མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕོ་བྲང་པོ་ཏ་ལ་ཉེན་ཁར་ཚུད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཕོ་བྲང་པོ་ཏ་ལའི་བརྟན་གནས་ལ་བསྐྱར་ཏུ་ཉེན་ཁ་བསླེབས་འདུག་ལ། དེ་ནི་པོ་ཏ་ལའི་འོག་ཏུ་ཤར་ནས་ནུབ་ལ་སྦྲེལ་བའི་ས་འོག་གཞུང་ལམ་ཞིག་བཟོ་བཞིན་པ་དེར་ཆུ་ལོག་བྱུང་སྟབས། མཐའ་འཁོར་གྱི་ས་ངོས་སུ་སེར་ག་ཤོར་བའི་དབང་གིས་ཡིན་འདུག

བཙན་བྱོལ་བོད་གཞུང་ལ་གནས་ཚུལ་འབྱོར་བ་ལྟར་ན། པོ་ཏ་ལའི་འོག་གི་ས་འོག་གཞུང་ལམ་དེ་བཟོ་བཞིན་པའི་སྐབས་སུ། ཆུ་ལོག་བྱུང་བའི་ཤུགས་རྐྱེན་གྱི་དབང་གིས་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་ས་ངོས་སུ་སེར་ག་གས་པ་དང་། ཕོ་བྲང་གི་བརྟན་གནས་ལ་གནོད་ཚབས་ཆེན་པོར་གྱུར་འདུག

༡༩༨༨ ལོ་ནས་ ༡༩༩༣ ལོའི་བར་གྱི་ཞིག་གསོའི་སྲིད་བྱུས་ཀྱི་འོག་ནས་རྒྱ་གཞུང་གིས་ཕོ་བྲང་པོ་ཏ་ལར་ཡང་ཉམས་གསོ་བྱེད་པའི་ལས་གཞི་མགོ་བཙུགས་ཡོད་ལ། ༢༠༠༠ ལོར་ཕོ་བྲང་ནང་ལོག་གི་སྡེབས་རིས་དང་བརྐོས་རིས་མང་པོ་ཞིག་བསྐྱར་ཏུ་བྲིས་ཡོད། སྐབས་དེར་བོད་ལུགས་ཀྱི་སྒྱུ་རྩལ་ལ་ཉམས་མྱོང་མེད་པའི་དབང་གིས་སྡེབས་རིས་འགའ་ཤས་ལ་རྒྱ་ནག་གི་སྒྱུ་རྩལ་བ་དག་གིས་ལག་པ་འཆང་སྟེ་སྐྱོན་ཆེན་པོ་བཟོས་ཡོད་འདུག

བཙན་བྱོལ་བོད་གཞུང་གིས་བཤད་དོན། རྒྱ་ནག་གཞུང་གིས་བོད་ནང་དུ་དེང་རབས་ཀྱི་གྲོང་ཚོ་གསར་པ་འཛུགས་བསྐྲུན་བྱེད་པའི་ལས་འགུལ་འོག ཕོ་བྲང་པོ་ཏ་ལ་གཙོས་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དང་ཤུལ་དངོས་རྩ་ཆེན་མང་པོ་ཞིག་གཏོར་བཤིག་བཏང་ཡོད་འདུག

བོད་མི་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་འཛམ་གླིང་སྟེང་གི་རིག་གནས་ཀྱི་ཤུལ་བཞག་གལ་ཆེན་འདི་གཏོར་བཤིག་ལས་སྲུང་སྐྱོབ་ཡོང་བར་འབོད་སྐུལ་ཞུ་གིན་ཡོད་ཅེས་བོད་གཞུང་གི་དྲ་ངོས་སུ་བཀོད་ཡོད་པ་རེད།

ཕོ་བྲང་པོ་ཏ་ལ་ནི་ ༡༩༩༤ ལོར་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་རྣམ་གྲངས་གྲས་སུ་ཚུད་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༩ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 6

  1. གངས་ཅན་པ། says:
    ལོ་ 16 སྔོན།

    རྒོལ་ན་འདོད་ཀྱང་ནུས་པ་དབེན་པས། མ་གོ་ན་དགའ་བའི་གནས་ཚུལ་འདི་ཚོས་ངའི་སེམས་པ་གཏིང་ནས་ན་སོང་།

    Reply
  2. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    ཕྱི་རོལ་གྱི་དངོས་པོ་འཇིག་པ་ལས་ནང་གི་བཟང་སྤྱོད་ཀྱི་འདུ་ཤེས་འཇིག་ན་ཉེས་ཁ་ཆེ

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཡར་རྒྱས་ཀྱི་རྣམ་པའི་འོག་ནས་ཆག་འཇིག་ཆེན་པོ་ཡོང་རྒྱུ་རེད་ཡ་་་་་་་རྒྱ་ཟ་ཡ་རྒྱ་ཟ་་བོད་ཀྱི་ན་མ་

    Reply
  4. དཔའ་ཆེན་དོན་གྲུབ། says:
    ལོ་ 16 སྔོན།

    ཕོ་བྲང་པོ་ཏ་ལ ཕོ་བྲང་པོ་ཏ་ལ ད་ཚར་རྒྱུ་རེད་ཡ་

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་རྗེས་གཟིགས་ཏེ། འཕགས་མཆོག་ཕྱག་ན་པདྨོའི་ཕོ་བྲང་ལ་འགལ་རྐྱེན་བར་ཆད་ཞི་ནས་གཟི་བརྗིད་ཀྱིས་རིང་དུ་འཚོ་བར་ཤོག།

    Reply
  6. བྱམས་རྒྱལ། says:
    ལོ་ 16 སྔོན།

    འདིའི་སྐོར་ན་ནིང་དྲ་གྲོགས་བྱིས་པ་་འགས་ཡར་རྒྱས་ཤིན་ཏུ་ཆེན་པོ་ཡིན་ལུགས་བཤད་སོང་ ད་ཡར་རྒྱས་རེད་འདུག་ ཉེན་ཁ་རེད་འདུག་།

    བོད་ནང་རྒྱ་རིག་གནས་སྤོ་མང་དྲགས་པས་ས་སྟེང་ འགྲོ་ལམ་མི་རྙེད་པའི་གནས་ཚུལ་འདི་བྱུང་བ་རེད་དང་།

    ད་དུང་པོ་ཏ་ལ་ཆག་འཇིག་གཏང་རྒྱུའི་ལྐོག་བྱུས་འདེངས་མེད་པའང་མིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese