མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

འཆར་ཟླའི་ཟླ་མགོ་ནས་བཟུང་༧གོང་ས་མཆོག་སི་ལོ་ཝེ་ནི་ཡ་དང་སུད་སི་གཉིས་ཀྱི་ནང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

སི་ལོ་ཝེ་ནི་ཡ་རྒྱབ་ཁབ་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་གནང་བ་ལྟར། ༧གོང་ས་མཆོག་འཆར་ཟླའི་ཚེས་ ༥ ནས་ཚེས་ ༧ བར་གྱི་ཉིན་གཉིས་རིང་སི་ལོ་ཝེ་ནི་ཡའི་གྲོང་ཁྱེར་མ་རི་བྷོར་ཞེས་པར་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱང་འཆར་ཡོད་པ་དང་།  ཕྱི་ཚེས་ ༦ ཉིན་ཡུལ་དེའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་མ་དང་མང་ཚོགས་ལ་འཛམ་གླིང་ཞི་བདེ་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་དང་།  ཕྱི་ཚེས་ ༧ ཉིན་དམིགས་བསལ་མགྲོན་འབོད་བྱས་པའི་ཡུ་རོབ་ཁུལ་གྱི་ཚན་རིག་དང་སྒྱུ་རྩལ་སློབ་གྲྭ་ཆེན་མོ་ European Academy of science and Arts  མི་སྣ་ ༨༠༠ ལྷག་ལ་ཟུར་དུ་བཀའ་སློབ་གནང་འཆར་ཡོད་འདུག  ཐེངས་འདིའི་༧གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་ཡུལ་དེའི་སྲིད་གཞུང་གི་གནད་ཡོད་མི་སྣར་མཇལ་འཕྲད་ཀྱི་མཛད་འཆར་མེད་ཀྱང་། རྒྱབ་ཁབ་དེ་ཉིད་ཀྱིས་དམིགས་བསལ་འབྲེལ་མཐུད་པ་ཞིག་གསར་འཛུགས་གནང་སྟེ། རྒྱལ་ཁབ་ཞིག་གི་སྲིད་འཛིན་གྱི་སྣེ་ལེན་དང་གཅིག་མཚུངས་ཀྱི་ཕེབས་བསུ་བྱ་རྒྱུ་ཡིན་སྐོར་ཡུལ་དེའི་བདེ་འཇགས་བློན་ཆེན་གྱིས་གསུངས་ཡོད་འདུག་ལ། གོ་སྐབས་འདི་དང་སྟབས་བསྟུན་དེ་༧གོང་ས་མཆོག་གྲོང་ཁྱེར་མ་རི་བྷོར་གྱི་མངའ་སྡེ་བློན་ཆེན་ལ་མཇལ་འཕྲད་གནང་འཆར་ཡོད་སྐོར་ཡང་གསུངས་འདུག

ཐེངས་འདིའི་སི་ལོ་ཝེ་ནི་ཡའི་ཁུལ་གྱི་མཛད་འཕྲིན་ཡོངས་སུ་གྲུབ་རྗེས་ཀྱི་ཕྱི་ཚེས་ ༨ ཉིན་༧གོང་ས་མཆོག་སུད་སི་རྫུ་རིག་གྲོང་ཁྱེར་ནང་གི་རི་དགོན་ཆོས་འཁོར་དགོན་པར་ཆིབས་བསྒྱུར་དང་འབྲེལ།  ༡༩༦༠ ལོར་ཐོག་མར་བོད་པའི་བུ་ ༡༠ དང་བུ་མོ་ ༡༠ སུད་སིའི་ནང་སླེབས་པ་དང་རིམ་བཞིན་བོད་མི་སྟོང་ཕྲག་མང་པོ་མཉམ་འཛོམས་ཀྱིས་བོད་མིའི་གཞིས་གྲོང་ཆགས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཆིབས་བསྒྱུར་གྱི་བཀའ་སློབ་གནང་འཆར་ཡོད་འདུག་ལ། ཕྱི་ཚེས་ ༡༠ ཉིན་ནས་༧གོང་ས་མཆོག་གིས་ཡུ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ཀྱི་ཚོགས་འདུ་ཐེངས་དང་པོ་དབུ་འབྱེད་དང་། སྐབས་ ༢༠ པའི་སེམས་དང་སྲོག་ཅེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ཚན་རིག་པའི་བགྲོ་གླེང་ཐོག་ལྷན་ཞུགས་གནང་འཆར་ཡོད་པ་མ་ཟད། མང་ཚོགས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་ལས་འགན་དང་དཔལ་འབྱོར་རིག་པའི་སྐོར་ལ་བཀའ་སློབ་དང་སུད་སིར་གནས་སྡོད་བོད་མི་རྣམས་ལ་དམིགས་བསལ་བཀའ་སློབ་དང་།  ཕྱི་ཚེས་ ༡༢ ཉིན་ཕྱིར་རྒྱ་གར་ནང་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. གདོང་ཕྲུག says:
    ལོ་ 16 སྔོན།

    ཕྱག་ན་པདྨོོའི་དྲི་བསུང་།
    འཛམ་གླིང་ཀུན་ལ་ཁྱབ་སོང་།
    བདུད་བྱའི་བུང་བ་རྣམས་ཀྱང་།
    ཕྱོགས་མཐའི་ཀུན་ནས་འདུས་སོང་།

    Reply
  2. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    ཁ་བའི་རྒྱན་ལྡན་གནམ་བསྙེགས་ས་འཛིན་གྱིས་བསྐོར་བའི།།
    མཐོ་སྒང་གཙོས་པའི་ཡོངས་རྫོགས་འཇིག་རྟེན་གྱི་མགོན་པོའི།།
    རྨད་བྱུང་མཛད་འཕྲིན་འོད་སྟོང་འཛམ་གླིང་དུ་ཁྱབ་པར།།
    ཤར་གྱི་སྲིན་བྱ་མི་བཟོད་འཁུན་སྒྲ་བཅས་ཤི་འདུག

    Reply
  3. དུས་ཀྱི་དགོས་མཁོ། says:
    ལོ་ 16 སྔོན།

    བྱུས་ངན་སྟོང་དང་ཐབས་ངན་སྣ་ཚོགས་ཀྱིས།
    ཁྱེད་ཀྱི་མཁའ་བཞིན་རྒྱས་པའི་མཛད་པ་གང་།
    རྒྱ་དམར་ཀླ་ཀློས་ཅི་ལྟར་བཀག་བྱས་ཀྱང་།
    ཁེགས་པའི་སྐལ་བ་ནང་ཡང་ཡོད་དང་བྲལ།

    Reply
  4. འབྲོག་ཁྱི། says:
    ལོ་ 16 སྔོན།

    མི་འགྱུར་རྡོ་རྗེའི་ཁྲི་ལ་རྟག་བཞུགས་གསོལ།

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    ཚང་མ་ལོས་ཁ་ཡག་མ་བཤད། ཡབ་གཞིས་ཚང་ལའང་བཀའ་ཁྲིའི་འོས་གཞི་མེད་པ་ག་ལ་ཡིན། མིན་ཏེ། ཚང་མ་ལོར་དད་པ་ཡང་དག་ཡོད་མེད་ལ་ཐུག་ཡོད། དེ་འདྲ་མ་རེད་དམ།

    Reply
  6. བསྟན་འཇམ says:
    ལོ་ 16 སྔོན།

    རྟེན་ས་སྣོད་ཀྱི་ཡུལ་ལ་ཁྱེད་ཉིད་མཁོ །
    སྲོག་ལྡན་འགྲོ་བའི་རིགས་ལ་ཁྱེད་ཉིད་མཁོ །
    ཉམས་ཐག་མི་ཡི་མགོན་ལ་ཁྱེད་ཉིད་བཞུགས །
    བོད་ཀྱི་ལས་དབང་མཚམས་ནས་བརྟན་པར་བཞུགས།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དེ་བཞིན་གཤེགས་པ་ཁྱོད་སྐུ་ཅི་འདྲ་དང་།
    འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་སུ།
    ཁྱོད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།
    དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག

    Reply
  8. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ཕྱག་ན་པདྨོའི་མཛད་འཕྲིན་རྟག་ཏུ་རྒྱས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese