མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་མཉེན་ཆས་གོང་སྤེལ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འདས་པའི་ལོ་ ༦ རིང་བོད་ཡིག་མཉེན་ཆས་ཀྱི་ཐོག་ལ་རྒྱ་སྒོར་ཁྲི་ ༣༣༠༠ བཏང་བ་ཡིན་ཟེར།

༢༠༠༤ ལོ་ནས་རྒྱ་ནག་གིས་བོད་ཡིག་མཉེན་ཆས་གསར་བཟོའི་ཐད་དུ་རྒྱ་སྒོར་ཁྲི་ ༣༣༠༠ ལྷག་བཏང་སྟེ་བོད་ཡིག་ཨང་སྒྲིག་ཡིག་རྟགས་གཅིག་བསྡུས་ཀྱི་ཚད་གཞི་གཏན་འབེབས་དང་། ཡི་གེ་ཕབ་པ་དང་བཀོལ་སྤྱོད་མ་ལག གཞུང་དོན་ལྷུ་ལག་ཆ་འགྲིག དྲ་ངོས་ལྟ་དཔྱད་འཕྲུལ་ཆས། པར་སྐྲུན་མ་ལག་སོགས་ཚུད་པའི་རྣམ་གྲངས་ཆེ་གྲས་ ༩ དང་། འགག་རྩའི་རང་བཞིན་ལྡན་པའི་བོད་ཡིག་གི་རྨང་གཞི་དང་ཐུན་མོང་གི་རང་བཞིན་ལྡན་པའི་མཉེན་ཆས་ཆུང་གྲས ༡༣ ཞིབ་འཇུག་གསར་སྤེལ་བྱས་ཡོད་ཟེར།

ཕྱི་ཚེས་ ༡༨ ཉིན་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༡༨ ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་ཁྱབ་གདལ་གྱི་ལས་བསྡོམས་སྙན་ཞུའི་ཚོགས་འདུ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱལ་ཡོངས་དམངས་འཐུས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷང་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དེ་བཞིན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་གཞུང་ལས་ཁང་། རྒྱལ་ཁབ་དམངས་ཨུད། སློབ་གསོ་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཚན་རིག་གླིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་ལས་ཁུངས་ཁག་གི་དབུ་ཁྲིད་ཁག་ཅིག་མཉམ་ཞུགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུའི་གློག་རྡུལ་བཟོ་ལས་ཚད་ལྡན་ཅན་ཞིབ་འཇུག་སོའོ་སོགས་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་བྱེད་མཁན་གྱི་ལས་ཁུངས་ ༡༣ དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། ཧྲང་ཧའེ། ཤིན་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་ས་ཁུལ་གྱི་ཆ་འཕྲིན་ཅན་དོ་དམ་སྡེ་ཚན། དེ་བཞིན་པེ་ཅིང་གི་བོད་ཡིག་མཉེན་ཆས་བཀོལ་མཁན་སྡེ་ཚན་གྱི་འཐུས་མི་ ༡༠༠ ཙམ་ཐེངས་དེའི་ཚོགས་འདུར་ཞུགས་ཡོད་འདུག

        ཚོགས་འདུའི་ཐོག བཟོ་ལས་དང་ཆ་འཕྲིན་ཅན་པུའུའི་པུའུ་ཀྲང་གཞོན་པ་ལའུ་ཆིན་ཅན་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་ར་བློ་བཟང་བསྟན་འཛིན་གཉིས་ཀྱིས་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་དུ་གཏོང་བའི་ལས་དོན་སྐོར་ལ་སྙན་སྒྲོན་གནང་ཞིང་། ༢༠༠༤ ལོར་བཟོ་ལས་དང་ཆ་འཕྲིན་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཉིས་ཀྱིས་ <<བོད་ཡིག་མཉེན་ཆས་གསར་སྤེལ་དང་ཁྱབ་གདལ་སྐོར་གྱི་ཆ་འཕྲིན་ཐོན་ལས་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མཉམ་ལས་གྲོས་མཐུན།>> ཞེས་པར་མིང་རྟགས་བཀོད་དེ། བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་བོད་ཡིག་མཉེས་ཆས་གསར་སྤེལ་གྱི་ལས་དོན་གྱི་འགན་ཁུར་རྒྱུ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་ཡིག་མཉེས་ཆས་ཁྱབ་གདལ་དུ་གཏོང་བའི་ལས་དོན་གྱི་འགན་ཁུར་རྒྱུ་བྱས་རྗེས།  བཟོ་ལས་དང་ཆ་འཕྲིན་པུའུ་ཡིས་སྤྱི་ལོ་ ༢༠༠༥ ལོར་གློག་རྡུལ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཐེབས་རྩས་བཀོད་སྒྲིག་བྱས་པའི་མ་དངུལ་སྒོར་ཁྲི་ ༣༣༠༠ ལ་བརྟེན་ནས། བོད་ཡིག་མཉེན་ཆས་གསར་སྤེལ་ཐད་ཀྱི་ཆེད་དམིགས་རྣམ་གྲངས་ལག་བསྟར་བྱས་ཤིང་། རྒྱལ་ནང་དང་བོད་ལྗོངས་ཀྱི་བོད་སྐད་ཡིག་དང་ཆ་འཕྲིན་ལག་རྩལ་ཐད་ཞིབ་འཇུག་གནང་མཁན་གྱི་རིགས་གཅིག་མཁས་པ་དང་ལྷན་དུ་འབད་བརྩོན་གནང་བ་བརྒྱུད། རྒྱལ་ཁབ་ཀྱི་དོན་དངོས་དང་འཚམ་པའི་བོད་ཡིག་ཨང་སྒྲིག་ཚད་གཞི་གསར་དུ་བཟོས་ནས། ནང་འཇུག་བྱེད་ཐབས་དང་། བཀོལ་སྤྱོད་མ་ལག  དྲ་ངོས་རགས་གཟིགས་ཡོ་ཆས། དཔེ་སྐྲུན་མ་ལག་སོགས་རྣམ་གྲངས་ཆེན་པོ་ ༩ དང་།  གནད་འགག་ཆེ་བའི་བོད་ཡིག་གི་རྨང་གཞི་དང་སྤྱི་པའི་ཚུལ་གྱི་མཉེན་ཆས་ཆུང་གྲས་ ༡༣ ཞིབ་འཇུག་དང་གསར་སྤེལ་བྱས་སྐོར་གཏམ་བཤད་སྤེལ་འདུག

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དངུལ་རྩ་སྒོར་ཁྲི་ ༥༠༠ བཏང་ནས་བོད་ཡིག་མཉེན་ཆས་ཁྱབ་གདལ་དུ་གཏོང་བའི་ལས་དོན་འཆར་གཞི་ལག་བསྟར་བྱས་ནས། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་སྒྲིག་འཛུགས་འོག ཞིབ་འཇུག་ལས་དོན་ནང་ཞུགས་མཁན་གྱི་ལས་ཁུངས་དང་འབྲེལ་ཡོད་ལག་རྩལ་མི་སྣ་དག་ལྗོངས་ཡོངས་ཀྱི་ས་ཁུལ་ (གྲོང་ཁྱེར) བདུན་དུ་ཟབ་ཞུགས་ཀྱིས། བོད་ཡིག་མཉེན་ཆས་དང་མཁྲེགས་ཆས་ཆ་ལག་ཚང་བ་ཞལ་འདེབས་སུ་ཕུལ་བ་དང་། ཆེད་དམིགས་གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་ཀྱི་ཐབས་ལམ་སྤྱད་དེ། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་དུས་རབས་གསར་པའི་བོད་ཡིག་མཉེས་ཆས་དེ་བོད་ལྗོངས་ཀྱི་ས་ཁོངས་ཡོངས་སུ་ཁྱབ་གདལ་ཡོང་བར་སྐུལ་འདེད་བཏང་བ་རེད་ཅེས་དང་། ཡང་བོད་ཡིག་མཉེས་ཆས་གསར་སྤེལ་དང་ཁྱབ་གདལ་བྱུང་བའི་ལས་དོན་དེས་བོད་རིགས་འདི་ཉིད་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུར་གལ་ཆེའི་ནུས་པ་ཐོན་ཡོད་ལ། དེའི་ཐོག་ནས་རྒྱལ་ཁབ་ཀྱིས་བོད་མི་རིགས་ཀྱི་རྩ་ཆེའི་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་ཡང་གསལ་པོར་མཚོན་ཡོད་པ་རེད་ཅེས་གསལ་ཡོད།

དེ་བཞིན་ཕྱི་ཚེས་ ༢༣ ཉིན་བོད་ལྗོངས་རླུང་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་སྐོང་འཚོགས་བྱས་པའི་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་བཀོལ་སྤྱོད་ལས་ཀའི་ཕྱོགས་བསྡོམས་སྙན་ཞུའི་ཚོགས་འདུའི་ཐོག་བཟོ་ལས་དང་བརྡ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའོ་ཆིན་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བཟོ་ལས་དང་བརྡ་འཕྲིན་ཅན་པུའུ་ཡིས་མ་དངུལ་སྒོར་ཁྲི་ ༣༣༠༠ བཏང་ནས་ཆེད་མངགས་བོད་ཡིག་མཉེན་ཆས་གསར་སྤེལ་རྣམ་གྲངས་སྤེལ་རྒྱུའི་ལས་དོན་སྒྲིག་འཛུགས་བྱས་ཡོད་ལ། བོད་སྐད་ཡིག་དང་བརྡ་འཕྲིན་ལག་རྩལ་ཐད་ཀྱི་རིགས་གཅིག་མཁས་པས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་བོད་ཡིག་ཨང་སྒྲིག་ཡིག་རྟགས་གཅིག་བསྡུས་ཀྱི་ཚད་གཞི་གཏན་འབེབས་དང་། ཡི་གེ་ཕབ་པ་དང་བཀོལ་སྤྱོད་མ་ལག གཞུང་དོན་ལྷུ་ལག་ཆ་འགྲིག དྲ་ངོས་ལྟ་དཔྱད་འཕྲུལ་ཆས། པར་སྐྲུན་མ་ལག་སོགས་ཚུད་པའི་རྣམ་གྲངས་ཆེ་གྲས་ ༩ དང་། འགག་རྩའི་རང་བཞིན་ལྡན་པའི་བོད་ཡིག་གི་རྨང་གཞི་དང་ཐུན་མོང་གི་རང་བཞིན་ལྡན་པའི་མཉེན་ཆས་ཆུང་གྲས ༡༣ ཞིབ་འཇུག་གསར་སྤེལ་བྱས་ཡོད། དེའི་ནང་གི་གྲུབ་འབྲས་མང་དག་ཅིག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཟིན་ཐོག་བོད་ཡིག་བརྡ་འཕྲིན་ཐག་གཅོད་མཉེན་ཆས་གཞི་རྩའི་ཆ་ནས་མིག་སྔའི་རྒྱ་ཡིག་གི་མཉེན་ཆས་དང་གཅིག་འདྲའི་ལག་རྩལ་གྱི་ཆུ་ཚད་ལ་སླེབས་ཡོད་པ་རེད་ཅེས་གསལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    རྒྱ་ནག་སྲིད་གཞུང་གིས་བོད་མིར་མཐོང་ཆུང་དང་བརྙས་བཅོས་བྱེད་ཀྱང་། འདི་འདྲ་རླབས་ཆེན་གྱི་བོད་ཡིག་མཉེན་ཆས་བཟོ་བ་དེ་ནི་ཁྱད་མཚར་རེད།

    Reply
  2. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བོད་ཡིག་གི་མཉེན་ཆས་བཏོན་པ་ཡག་པོ་རེད། ཡིན་ནའང་མཉེན་ཆས་དེ་དང་མཉམ་དུ་བོད་ཡིག་དྲ་རྒྱ་སོགས་གཏོར་བདེ་བའི་མ་ལག་བཅུག་ཡོད་པའི་དོགས་པ་མི་བྱེད་ཀ་མེད་ཆགས་ཡོད། སྨོན་ལམ་སོགས་བོད་མི་མཉེན་ཆས་ལ་མཁས་པ་ཚོས་འདིའི་ཐད་ཞིབ་འཇུག་ཞིག་བྱེད་ཐུབ་ན་ཡག་པོ་འདུག

    Reply
  3. བཀྲ་ཤིས། says:
    ལོ་ 16 སྔོན།

    གྲོགས་པོ སྐར་མ་རྡོ་རྗེ་ཁྱེད་རང་གིས་དེ་འདྲ་མ་གསུང་དང་བོད་ཡིག་བོད་མི་རིགས་ཀྱི་སྲོག་རྩ་ཡིན་པ་ཁྱེད་རང་གིས་ཤེས་ཀྱི་མེད་དམ། བོད་ཡིག་མཐོང་ཆེན་པོ་ག་ཚོད་བྱས་དེ་ཚོད་ཀྱིས་ཕན་ཐོག་ཆེན་པོ་ཡོང་ངེས་རེད། འོན་ཀྱང་གོང་དུ་བཤད་སྡད་པའི་སྐད་ཆ་དེ་དག་བདེན་ཡིན་མིན་ངས་བཤད་ཤེས་ཀྱི་མི་འདུག

    Reply
  4. karma dorje says:
    ལོ་ 16 སྔོན།

    བེད་སྤྱོད་བྱེད་མཁན་བོད་མི་ལ་རང་དབང་མེད་ན། བོད་ཡིག་གཉེན་ཆས་གྱིས་སུ་ལ་ཕན།

    Reply
  5. འོད། says:
    ལོ་ 16 སྔོན།

    མ་དངུལ་སྒོར་ཁྲི་ ༣༣༠༠ དེ་ཡང་ཁྱོད་ཚོས་ཟས་དང་ཚར་སོང་ང།

    Reply
  6. བསྟན་འཇམ says:
    ལོ་ 16 སྔོན།

    བོད་ཡིག་མཉེན་ཆས་དར་རྒྱས་ཡོང་པར་རྟེནའབྲེལ་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese