོར་བཅོས་ཡིན།

    Reply
  7. ཨ ༚ བཙན་པོ། says:
    ལོ་ 16 སྔོན།

    ཕྱིར་ཡིན་ན་ཞེས་པ་སྤྱིར་ཡིན་ན་ཞེས་པར་ནོར་བཅོས་ཡོངས་བ་ཞུ།

    Reply
  8. ཨ ༚ བཙན་པོ། says:
    ལོ་ 16 སྔོན།

    གནས་ཚང་ལགས། ཕྱིར་ཡིན་ན་ཁྱོད་ཀྱི་འདྲི་བ་འདི་ལ་ལན་འདེབས་མཁན་མཁས་དབང་ཞིག་དགོས་པ་ཁྱོད་ཀྱི་རེ་སྐུལ་ཡིན་པས་ང་འདིར་འཚང་ན་འཚམ་མིན་མི་ཤེས་མོད། འོན་ཀྱང་ང་ཡང་ཚིག་འདི་གཉིས་ལ་བསམ་བློ་གཏོང་མཁན་ཞིག་ཡིན་པས་ཚིག་འགའ་བཤད་འདོད་བྱུང་སོང་བས་ཐུགས་དང་འགལ་བ་བྱུང་ན་བཟོད་གསོལ་ཞུ། ཕྱིར་ཡིན་ན་༼ཡེ་ཤེས་དབྱིངས་དཔྱད༽དང༼བརྒྱ་ཁ་གཅིག་གཅོད༽ཞེས་པའི་ཚིག་གཉིས་པོ་འདི་མི་ནག་ཚང་གི་གསུངས་པ་ལྟར་ཚིག་རང་གི་ངོས་ནས་བལྟས་ན་མི་མཚུངས་པ་བདེན་ཀྱང་། ང་ཚོས་སྤྱི་ཚོགས་འདིའི་ངོས་ནས་བལྟས་ན་སྤྱི་འཐུང་ནང་ཡིན་ནའང་འདྲ། དམིགས་བསལ་ཚོགས་ཆེན་ནང་ཡིན་ནའང་འདྲ། ཕལ་ཆེར་ཡེ་ཤེས་དབྱིངས་དཔྱད་ཞེས་པ་དེ་བརྒྱ་ཁ་གཅིག་གཅོད་ལྟ་བུ་ཞིག་ལ་གོ་བ་ལེན་གི་མེད་འགྲོ་བསམ་བའི་ཚོར་བ་ཤུགས་ཆེན་ཡོང་གི་འདུག

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གནས་ཚང་ལགས། སྤྱིར་ན་འདིར་མཁས་པ་ཞིག་གིས་ལན་འདེབས་རྒྱུ་ནི་ཁྱེད་ཀྱི་རེ་སྐུལ་རེད།

    ཡིན་ཡང་། མཆན་འདེབས་སའི་བསམ་ཚུལ་འདི་ང་རང་ཉིད་དང་འབྲེལ་བ་ཡོད་པའི་དབང་གིས་རང་གི་བསམ་ཚུལ་ཞིག་མི་འབུལ་ཀ་མེད་དུ་གྱུར།

    འདི་གཉིས་མིང་གཅིག་དོན་གྱི་རྣམ་གྲངས་རེད་ཟེར་བ་ནི་མ་བརྟག་པའི་སྐད་ཆ་རེད་འདོད། ཡེ་ཤེས་དབྱིངས་དཔྱད་ཅེས་པ་ནི་ཡིད་ཆེས་དང་འབྲེལ་བ་ཞིག་རེད། བརྒྱ་ཁ་གཅིག་གཅོད་ནི་བཙན་འཕྲོག་དང་འབྲེལ་བ་ཞིག་རེད།

    འདི་གཉིས་ཀྱི་ཡོང་སྟངས་དང་ངོ་བོ་འདྲ་གི་མ་རེད། འདི་ནི་དད་པའི་དབང་དུ་སོང་བའི་སྐད་ཆ་མིན། བརྗོད་པ་འདི་གཉིས་ཀྱི་དོན་རྩ་ལ་འཇུས་པའི་ལྟ་ཚུལ་ཡིན།

    Reply
  10. གནས་ཚང་། says:
    ལོ་ 16 སྔོན།

    ༼ཡེ་ཤེས་དབྱིངས་དཔྱད༽དང༼བརྒྱ་ཁ་གཅིག་གཅོད༽གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་རེད་ཅེས་པ་དེ་བདེན་ནམ། དད་པ་ཡོད་མདོག་མི་སྟོན་པའི་མཁས་དབང་ཞིག་གིས་ལན་ཞིག་གནང་བར་སྒུག་གི་ཡིན།

    Reply
  11. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    ནམ་རིང་ན་རྨི་ལམ་མང་ཟེར། འདི་ཅིས་མ་བདེན། ང་ཚོ་བྱེས་སུ་གྱེར་བའི་མི་ལོ་ཧྲིལ་བོ་ལྔ་བཅུའི་རིང་རྨི་ལམ་ཅི་འདྲའི་མང་པོ་ཞིག་རྨིས་པ་ཡིན་ནམ། སྒེར་བའི་སྒེར་གྱི་རྨི་ལམ་རྨིས། གཞུང་གིས་གཞུང་གི་རྨི་ལམ་རྨིས། ཚོགས་པ་སྐྱིད་སྡུག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རང་གི་ས་ནས་རང་རང་གི་རྨི་ལམ་རྨིས། ད་དུང༌། གཏོར་བཤིག་གི་རྨི་ལམ་དང༌། མདུན་བསྐྱོད་ཀྱི་རྨི་ལམ། ཆོལ་ཁ་དང་ཆོས་ལུགས་དབྱེ་འབྱེད་ཀྱི་རྨི་ལམ་ཡང་རྨིས། འདི་ལྟར་བསམ་ན་དངོས་གནས་ནམ་མ་གསལ་བའི་སྔ་རོལ་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང༌།

    Reply
  12. བསེ་རུ། says:
    ལོ་ 16 སྔོན།

    ཡེ་ཤེས་དབྱངས་དཔྱད་དང་། ཡེ་ཤེས་དཔྱངས་དཔྱད་གཉིས་ཀྱིས་ཡེ་ཤེས་དབྱིངས་དཔྱད་ནུས་མེད་དུ་མ་གཏོང་རོགས།།

    Reply
  13. བསྟན་འཛིན་ཚེ་དཔག says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོར་སྐད་ཆ་གཅིག་ཡོད་རེད། ༧གོང་ས་མཆོག་གིས་མི་མང་ལ་བརྡར་ཤ་གཅོད་པའི་གོ་སྐབས་དང་གནས་ལུགས་ཀྱི་གོ་བརྡ་ཇི་ལྟར་གནང་ཡང་ང་ཚོའི་བོད་མི་མང་གི་སྤྱི་འཐུས་རྣམ་པས། བཤད་བཤད་མཐར། བཙག་བཙག་མཐར། སྐད་ཆ་གཅིག་ཡོད་རེད། དེ་༧གོང་ས་མཆོག་གི་ཡེ་ཤེས་དབྱངས་དཔྱད་ཟེར་བ་འདི་ཁོ་ན་རེད། དམིགས་བསལ་ཚོགས་ཆེན་གཙོས་པའི་གོ་སྐབས་མང་པོ་ཡེ་ཤེས་དཔྱངས་དཔྱད་ཀྱི་ཚིག་འདི་བེད་སྤྱོད་བཏང་ནས་མཇུག་བསྡུས་འགྲོ་གི་རེད།
    ད་ལྟའི་ཆར་ཐག་གཅོད་ག་རེ་བྱེད་ཀྱང་། ཡེ་ཤེས་དཔྱངས་དཔྱད་ཞེས་ཁ་གཡར་ས་འདི་ཚོགས་འདུའི་མཇུག་སྡོམ་བྱེད་རེད།
    ད་ཉལ་ནས་ཡར་མ་ལངས་ན་འགྲིག་གི་ཡོད་ས་རེད།

    Reply
  14. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    མདོ་ན།
    ཆོལ་ཁའི་འཐབ་རྩོད་ཁ་བྲལ་རིང་ལུགས་ཡིན།།
    ལུང་ཚན་ཕྱོགས་རིས་རྒྱུ་དག་མེད་པའི་རྟགས།།
    གསར་རྙིང་དབྱེར་བ་ལ་རྒྱ་ཉམས་པའི་རྒྱུར།།

    ཆོལ་ཁའི་འཐབ་རྩོད་སྤོང་ནས་གཅིག་གྱུར་དགོས།།
    ལུང་ཚན་ཕྱོགས་རིས་སྤོང་ནས་ལག་སྦྲེལ་དགོས།།
    གསར་རྙིང་དབྱེར་བ་མེད་པ་ཤ་ཚ་དགོས།།
    དེ་གསུམ་འཛོམས་ན་དགྲ་མགོའི་ཐོ་བ་ཡིན།།

    ཆོལ་ཁའི་འཐབ་རྩོད་རྒྱ་ནག་གཞུང་ལ་ཕྱོགས།།
    ཕྱོགས་རིས་བྱེད་ན་རྒྱ་དང་བོད་ལ་བྱོས།།
    གསར་རྙིང་དབྱེར་ན་རྒྱ་དང་བོད་ལ་དབྱེར།།
    རང་སྐྱོང་མ་ཟད་རང་བཙན་འཐུབ་པ་ངེས།།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རྡོག་རྩ་གཅིག་སྒྲིལ་ཞེས་བཅོས་དགོས་ཡིན་ནམ་སྙམ། འགྲིན་བཟང་ལགས་ཅིག་གསུང་དང་།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དུས་བབ་དྲ་བ་འདི་ནི་བོད་མི་རིགས་ཀྱི་བདེ་སྡུག་གླེང་སའི་བོད་ཡིག་གི་དྲ་བ་ཡག་ཤོས་ཤིག་དང་དུས་བབ་རྩོམ་སྒྲིག་པའི་དཔྱད་རྩོམ་ནི་ག་དུས་ཡིན་ནའང་དམིགས་གསལ་གྱི་ཁྱད་ཆོས་དང་ལྡན་པ་ཞིག་རེད་སྙམ།
    བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སྐབས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པས་རྐྱེན་གྱིས་སྤྱི་ཚོགས་ནང་དུ་དགག་པ་རྒྱག་མཁན་མང་བའི་སྐབས་འདིར་སྤྱི་འཐུས་གྲོས་ཚོགས་སྐབས་དགུ་པ་འཚོགས་ཡོད་པ་དང་། གནས་སྟངས་འདིའི་སྐབས་སུ་སྤྱི་འཐུས་རྣམས་རྡུག་རྩ་གཅིག་སྒྲིལ་མེད་པ་དང་ཕྱོགས་ཁག་གཉིས་ཀྱི་རྩོད་ཉོག་ལྷག་མ་མཇུག་སྡོམ་རྒྱག་དགོས་པར་བཅས་གྲོས་ཚོགས་རང་ལ་ནུས་པ་མེད་པའི་དུས་ཚོད་ཤིག་རེད་འདོད།
    སྤྱི་འཐུས་གྲོས་ཚོགས་ཁ་མ་འགྲིག་པའི་དུས་ཚོད་འདིའི་ཐོག་ཏུ་བོད་མི་རིགས་སྤྱི་ཡི་རྩ་དོན་གྱི་ཉོག་གླེང་གྲོས་ཚོགས་ནང་དུ་སླེབས་ཡོང་དུས། ཐོག་མ་༧གོང་ས་མཆོག་གི་བཀའ་ལུང་གསལ་བསྒྲགས་བྱས་པ་དང་མཁས་དབང་བཀའ་ཁྲི་མཆོག་གིས་གསལ་འགྲེལ་གྱི་སྒྲུབ་བྱེད་རྒྱས་པ་ཞིག་གསུངས་ཡོད་པ་རེད།
    གནས་སྟངས་འདིའི་འོག་ཏུ་བོད་མི་མང་སྤྱི་འཐུས་རྣམ་པའི་བོད་རྒྱ་ཆེན་མང་ཚོགས་ཀྱི་ནང་དུ་མི་མང་གི་བསམ་ཚུལ་ལྟར་མི་མང་རང་གིས་གང་རྩོད་འདོད་པ་དང་མི་དམངས་ཀྱི་ལྟ་བ་ག་རེ་ཡིན་པར་གཞི་བཟུང་བའི་ཐོག་ཏུ་ཐག་བཅད་བྱས་ཐུབ་མཁན་གྱི་གྲོས་ཚོགས་ཤིག་ཆགས་ཐུབ་མེད།

    ༧གོང་ས་མཚོག་གི་བོད་མི་རིགས་ལ་མང་གཙོ་རང་དབང་ཞིག་གནང་བ་དེར་ཡང་དེང་སང་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་ངན་འགའ་རེའི་བོད་མི་རིགས་ཀྱི་ལག་ཏུ་མང་གཙོ་བཞག་པ་འདི་ལོ་ན་མ་སོན་པའི་ཕྲུག་གུའི་ལག་ཏུ་གྲི་བཞག་པར་དང་གཅིག་པ་ཡིན་ཚུལ་སོགས་ཧམ་འགྲེལ་ཧམ་རྟགས་བཀོད་ནས་ངན་ཁག་བོད་མི་ཉམ་ཆུང་ཚོའི་མགོ་ཐོག་ཏུ་བཞག་པ་འདིར་ཅི་འདྲ་དགོད་སྤྲོ་བ་ཅིག་རེད་ཨང།

    ཅི་བཤད་མ་ལྟ་ཅི་ལས་ལྟོས།
    བཤད་པ་མི་བདེན་སྤྱོད་པ་ལྟོས།

    Reply
  17. མདོ་ལའི་འཁྱམས་པོ། says:
    ལོ་ 16 སྔོན།

    སྤྱིར་ང་ཚོའི་བོད་པ་ཚང་གིས་དམངས་གཙོའི་ལམ་ལུགས་སམ་སྲོལ་ལུགས་འདི་ལྟར་ཡིན་པས་དམངས་གཙོ་ཡང་དག་པ་ཞིག་གི་ལམ་ཁར་བསྐྱོད་རྒྱུ་དེ་ད་དུང་མི་རབས་ཁ་ཤས་བརྒྱུད་དགོས་སྙམ། བོད་ཀྱི་ཆབ་སྲིད་པ་དང་སྤྱི་ཚོགས་ཐོག་གི་མི་དྲགས་ཅན་ཚོའི་མཐོང་རྒྱ་དང་དམངས་གཙོའི་བསམ་བློའི་ཀུན་གཞི་རྗེས་ལུས་ཀྱི་རང་བཞིན་དུ་གྲུབ་པས་བོད་ཀྱི་མ་འོངས་པའི་གནད་དོན་ཐག་གཅོད་དེའང་འདི་ལྟར་འགྲོ་རྒྱུ་ཡིན་པར་གོར་མ་ཆག།

    Reply
  18. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    གང་ལྟར་ཀྱང་ད་ཐང་གི་ཚོགས་འདུ་རྒྱལ་ཁའི་ངང་འཇུག་བསྒྲིལ་རེད
    རྟེན་འབྲེལ་ཞུས་ན་རེད་
    མ་འོང་པ་མ་ཡིན་དེ་་་་དེ་ལ་འཁྲུལ་བའི་ཕྱིར།

    Reply
  19. བློ་བཟང་བསྟན་འཛིན། says:
    ལོ་ 16 སྔོན།

    བོད་མི་ཚོ་ད་དུང་ན་མ་ལོན་པའི་བྱིས་པལྟ་བུ་། རང་ཐག་རང་གིས་གཅོད་མི་ཤེས་པ་གང་ཡིན་ནམ། བྱ་བ་དང་ལས་དོན་གང་ཞིག་དྲང་བདེན་ཡིན་མིན་དང་། ང་ཚོ་གང་ཞིག་བྱེད་དགོས་མིན། ང་ཚོར་ག་རེ་དགོས་མིན་།དེ་དག་ཚང་མར་ད་དུང་བྻ་མའི་ལུང་དང་བླ་མའི་བཀའ་ཞིག་དགོས་ན། ཉིན་ཞིག་བྻ་མ་མ་བཞུགས་པའི་དུས་ལ་ང་ཚོས་ལས་ཀ་ཅི་ཞིག་བྱེད་རྒྱུ་བཞག་ནས་ཐག་གཅོད་ཀྱང་མི་ཐུབ་པ་གཏན་ཁེལ་བ་རེད། དདདདདདདདདདདདདདཕྲུ་གུ་ཕྲུ་གུ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese