མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་དོན་ནི་ཐོབ་ཐང་གི་གནད་དོན་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཚུད་པའི་རྒྱ་ནག་གི་བདག་དབང་དང་ས་ཁྱོན་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་བྱུས་ལའང་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

ཕྱི་ཚེས་ ༢༦ ཉིན་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༥ ཉིན་བྷེལ་ཇམ་གྱི་རྒྱལ་སར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་ཆེན་ཞིག་བསྐོངས་འཚོགས་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་གི་ཞི་བའི་ངོ་རྒོལ་ལ་བསྐྱར་ཞིབ་ཀྱིས་ད་ལྟའི་བོད་ཁྱོན་ཡོངས་ཀྱི་གནས་སྟངས་ཐད་བགྲོ་གླེང་གནང་ཡོད་འདུག བགྲོ་གླེང་སྐབས་ཡུ་རོབ་མནའ་འབྲེལ་གྱི་འགན་འཛིན་ Mr. Maros Sefcovic སྐུ་ཞབས་མ་རོ་སི་སེ་ཧྥོ་ཁོ་ཝེ་ཁུ་མཆོག་གིས་བརྗོད་དོན། ང་ཚོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་སེམས་ཁུར་ཆེན་པོ་ཡོད་ལ། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་བརྒྱུད་ལམ་དང་ཕྱི་འབྲེལ། དེ་བཞིན་འགྲོ་བ་མིའི་བདེ་རྩའི་ཚོགས་པ་ཁག་དང་འབྲེལ་བ་ཟབ་པ་ནི་དོན་དངོས་ཞིག་ཆགས་ཡོད་ཀྱང་། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་མགོ་ཁྲིད་བར་གྱི་གྲོས་མོལ་དེ་ད་དུང་ཡང་ཡར་རྒྱས་མེད་པར་ལྷག་བསྡད་ཡོད་ཅེས་དང་། ཡུ་རོབ་གྲོས་ཚོགས་ཀྱིས་བོད་ཚུད་པའི་རྒྱ་ནག་གི་བདག་དབང་དང་ས་ཁྱོན་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཅིག་གི་སྲིད་བྱུས་ལའང་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

ཡིན་ནའང་། ང་ཚོས་དུས་རྒྱུན་དུ་བོད་དོན་དེ་༧གོང་ས་མཆོག་དང་རྒྱ་ནག་གི་དབུ་ཁྲིད་བར་ཞི་བའི་གྲོས་མོལ་བརྒྱུད་ནས་ཐག་གཅོད་ཡོང་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ། གྲོས་མོལ་ལ་ཡར་རྒྱས་དང་མཐུན་འགྲིག་ཡོང་སྟེ་བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང་ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སྲུང་སྐྱོབ་ཀྱི་རྨང་གཞིའི་ཐོག་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་འཐོབ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད་འདུག ཡུ་རོབ་མཐུན་ཚོགས་ཀྱིས་བོད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་ལ། རྒྱལ་སྤྱིའི་ཐོག་ནས་ཀྱང་བོད་ནང་གི་གནས་སྟངས་ལ་སེམས་ཁུར་བྱེད་པ་དེ་ཁྲིམས་མཐུན་ཞིག་ཆགས་ཡོད་ཅེས་དང་།  བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཁྲོད་དུ། བོད་ཀྱི་ཕྱོགས་ནས་རྒྱ་གཞུང་ལ་དོན་དམ་རང་སྐྱོང་སྐོར་གྱི་བསམ་འཆར་ཡིག་ཆ་ཞིག་བཏོན་ཡོད་པ་རེད། ང་ཚོའི་ངོས་ནས་བོད་ཕྱོགས་ནས་ཁ་བྲལ་དང་རང་བཙན་གྱི་བྱེད་སྒོ་སོགས་གང་ཡང་སྤེལ་གི་མེད་པ་གསལ་འདོན་བྱས་པར་བསྔགས་བརྗོད་ཞུ་བཞིན་ཡོད་ལ། ང་ཚོས་༧གོང་ས་ཏཱ་ལའི་བླ་མས་ཕན་ཚུན་གཉིས་ཕན་གྱི་ལམ་དབུ་མའི་སྲིད་བྱུས་རྒྱུན་འཁྱོངས་གནང་བཞིན་པར་བརྩི་བཀུར་ཆེན་པོ་ཡོད་ཅེས་ཁོང་གིས་ཚོགས་ཐོག་ཏུ་བརྗོད་ཡོད་འདུག







མཆན། 3

  1. karma dorje says:
    ལོ་ 13 སྔོན།

    གཉིས་སྨན་དབུ་མའི་ལམ་ལ་ཤར་རེ་ལྟོས།
    གཉིས་སྨན་དབུ་མའི་ལམ་ལ་ཤར་རེ་འགྲོ
    གཉིས་སྨན་དབུ་མའི་ལམ་ལ་ཤར་རེ་ཤོག
    གཉིས་སྨན་དབུ་མའི་ལམ་ལ་ཤར་རེ་རྒྱུགས།

    Reply
  2. kunsal says:
    ལོ་ 13 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས། དེ་ག་རང་རེད། གཉིས་སྨན་དབུ་མའི་ཐབས་ལམ་ལ་རྒྱལ་སྤྱིའི་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་མངོན་གསལ་རེད། ང་ཚོས་ལམ་འདིའི་ཐོག་ནས་བོད་ཅེས་པའི་མི་རིགས་དང་། ཆོས། རིག་གཞུང་སོགས་མི་ཉམས་གོང་འཕེལ་ཡོང་ཐབས་བྱེད་པ་ལས་དེའི་འགག་རྡོར་མི་འགྲོ་བ་བྱ་རྒྱུ་ཤིན་ཏུ་གལ་ཆེར་མཐོང་།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    ༄༅། གཉིས་ཕན་དབུ་མའི་ལམ་གྱི་ནུས་པ་མངོན་ཡོང་གིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist