མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་ནང་གི་བོད་དོན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་དང་མཐུན་པའི་ལས་དོན་བྱེད་ཕྱོགས་ཐད་ཚོགས་འདུ་ཞིག་དེ་རིང་ངྷ་སར་སྐོང་ཚོགས་གནང་ཡོད།
 
དེ་རིང་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་གནང་བའི་ཨེ་ཤ་ཡའི་ས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དེ་བཞུགས་སྒར་གངས་སྐྱིད་སྤྱི་འཐབ་ཚོགས་ཁང་དུ་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ཡོད།

འདི་གའི་གསར་འགོད་པས་ཐེངས་འདིའི་ཚོགས་འདུ་གོ་སྒྲིག་གནང་མཁན་འཇམ་དབྱངས་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། སྔོན་མ་ནས་ང་ཚོས་ཨ་རི་དང་ཡུ་རོབ་རྒྱབ་ཁབ་ཁག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་མང་འཚོགས་པ་རེད། ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་དྲ་བས་གོ་སྒྲིག་གནང་བའི་ཚོགས་འདུ་འདི་དམིགས་བསལ་ཨེ་ཤ་ཡའི་ས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་མཉམ་འཛོམས་ཀྱི་ཚོགས་འདུ་ཞིག་ཡིན། ད་ལྟའི་བར་ཨེ་ཤ་ཡའི་ནང་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་ཐོག་རྒྱབ་སྐྱོར་བྱས་ཡོད་ཀྱང་། བོད་ནང་བཞུགས་པའི་བོད་མི་ཚོའི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་མཐུན་པའི་ལས་དོན་བྱེད་ཕྱོགས་ཐད་མ་འོངས་པར་ཨེ་ཤ་ཡའི་ནང་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་རང་ངོས་ནས་སྔར་ལས་ལྷག་པའི་ནུས་པ་གང་འདྲ་ཞིག་འདོན་དགོས་མིན་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་རུབ་ཀྱིས་ཅི་ཞིག་བྱ་ཐུབ་མིན་སོགས་ཀྱི་ཐད་བགྲོ་གླེང་་གནང་རྒྱུ་དང་། ཨེ་ཤ་ཡའི་ནང་ཁུལ་ཏུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མ་འོངས་པར་རྡོག་རྩ་གཅིག་སྒྲིལ་བྱ་ཆེད་ཐེངས་འདིའི་ཚོགས་འདུ་སྐོང་ཚོགས་གནང་བ་ཡིན། ཐེངས་འདིར་ང་ཚོ་ནང་ཁུལ་གྱི་ཚོགས་འདུ་ཡིན་པས་དམིགས་བསལ་གནད་ཡོད་མི་སྣ་མང་པོ་གདན་འདྲེན་ཞུས་མེད་ལ། གསར་འགོད་པ་ཡང་འཛུགས་ཞུགས་བྱེད་དུ་འཇུག་གི་མེད། ཅེས་བརྗོད་བྱུང་།

ཨེ་ཤ་ཡའི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པའི་རྒྱ་གར་ནང་གི་ཚོགས་འདུ་ཐེངས་དང་པོ་དེ་ ༢༠༠༨ ལོར་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་སྐོང་ཚོགས་གནང་ཡོད་པ་དང་། ཐེངས་འདི་ཚོགས་ཐེངས་གཉིས་པ་ཡིན་འདུག ཐེངས་འདིའི་ཚོགས་འདུའི་སྟེང་ཨེ་ཤ་ཡའི་རྒྱལ་ཁབ་ཐའེ་ཝན་དང་ཧོང་ཀོང། བྷང་ལ་ངྷེ་ཤི། ཉི་ཧོང། རྒྱ་གར་བཅས་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་མི་དང་བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་བཅས་མི་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

མཆན། 3

  1. ཁ་བའི་འོད་མདངས། says:
    ལོ་ 13 སྔོན།

    ཐེངས་འདིར་ཕེབས་པའི་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ད་སྐབས་ཁྱེད་རྣམས་བགྲོ་གླེང་དང་དཔྱད་བརྗོད། གྲོས་འཆར་དང་ལས་ཕྱོགས་མཐའ་དག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  2. གྲགས་པ་རྒྱ་མཚོ། says:
    ལོ་ 13 སྔོན།

    ཡག་པོ་རེད་འདུག

    Reply
  3. karma dorje says:
    ལོ་ 13 སྔོན།

    ཨེ་ཤ་ཡའི་རྒྱལ་ཁབ་ཐའེ་ཝན་དང་ཧོང་ཀོང། བྷང་ལ་ངྷེ་ཤི། ཉི་ཧོང། རྒྱ་གར་བཅས་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་བོད་དོན་རྒྱབ་སྐྱོར་དུ་འཛོམས་པར་བཀའ་དྲིན་ཆེ། ཨེ་ཤ་ཡའི་རྒྱལ་ཁབ་གཞན་པ་དེ་ཚོ་ནས་ཀྱང་ཚོགས་མི་གང་མྱུར་ཡོང་བའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist