མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་གཙོ་ཚོགས་པའི་བཀའ་སྤྱིའི་འོས་མི་བསྒྲགས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གསུམ་པའི་སྐབས་སུ་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་མི་བདམས་པའི་ནང་། བཀའ་བློན་ཁྲི་པའི་འོས་མི་གསུམ་དང་ཆོལ་ཆ་རེ་རེའི་སྤྱི་འཐུས་འོས་མི་ ༡༥ རེ་བདམས་ཡོད་འདུག

ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ཚེས་ ༢༧ དང་ ༢༨ ཉིན་གཉིས་རིང་འཚོགས་པའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣ པའི་སྐབས་སུ་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་མི་འགྲོའི་ས་བོན་དང་སྐབས་བཅུ་བཞིའི་བཀའ་ཁྲིའི་འོས་དམིགས་ཀྱི་མི་འགྲོ་རྣམས་ཀྱི་མཚན་གཞུང་ཞེས་པ་གཉིས་བཏོན་པའི་ནང་། སྐབས་བཅུ་བཞི་བའི་བཀའ་ཁྲིའི་མཚན་གཞུང་ནང་། དང་པོ་ཨ་རིར་གནས་བཞུགས་ཁྲིམས་རྩོད་པ་བློ་བཟང་སེང་གེ་ལགས་དང་གཉིས་པ་ཨ་རིར་གནས་བཞུགས་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། གསུམ་པ་ཧྥ་རན་སི་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་རྣམས་འོས་གྲངས་གཞིར་བཟུང་འབྱུང་འགྱུར་གྱི་བཀའ་ཁྲིའི་འོས་མིའི་ཁོངས་སུ་བདམས་འདུག

དེ་བཞིན་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མིའི་ཁོངས་སུ། ༡ བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག ༢ སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། ༣ བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས། ༤ གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར། ༥ སྤྱི་འཐུས་ལས་ཐོག་འབའ་པ་སྐལ་བཟང་རྒྱལ་མཚན། ༦ དབུས་གཞོན་ནུའི་ཚོགས་གཞོན་ཟུར་བ་བློ་བཟང་ཡེ་ཤེས། ༧ སྤྱི་འཐུས་ལས་ཐོག་ཆོས་སྐྱོང་དབང་ཕྱུག ༨ བོད་ཀྱི་བང་ཆེན་གསར་འགོད་པ་གངས་ལྷ་མོ། ༩ སྤྱི་འཐུས་ལས་ཐོག་དབུ་དཀར་ཚང་གཡུ་སྒྲོན། ༡༠ བོད་ཀྱི་དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར། ༡༡ གཞོན་ནུའི་དབུས་རྒྱུན་དཀོན་མཆོག་ཡར་འཕེལ། ༡༢ སྤྱི་ཟུར་པདྨ་བདེ་ལེགས། ༡༣ སྤྱི་འཐུས་ལས་ཐོག་བདེ་བ་ཚང་རྡོ་རྗེ་དབང་ཕྱུག ༡༤ རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས། ༡༥ རྩོམ་པ་བོ་སེར་སྨད་བློ་དགའ་བཅས་ཡིན་འདུག

མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་མི། ༡ སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས། ༢ ཆེད་ལས་ཉམས་ཞིབ་པ་ཀླུ་མཁར་བྱམས། ༣ སྤྱི་འཐུས་ལས་ཐོག་བསྟན་འཛིན་མགོན་པོ། ༤ སྤྱི་འཐུས་ལས་ཐོག་ཚེ་རིང་གཡུ་སྒྲོན། ༥ བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། ༦ ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན། ༧ སྤྱི་འཐུས་ལས་ཐོག་རྒྱལ་རུང་ཟླ་བ་ཚེ་རིང་། ༨ ཤིང་བཟའ་རིན་པོ་ཆེ།(འོས་ཁོངས་ནས་དགོངས་པ་ཞུས) ༩ གངས་ལྗོངས་ཕོ་ཉའི་དྲ་ཚིགས་འགན་འཛིན་རྨོག་རུ་བསྟན་པ། ༡༠ རྩོམ་པ་བོ་མཁན་པོ་འཇུ་བསྟན་སྐྱོང་། ༡༡ སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ། ༡༢ ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས། ༡༣ ཆེད་ལས་རྩོམ་པ་བོ་གཟུངས་ཕྱུག་སྐྱིད། ༡༤ སྤྱི་ཟུར་བློ་བཟང་སྙན་གྲགས། ༡༥ སྤྱི་འཐུས་ལས་ཐོག་ཆབ་བྲག་ལྷ་མོ་སྐྱབས་བཅས་ཡིན་འདུག

དབུས་གཙང་ཆོལ་ཁོངས་ཀྱི་འོས་མི། ༡ སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས་མཆོག ༢ མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་། ༣ སྤྱི་འཐུས་ལས་ཐོག་ཟླ་བ་ཕུན་སྐྱིད། ༤ དབུས་བུད་མེད་ཚོགས་གཙོ་ཟུར་བ་བུ་མོ་ཚེ་རིང་། ༥ སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང་། ༦ བལ་ཡུལ་སྤོག་རའི་བསོད་ནམས་བཟང་པོ། ༧ ཆེད་ལས་ཉམས་ཞིབ་པ་འཇམ་དབྱངས་རྡོ་རྗེ། ༨ མང་གཙོ་ཚོགས་པའི་དྲུང་ཆེ་དབུས་ཕྲུག་ཚེ་རིང་།(འོས་ཁོངས་ནས་དགོངས་པ་ཞུས།) ༩ སྤྱི་འཐུས་ལས་ཐོག་ཚེ་བརྟེན་ནོར་བུ། ༡༠ སྤྱི་འཐུས་ལས་ཐོག་རྒྱལ་ནོར་ཚེ་དབང་། ༡༡ གཞོན་ནུའི་དབུས་རྒྱུན་ཟུར་བ་ཤེས་རབ་འོད་ཟེར། ༡༢ སྤྱི་འཐུས་ལས་ཐོག་ཡེ་ཤེས་ཕུན་ཚོགས། ༡༣ ཁྲིམས་རྩོད་པ་པ་སངས་ཚེ་དབང་། ༡༤ དགེ་རྒན་ཆེན་མོ་བ་ཐར་ལམ་སྒྲོལ་མ། ༡༥ སྤྱི་འཐུས་ལས་ཐོག་ངག་དབང་ལྷ་མོ་བཅས་ཡིན་འདུག
བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣ པའི་སྐབས་སུ་དམིགས་བཀར་གྱིས་འབྱུང་འགྱུར་གྱི་བཀའ་སྤྱིའི་སྐོར་ལ་བགྲོ་གླེང་དང་ས་གནས་ཁག་གི་འཐུས་མི་རྣམས་ཀྱིས་ཁྱེར་ཡོང་བའི་འོས་མི་རྣམས། འདིར་འོས་སྒམ་དུ་བླུགས་ནས་འོས་ཐོབ་གཞིར་བཟུང་གྲངས་བཤེར་བྱས་ཏེ་ཕྱི་གསལ་ནང་གསལ་ཐོག སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་དང་སྐབས་བཅུ་བཞི་བའི་བཀའ་ཁྲིའི་འོས་མི་འདོན་ཐུབ་པ་བྱུང་ཡོད་ཅེས་དང་། ཡང་ཁོང་གིས་ཐེངས་འདིར་འོས་མིའི་སྔོན་འགྲོའི་ས་བོན་ནང་ཕེབས་པ་རྣམས་ལ་ང་ཚོས་བཏོན་པའི་འོས་ཁོསས་སུ་བཞུགས་མིན་ཐད་བཅར་འདྲི་ཞུ་རྒྱུ་དང་། ཆ་རྐྱེན་གཉིས་བཏོན་པ་ནི་མང་གཙོའི་འཕེལ་རིམ་ཐོག་གྲོས་ཚོགས་ནང་ཆ་རྐྱེན་གང་འདྲ་ཞིག་བཏོན་ནའང་། དེ་ལ་རྒྱབ་སྐྱོར་དགོས་པ་དང་། མ་འོངས་པར་མང་གཙོ་ཚོགས་པའི་མི་འགྲོ་གསར་བའི་སྐོར་ལ་ཚོགས་འདུ་བསྡུ་སྐོང་བྱ་ངེས་པས་དེ་དུས་ཚོགས་བཅར་ཞུ་དགོས་ཞེས་པ་དེ་གཉིས་ཡིན། དེ་ལྟར་བྱུང་ན་མང་གཙོ་ཚོགས་པ་དང་མི་འགྲོ་རྣམས་ཀྱི་བར་དུ་འབྲེལ་ལམ་འབྱུང་བསྡད་ཀྱི་རེད། གོང་གསལ་ཆ་རྐྱེན་གཉིས་ལ་མོས་མཐུན་ཡོད་ན་མཚན་རྟགས་རྒྱག་དགོས་ཀྱི་རེད་ལ། དེ་ལྟར་བྱུང་རྗེས་ཟླ་རྗེས་མའི་ཚེས་ ༡༥ ནས་ང་ཚོས་དྲིལ་བསྒྲགས་བྱེད་རྒྱུའི་མགོ་འཛུགས་ཀི་ཡིན་ཞེས་གསུངས་ཡོད། 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

སྐར་མ ༤༩ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩

མཆན། 76

  1. བོད་རང་བཙན says:
    ལོ་ 15 སྔོན།

    དམངས་གཙོ་ཚོགས་པས་བཀའ་བློན་ཁྲི་པའི་འོས་གཞི་ནང་མཁས་དབང་བློ་བཟང་སེང་གེ་དང་ཧྥ་རན་སི་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་རྣམས་གཉིས་སྟོན་གནང་བར་དགའ་བསུ་ཞུ་རྒྱུ་དང། སྤྱི་འཐུས་ནང་དོན་ཆོལ་ཁ་སོ་སོ་དང་གང་ཟག་རང་ཉིད་ལ་དབང་བའི་སྨྱོ་གཏམ་དེ་ངོས་ལན་ཡང་བྱེད་མི་ཐུབ། མ་གཞི་བཙན་བྱོལ་བའི་ནང་ཡོད་ཚོགས་པ་ག་འདྲ་ཅིག་ཡིན་ན་ཆེན་པོ་དང་ཆུང་ཟེར་བ་ནི་དཔལ་འབྱོར་ཡོད་མེད་ཀྱི་གནས་དོན་ལས་གྲུབ་ཡོད་མེད་ཧ་ལམ་བཤད་རྒྱུ་མེད། དེས་ན་རོགས་ཚོགས་ལ་བརྟན་ནས་བརྙེད་པའི་ཚོགས་པ་སུ་ཡིན་ན་རང་ཉིད་ཀྱི་དྲང་པོ་བཤད་རྒྱུ་ནི་སོ་སོའི་རྟོ་གོས་ལ་ངོས་འཛིན་ནས་དགོས་པ་དེ་ངོས་ལན་མི་དགོས་པ་དེ་དང་ལན་མ་བྱེད་ན་དགའ་བ་མཐོང།

    Reply
  2. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པའི་ཆོལ་གསུམ་འོས་མི་ཁོངས་མི་རེ་ཟུང་ལས་ཕལ་ཆེ་བ་མགོ་བདེ་དྲན་འཁྲུལ་དང་། རྙོག་གླེང་ཡོད་མཁན་ཤ་སྟག་ཕེབས་འདུག་པས་བློ་ཕམ་བྱུང་། འདས་པའི་བྱུང་རིམ་ནང་དུ་འང་མང་གཙོ་ཚོགས་པས་སྥྱི་འཐུས་འོས་གཞི་འདི་འདྲ་རྐྱང་བཏོན་པ་ལ་བརྟེན་ནས་ཐོབ་མཁན་བརྒྱ་ཆ་ཧ་ཅང་ཉུང་། འཆི་མེད་གཡུང་དྲུང་ནས་བསམ་གཟས་མ་ཡིན་པས་དབུ་མ་འཚོད་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།

    Reply
  3. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་ཁ་སྟབས་འདི་ལས་མེད་དུས། སྤྱི་འཐུས་ཀྱི་འོས་མི་འདི་ལས་དྲགས་པ་ཞིག་རྙེད་རྒྱུ་ཁག་པོ་རེད། འོན་ཀྱང་སོ་སོས་འཚོལ་དགོས་པ་གལ་ཆེན་པོ་རེད། དོ་སྣད་བྱེད་དགོས་པ་ལོས་ཡིན། སོ་སོའི་སྣང་བ་འགྲོ་མི་འགྲོའི་ཐོག་ནས་ཐག་གཙང་མ་བཅད་བཞག་ན་ཅུང་ཙམ་ཐལ་དྲགས་མིན་འགྲོ།
    སོ་སོས་སོ་སོ་མ་རྙེད་པར་སྤྱི་འཐུས་ཀྱི་འོས་མི་ག་ནས་རྙེད་དམ།

    Reply
  4. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    I would like to please every brothers and sisters to vote Karmapa for the Kalon Tripa.He is the number one for Kalon Tripa for long term.

    So I am here to urge the parliament in exile to change the law for age of Kalon Tripa.

    Reply
  5. བོད། བར་འདུམ། says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པས་སྤྱི་མཐུས་གདམས་ཀྱི་མེད་པ་རྩོམ་སྒྲིག་པ་གདམ་ཀྱིན་ཡོད་མིན་འགྲོ།
    ཡིད་མ་ཆེས་ན་མདོ་སྨད་ཀྱི་འོས་མི་དག་ལ་གཟིགས་དང་།

    ཡང་མདོ་སྟོད་ཀྱི་འོས་མི་ཁག་ཅིག་ལ་བལྟས་ན་རྫིག་གཏམ་བཤད་མཁན་དང་
    ཀྲོག་ཀྲོག་བྱེད་མཁན་གདམས་ཀྱིན་ཡོད་ཚོད་འདུག

    Reply
  6. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    བཀའ་ཁྲིའི་ཕྱོགས་ནས་བཤད་རྒྱུ་ཅང་མེད་མོད། སྤྱི་འཐུས་ཀྱི་འོས་གཞིའི་ནང་དུ་ཡག་སྡུག་དང་ཆབ་སྲིད་ཀྱི་གོ་རྟོགས་ཡོད་མེད་གཉིས་ཀ་འཛོམས་འདུག་ག ཧཧཧ

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བགྲོ་གླེང་འདིའི་ནང་དུ་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེ་དབུས་ཕྲུག་ཚེ་རིང་ལགས་ཕེབས་འདུག་པ་ཤིན་ཏུ་ལེགས། ང་ཚོས་གུས་པ་ཡོད་པའི་སྒོ་ནས་ཁོང་མཉམ་དུ་བགྲོ་གླེང་གནང་ཆོག་གི་རེད།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པ་ནི་སྤྱིར་ན་ང་ཚོའི་དམངས་གཙོའི་གོ་རྟོགས་དང་ཤེས་ཡོན་གོང་མཐོར་གཏོང་མཁན་གྱི་ཚོགས་པ་དེ་ཡིན་དགོས། ཡིན་ཡང་། ཁོང་ཚོས་བཀའ་ཁྲིའི་འོས་གཞིའི་ཁོངས་སུ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་བཞག་པ་དེ་ནི་གང་འདྲ་རེད། ཁོང་གིས་རང་ཉིད་བཀའ་ཁྲིའི་འོས་ཁོངས་སུ་འདུག་གི་མིན་ཅེས་བསྒྲགས་ཚར་བ་རེད།

    ཁྲི་ཐོག་འདིར་འདུག་གི་མིན་ཅེས་ཚུར་ཞུ་བ་འཐེན་ཡང་། ངེས་པར་དུ་བཞུགས་རོགས་ཞེས་ཕར་ཨུ་ཚུགས་རྒྱག་པ་འདི་དངོས་གནས་སྐྱོ་གར་རང་རེད།

    Reply
  9. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    སྤྱི་འཐུས་དང་བཀའ་ཁྲིའི་མི་འགྲོ་འདི་དག་ནི། མང་གཙོ་ཚོགས་པའི་ས་གནས་ཁག་གི་ཚོགས་མིས་གདམས་བཞག་པའི་མང་གཙོ་ཚོགས་པའི་མི་འགྲོའི་ས་བོན་ཙམ་རེད། མ་གཏོགས་འདི་དག་ཚང་མ་ད་ལྟ་བོད་མི་དམངས་སྤྱི་འཐུས་སུ་ཕེབས་མཁན་ཡིན་པ་སུས་ཀྱང་ཐག་གཅོད་མི་ཐུབ།

    ད་དུང་ཚོགས་པ་ཁག་དང་ཐ་ན་མི་སྒེར་སོ་སོས་ཀྱང་ཆོལ་ཁ་སོ་སོ་ནས་འོས་དམིགས་ཁྱེར་ཡོང་གི་ཡོད་ན། ད་ལྟ་ནས་ང་ཚོས་འཚོལ་ཞིབ་ཀྱིས་ཤེས་འཇོན་ལྡན་ལ། ལྷག་བསམ་ཡོད་པ་སུ་དང་སུ་འདུག དཔྱད་ཞིབ་ཀྱིས་གསོག་འཇོག་བྱེད་དགོས་ངེས་རེད།

    ད་དུང་རིགས་གཅིག་གིས་སྐལ་མེད་སར་སྐེ་བསྲིངས་ཞེས་པའི་དཔེ་ཞིག་དྲངས་འདུག མི་སྒེར་སོ་སོར་རང་ཉིད་ལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་ན། ཆབ་སྲིད་ཚོགས་པ་ཞིག་ལ་དེ་བས་ཀྱང་ཐོབ་ཐང་དེ་ཡོད་དགོས།

    གང་ལྟར་ཡང་ང་ཚོས་ཚང་མས་འཕྱར་བ་གྲུ་འདེགས་ཀྱིས་བོད་མི་དམངས་ཀྱི་གྲོས་ཚོགས་དང་འཛིན་སྐྱོང་ལ་སྔ་འདང་ཕྱི་འདང་བརྒྱབས་མཐར། རང་ཉིད་ཀྱི་འོས་དམིགས་རེ་ད་ལྟ་ནས་འཚོལ་སྒྲུབ་དང་དབྱེ་ཞིབ་བྱེད་དགོས།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པའི་ངོས་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་གཞི་དང་། ཡུ་རོབ་དང་བྱང་ཨ་རིའི་སྤྱི་འཐུས་ཀྱི་འོས་གཞི་བཏོན་མེད་པ་འདིར་བསམ་ཚུལ་ཅི་ཡོད།

    མང་གཙོ་ཚོགས་པ་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་ཚོགས་པ་ཁོ་ན་དེ་རེད། ཆོས་བརྒྱུད་ཁག་དང་ཡུ་རོབ། བྱང་ཨ་རི་བཅས་སུ་མང་གཙོ་ཚོགས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མཐུན་པ་ཞིག་མེད་པ་རེད་དམ། ཡང་ན། དགོས་པ་རྒྱུ་མཚན་གཞན་ཡོད་པ་རེད།

    Reply
  11. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    ལགས་དང་མཆོག་གི་ཆོ་ལོ་མི་འདུག

    Reply
  12. ཟ་ལེ་རྒྱལ། says:
    ལོ་ 15 སྔོན།

    འོས་གཞིའི་ནང་གི་ལགས་གསུམ་མཆོག་གཉིས།

    བློ་བཟང་སེང་གེ་ལགས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། སྤེན་པ་ཚེ་རིང་ལགས། ཟམ་གདོང་རིན་པོ་ཆེ་མཆོག། ཀརྨ་ཡེ་ཤེས་མཆོག།
    བཀའ་ཁྲིའི་འོས་གཞི་གསུམ་ལས་གཉིས་ཀྱི་མིང་མཐར་ལགས་དང་སྤྱི་འཐུས་འོས་གཞི་ཞེ་ལྔ་ལས་གཉིས་ཀྱི་མིང་མཐར་མཆོག་དང་གཅིག་གི་མིང་མཐར་ལགས་བྲིས་འདུག་པ་ལས་གཞན་པ་ཚང་མར་མཆོག་དང་ལགས་ཀྱི་ཆོ་མི་མི་འདུག་པ་འདིས་གཞན་པ་ཚོར་དེ་འདྲའི་རེ་བ་ཆེན་པོ་མི་འདུག་པ་བསྟན་མི་འདུག་གམ།

    Reply
  13. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    སྨར་དྷི་ཟེར་ལགས་ ཁྱེད་ཀྱི་གསུང་པའི་བཀྲ་མི་ཤེས་པའི་མི་དེ་ཚོའི་ལོ་རྒྱུས་ཤེས་འདོད་ཆེན་པོ་ཡོད་དུས་ཚོད་བྱུང་ན་ངའི་ཁ་བྱང་ནང་གཅིག་གཏང་རོག ཐུགས་རྗེ་ཆེ་ telo_telo22@yahoo.com

    Reply
  14. karma dorje says:
    ལོ་ 15 སྔོན།

    འོས་མི།
    བཀའ་ཁྲིའི། རྒྱ་རི་རིན་པོ་ཆེ། དང་ཟམ་གདོང་རིན་པོ་ཆེ།
    སྤྱི་འཐུས་འོས་མི།
    མདོ་སྟོད། རྒྱ་རི་སྒྲོལ་མ།
    མདོ་སྨད། བསོ་ནམས་རྒྱལ་མཚན།
    དབུས་གཙང་། འཆི་མེད་གཡུངདྲུང་།

    Reply
  15. kunsal says:
    ལོ་ 15 སྔོན།

    སྤྱི་འཐུས་ནི་གལ་ཆེན་པོ་རེད། བཙན་བྱོལ་གཞུང་གི་ལོ་གཅིག་གི་སྔོན་རྩིས་གཏན་འབེབས་བྱེད་རྒྱུ་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཀའི་ཆ་ཤས་ཤིག་རེད། གལ་ཆེ་ཤོས་ཁྲིམས་བཟོ་གནང་རྒྱུ་དེ་རེད། ཆབ་སྲིད་ནི་སྤྱི་འཐུས་ལ་ཐད་ཀར་འབྲེལ་བ་མེད་པ་ཕྱི་གསལ་ནང་གསལ་རེད་ཟེར་བ་དང་། གཙོ་བོ་བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་ཡོད་པ་རེད། དེར་བརྟེན་སྤྱི་འཐུས་ནི་ལོ་ལྔའི་གཟུགས་བརྙན་རེད་ཟེར་བ་ནི་ཁུངས་མེད་རང་རེད་སྙམ།

    Reply
  16. kunsal says:
    ལོ་ 15 སྔོན།

    སྤྱི་འཐུས་ནི་གལ་ཆེན་པོ་རེད། བཙན་བྱོལ་གཞུང་གི་ལོ་གཅིག་གི་སྔོན་རྩིས་གཏན་འབེབས་བྱེད་རྒྱུ་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཀའི་ཆ་ཤས་ཤིག་རེད། གལ་ཆེ་ཤོས་ཁྲིམས་བཟོ་གནང་རྒྱུ་དེ་རེད། ཆབ་སྲིད་ནི་སྤྱི་འཐུས་ལ་ཐད་ཀར་འབྲེལ་བ་མེད་པ་ཕྱི་གསལ་ནང་གསལ་རེད་ཟེར་བ་དང་། གཙོ་བོ་བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་ཡོད་པ་རེད། དེར་བརྟེན་སྤྱི་འཐུས་ནི་ལོ་ལྔའི་གཟུགས་བརྙན་རེད་ནི་ཁུངས་མེད་རང་རེད་སྙམ།

    Reply
  17. གཡག་རྒོད says:
    ལོ་ 15 སྔོན།

    མཆན་འདེབས་མཁན་ཚོ་ལ་ཞུ་གསོལ།

    མི་སྒེར་དང་ཚོགས་པ་གང་རུང་གིས། ཕྱོགས་རེས་བྱེད་ཀྱིན་ཡོད་པ་དང་རང་སྣང་ལ་ཡོད་པར་སྣང་བ་སོགས་རྒྱུ་མཚན་དུ་བྱས་ནས། རང་ཉིད་ལམ་དེ་ཞུགས་ན་རང་ཉིད་བླུན་པོ་ཡིན་པ་ཕྱིར་མངོན་མིན་ནམ།
    ང་ཚོའི་རྒྱལ་ཁབ་ད་དུང་ཡང་དགྲ་ལག་ཏུ་ཡོད་པ་མ་བརྗེད་པའི་ཐོག་ནས། བོད་དོན་འཐབ་རྩོད་ཀྱི་ལས་ཀ་གལ་ཆེན་འདི་མི་སུས་ལག་ཏུ་བཞག་ན་འོས་འཚམ་ཡིན་མིན་མུ་མཐུད་ནས་གསུང་རོགས།

    Reply
  18. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ང་ཚོ་ཚང་མས་ཚིག་ངན་དང་ཟུར་ཟ་མི་བྱེད་པར་དངོས་ཡོད་དང་མཐུན་ཐབས་ཀྱི་སྒོ་ནས་བགྲོ་གླེང་བྱེད་དགོས། གཞན་དུ་ན་ཚིག་རྩོད་དང་ཕྱོགས་ཞེན་གྱིས་སྒྲིབ་ཏེ་རྒྱུ་མཚན་ཡང་དག་མི་བརྗོད་པ་དང་བརྗོད་ཀྱང་མི་ཉན་པར་དུས་ཚོད་ཆུད་ཟོས་སུ་འགྲོ་བ་ལས་དྲྭ་ཐོག་ཏུ་དུས་ཚོད་བཏང་བ་དོན་མེད་རེད།

    Reply
  19. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    མི་སུམ་ཅུ་བསམ་པ་སུམ་ཅུ། །མཛོ་སུམ་ཅུ་རྭ་ཅོ་སུམ་ཅུ། །ཟེར་བ་ལྟར་ཚང་མ་གཅིག་མཐུན་གྱི་བྱ་བ་ཡོང་མི་སྲིད་པས་རྒྱལ་ཡོངས་མང་གཙོ་ཚོགས་པས་བཀའ་སྤྱི་གཉིས་ཀྱི་འོས་གཞི་གདམས་པ་ཡག་པོ་རེད། ད་དུང་སྤྱི་སྒེར་གཞན་གྱིས་ཀྱང་བཀའ་སྤྱིའི་འོས་གཞི་གདམས་ཏེ་རང་གཞན་ཀུན་གྱིས་ཕྱོགས་ལྷུང་མེད་པར་དྲང་བདེན་གྱི་ངང་ནས་བགྲོ་གླེང་བྱེད་རྒྱུ་ནི་གལ་ཆེ།

    Reply
  20. གསང་གཏོར། says:
    ལོ་ 15 སྔོན།

    རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་ཚང་མ་སྤྱི་འཐུས་འོས་གཞི་སླེབས་འདུག་ཧ།

    Reply
  21. གསང་གཏོར། says:
    ལོ་ 15 སྔོན།

    རྒྱ་ཡོངས་མང་གཙོ་ཚོགས་པས་མདོ་སྟོད་ཀྱི་སྤྱི་འཐུས་མི་འགྲོ་ཡག་པོ་སྟོན་འདུག་ ཡིན་ན་ཡང་སེར་སྨད་བློ་དགའ་ཟེར་བ་འདི་འོས་འཚམ་མི་འདུག

    Reply
  22. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅ྲ་བསམ་བློ་བཏང་བཏང་པས་མཐར་ཚོགས་པ་འདི་གང་འདྲ་ཞིག་ཡིན་ནམ་སེམས་ཀིན་འདུག
    སྤྱི་འཐུས་འོས་གཞིའི་ནང་་་དཔེར་ན་ཤིང་ཟ་རིན་པོ་ཆེ་དང་སེར་སྨད་བློ་དགའ་སོགས་

    ད་དུང་བློ་དགའ་ལ་་་་རྩོམ་པ་པོ་ཞེས་མཚན་སྙན་ཞིག་བཏག་འདུག་

    Reply
  23. གླང་དར་མ། says:
    ལོ་ 15 སྔོན།

    ༄༄།།དེང་སང་བོད་རང་བཙན་གི་ལྟ་བ་ཁྱེར་ན་ལྷག་བསམ་དང་སེམས་ཤུགས་ག་ཚོད་ཡོད་ཀྱང་བཀའ་ཁྲི་ཕར་བཞག་སྤྱི་འཐུས་གི་འོས་ལ་ཡང་སླེབས་གི་ཡོད་ས་མ་རེད། དཔེར་ན་འཇམ་དབྱངས་ནོར་བུ་ལྟ་བུ་་་་་་་་་

    Reply
  24. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པའི་འོས་མི་དེ་རྐང་པ་གཉིས་བཙུགས་དེ་ཚོ་ཡག་པོ་མི་འདུག མི་རིགས་ས་ཁོངས་རང་སྐྱོང་ཐོབ་སོང་ན་བོད་ལ་ཕྱིར་ལོག་མི་བྱེད་པའི་དོགས་པ་བྱེད་ཆོག་པ་འམ། ཕྱི་རྒྱལ་གྱི་མི་སེར་ཡིན་མཁན་དེ་ཚོ་བཙན་བྱོལ་བའི་དབུ་ཁྲིད་ལ་འོས་པ་འདུག་དང་མི་འདུག ངས་བལྟས་ན་རྩ་བ་ནས་འོས་པོ་མི་འདུག ༸གོང་ས་མཆོག་ད་དུང་བཙན་བྱོལ་བའི་གནས་བབ་སྒང་བཞུགས་ཡོད་པ་རེད། ཁོང་གིས་ཕྱི་རྒྱལ་གྱི་མི་སེར་གྱི་ཐོབ་ཐང་བེད་སྤྱོད་གནང་གི་ཡོད་མ་རེད།

    སྐྱབས་བཅོལ་བ་ཡིན་མཁན་སྤྱི་འཐུས་སུ་སླེབས་ཀྱང་ཁྱད་ཡོད་མ་རེད། ལས་ཀ་ནི་བཙན་བྱོལ་གཞུང་གི་ལོ་གཅིག་གི་སྔོན་རྩིས་གཏན་འབེབས་བྱེད་རྒྱུ་དེ་རེད། ཆབ་སྲིད་ནི་སྤྱི་འཐུས་ལ་ཐད་ཀར་འབྲེལ་བ་མེད་པ་ཕྱི་གསལ་ནང་གསལ་རེད། གཙོ་བོ་བོད་རྒྱ་ཞི་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་ཡོད་པ་རེད། དེར་བརྟེན་སྤྱི་འཐུས་ནི་ལོ་ལྔའི་གཟུགས་བརྙན་རེད།

    Reply
  25. kunsal says:
    ལོ་ 15 སྔོན།

    ༄༅།། སྨར་དྷཱིཿཟེར་ལགས། བཀྲ་མི་ཤིས་པའི་མི་དེ་དག་གི་ལོ་རྒྱུས་རྒྱུ་མཚན་ལྡན་པ་ཞིག་གསུང་རྒྱུ་ཡོད་ན་གསལ་པོ་བཟོ་རྒྱུ་གལ་ཆེ། རྒྱུ་མཚན་ཡོད་པ་དང་བདེན་པ་ཡིན་མིན་རྒྱ་ཆེའི་མང་ཚོགས་ནས་བསམ་ཞིབ་བྱེད་ངེས། ངའི་བསམ་པར་ཁྱེད་ལ་རྒྱུ་མཚན་ལྡན་པའི་བཀྲ་མི་ཤིས་པའི་ལོ་རྒྱུས་ཁུངས་ལྡན་ཞིག་གསུང་རྒྱུ་ཨེ་ཡོད་སྙམ། ༼འདིར་ཡི་གེ་འགའ་ཞིག་ཆད་སྐྱོན་བྱུང་འདུག་པས་བསྐྱར་དུ་བྲིས་པ་ཡིན།༽

    Reply
  26. གླང་དར་མ། says:
    ལོ་ 15 སྔོན།

    ༄༄།། ངའི་བསམ་པར་མ་འོང་བཀའ་ཁྲི་ེདེ་མི་དམངས་གཅིག་སྒྲིལ་བཟོ་ཐུབ་ཁན་དང་ལས་འགུལ་གང་ཞིག་སྤེལ་རུང་གཙོ་བོ་རང་ཉིད་ནས་མགོ་ཁྲིད་ཐུབ་པ་སྐད་ཆ་རྫིག་པོ་བཤད་ནས་སྡོད་མཁན་མིན་པ་ད་དུང་་་་་་་་་་་་་་་

    Reply
  27. kunsal says:
    ལོ་ 15 སྔོན།

    ༄༅།། སྨར་དྷཱིཿཟེར་ལགས། བཀྲ་མི་ཤིས་པའི་མི་དེ་དག་གི་ལོ་རྒྱུས་རྒྱུ་མཚན་པ་ཞིག་གསུ་རྒྱུ་ཡོད་ན་གསལ་པོ་བཟོ་རྒྱུ་གལ་ཆེ། རྒྱུ་མཚན་དང་བདེན་པ་ཡིན་མིན་རྒྱ་ཆེའི་མང་ཚོགས་ནས་བསམ་ཞིབ་བྱེད་ངེས། ངའི་བསམ་པར་ཁྱེད་ལ་རྒྱུ་མཚན་ལྡན་པའི་བཀྲ་མི་ཤིས་པའི་ལོ་རྒྱུས་ཁུངས་ལྡན་ཞིག་བརྗོད་རྒྱུ་ཨེ་ཡོད་སྙམ།

    Reply
  28. གླང་དར་མ། says:
    ལོ་ 15 སྔོན།

    བསམ་ཚུལ་ལ་ཁ་རྡུང་བཏང་ན་འགྲིག་གི་ཨ་ཡོད་རང་གི་བསམ་ཚུལ་བཤད་མིའི་བསམ་ཚུལ་ཉན་ཕན་ཚུན་སྦྱང་བཤད་བྱས་ན་དེ་ཀློག་པ་པོར་ཕན་ཐོག་ཡོང་གི་རེད་ལ་སྤྱི་ཚོགས་ལ་ཡང་ཕན་ཐོག་ཡོང་ངེས་དེ་བསམ་ཚུལ་ཡིན།

    Reply
  29. kunsal says:
    ལོ་ 15 སྔོན།

    ༈ འོས་མིའི་ནང་སྔ་ལོའི་གྲོས་ཚོགས་སྐབས་ཀྱི་སྟག་གཟིག་དོམ་དྲེད་དེ་ཚོའི་མིང་མི་འདུག་པས་བཀྲ་ཤིས་བདེ་ལེགས་ཞུ། འོས་གཞིའི་ནང་ཁུང་སོ་སོས་ཤེས་ཚོད་ཀྱི་མི་ངོ་སྤྲོད་གནང་བ་ཡག་པོ་འདུག ད་དུང་སྤྱི་ཚོགས་ནང་མཁྱེན་པ་དང་འཇོན་ཐང་ཆེ་ལ་ཉམས་མྱོང་ཅན་གྱི་མི་སྣ་མང་པོ་ལུས་སྲིད་པས་ཞིབ་ཚགས་ཆེན་པོ་གནང་རྒྱུ་གལ་ཆེ།

    Reply
  30. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    ༄༅།། སྨར་དྷཱིཿཟེར་ལགས། ཕྲན་ལ་དེ་དག་གི་ལོ་རྒྱུས་ཤེས་འདོད་ཤིནད་ཏུ་ཆེ་ན།།བྱུང་ན་འདིར་བཀོད་རོགས་དང་ཚང་མས་ཤེས་ན་ཡག་པོ་འདུག ཡིག་ཚོགས་མང་པར་དོགས་ན་ཕྲན་གྱི་གློག་འཕྲིན་ཁ་བྱང་སྟེང་བསྐུར་རོགས་གནང་། / tashtsering.xi@yahoo.com ངེས་པར་དུ་ལན་ཡོད་པ་ཞུ། སྨར་དྷཱིཿཟེར་ལགས་བྱུང་ན་ཡིག་མགོ་བེད་སྤྱོད་གཏང་རོགས་གནང་།

    Reply
  31. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པས་བསྐལ་མེད་སར་སྐེ་སྲིངས་ནས་སྤྱི་འཐུས་འོས་མི་གསལ་འདོན་གནང་བར་བཀའ་དྲིན་ཆེ། ཁ་གསོང་པོས་བཤད་ན། སྤྱི་འཐུས་དེ་ཚོའི་ཁྲོད་ན་”སྤྱི་འཐུས་”སུ་གོད་ཆོད་པ་ཞིག་ཧ་ལམ་རེ་ཟུང་ལས་མི་འདུག དགོངས་དག ཁྱོད་ཚོས་ར་བཟི་བཟི་བའི་སྒོ་ནས་འདི་ལྟར་བཤད་ན་མིས་ཁྲེལ་དགོད་བྱེད་སྲིད།

    Reply
  32. Palgon says:
    ལོ་ 15 སྔོན།

    སྐུ་མཁྱེན།་ང་ལ་ཡང་གོ་ས་ཞིག་སྟེར་རོགས་།

    Reply
  33. བཀྲ་ཤིས། ། says:
    ལོ་ 15 སྔོན།

    ཆོལ་ཁ་རང་རང་གི་རང་མི་ངོ་ཤེས་ཀྱི་གལ་ཆེན་པོ་རེད། དཔེར་ན་མདོ་སྨད་མགོ་ལོག་པ་ལ་མཚོན་ན་མགོ་ལོག་གི་མ་ནོར་བ་ཞིག མགོ་ལོག་དག་མ་ཞིག་མདོ་སྨད་མགོ་ལོག་གི་ཚབ་ཏུ་འདེམས་རོགས།
    མགོ་ལོག་རྫུན་མ་ཞིག་གིས་མགོ་སྐོར་འོག །
    མགོ་ལོག་བ་རྣམ་ནམ་ཡང་མི་འགྲོ་བར། །
    དཔའ་་མཛངས་ལྡན་པའི་མགོ་ལོག་སྤུན་ཟླ་ཚོ། །
    མགོ་ལོག་དག་མ་ཡོད་ན་ལངས་རན་རེད། །
    མགོ་ལོག་དངོས་ལ་རྒྱབ་སྐྱོར་བྱེད་རན་རེད། །

    Reply
  34. གནམ་ལྕགས། says:
    ལོ་ 15 སྔོན།

    ད་ལྟ་ནི་བཀྲ་ཤིས་དང་མི་ཤིས་རྩོད་པའི་དུས་ཚོད་ནི་མིན། གཙོ་བོ་མ་འོངས་པའི་གྲོས་ཚོགས་ལ་མི་ཡག་པོ་ཞིག་ཇི་ལྟར་སླེབས་ཐུབ་མིན་དེ་རེད། གོང་དུ་བཤད་པ་བཞིན་ཆོལ་ཁ་རེའི་ནང་ན་མི་རླབས་ཆེན་སུ་སུ་ཡོད་མེད་འཚོལ་རྒྱུ་དེ་རེད། ངའི་རེ་བ་ཡིན་ན་རྒན་ཁོག་ཚང་མ་བརྗེ་བོ་བརྒྱབ་ན་བསམ་གི གཞན་སྔོན་མའི་སྤྱི་འཐུས་དག་ལས་ཀྱང་ཆོལ་ཁའི་ཞེན་ཁོག་ཅན་དང་བོད་སྤྱི་བའི་ལས་དོན་ལ་ཁ་གཡར་ནས་རང་དོན་སྒྲུབ་མཁན་དག་སྐབས་རྗེས་མར་མ་སླེབས་ན་འདོད་ཀི

    Reply
  35. རག་བཟི་ལྷགཔ། says:
    ལོ་ 15 སྔོན།

    དེས་ན། སྨར་དྷི་འོས་མི་བསྒུག་ནས་ཡོད།

    Reply
  36. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ཕྱོགས་སུ་མ་ལྷོང་བའི་འོས་གཞི་ཞིག་དགོས་པ་ལས་སྤྱི་སྟངས་ཀྱི་འོས་གཞི་འདི་འདྲའི་རིགས་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་བ་དེ་བྱབས་ཆུང་གི་ལས་ཀ་རེད། ཁྱེད་ཚོ་འོས་མིང་སྟོན་པ་ཙམ་ལ་དགའ་བསུ་ཡོད་ན་ངས་རྒྱ་ཕྲག་དང་སྟོང་ཕྲག་ཁྱོད་ཚོའི་སྤྱན་ལམ་དུ་འབུལ་ངེས་ཡིན།

    Reply
  37. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    གུས་པས་བཀྲ་མི་ཤིས་པའི་མི་ཁག་ཅིག་ཞུས་དུས་མི་སུ་ཡིན་ངོ་མ་ཕྲོད་ནས་ང་ལ་ཁང་ར་བྱེད་གྲབས་བྱེད་ཀྱི་འདུག དེས་ན་ངས་བཀྲ་མི་ཤིས་པའི་མི་དེ་དག་ངོ་སྤྲོད་རྒྱུ་ཡིན། བཀའ་ཁྲི་ཟུར་པ་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། ༧ སྤྱི་འཐུས་ལས་ཐོག་ཆོས་སྐྱོང་དབང་ཕྱུག ༩ སྤྱི་འཐུས་ལས་ཐོག་དབུ་དཀར་ཚང་གཡུ་སྒྲོན། ༨ འོད་དཀར་དྲ་ཚིགས་འགན་འཛིན་ཤིང་བཟའ་རིན་པོ་ཆེ། ༩ གངས་ལྗོངས་ཕོ་ཉའི་དྲ་ཚིགས་འགན་འཛིན་རྨོག་རུ་བསྟན་པ། སྤྱི་འཐུས་ལས་ཐོག་སྒྲོལ་མ་ཚེ་རིང་། དབུས་ གཙང་གི་ནང་ལོག་གསར་པ་མང་པོ་འདུག་ཞེ་དྲག་ངོ་ཤེས་མ་སོང་། གོང་གི་མི་དེ་དག་གི་ལོ་རྒྱུས་སོགས་ཞིབ་ཕྲ་ཤེས་འདོད་ཚེ་ཕྲན་ལ་གསུང་རོགས་གནང་།

    Reply
  38. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། ད་དུང་བཀའ་ཁྲིར་འོས་མི་ཞིག་ལ་གཙོ་བོར་བོད་ཡིག་དང་བོད་སྐད་ལ་རང་སྐྱ་འཕེལ་བ་ངེས་པར་དུ་དགོས་

    Reply
  39. རག་བཟི་ལྷགཔ། says:
    ལོ་ 15 སྔོན།

    འོས་མི་སྟོན་པ་ལ་ཐུགས་རྗེ་ཆེ། ཡིན་ན་ཡང་ད་དུང་ཡང་ཆོལ་ཁ་ཞིག་ལ་ཐིག་ཞིག་བརྒྱབ་འདུག་པའི་བློ་ཟུར་བོར་གནས་གལ་ཆེ།

    Reply
  40. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། ཚོགས་པ་འདིའི་འོས་གཞིར་བསྡུས་པ་བཀའ་དྲིན་ཆེ

    འོན་ཀྱང་བཀྲ་མི་ཤིས་པའི་མི་འགའ་ཞིག་འདུག་པ་མ་ཟད་ཉམས་མྱོང་ཅི་ཡང་མེད་པ་རེད་ཡང་འདུག་ན་
    དྲ་གྲོགས་ཚོའི་བསམ་ཚུལ་ལྷུག་པོར་རེད་གསུངས་རོགས་

    Reply
  41. གླང་དར་མ། says:
    ལོ་ 15 སྔོན།

    འོས་མི་མང་ཆེ་བ་ཡག་པོ་འདུག་ལ་གསར་པ་ཡང་མང་པོ་འདུག་དགའ་པོ་བྱུང་ བཀའ་ཁྲིའི་འོས་མི་ཁ་ཤས་ལོ་ཆེ་དྲག་འདུག་དེ་ངའི་སྒེར་གི་བསམ་ཚུལ་ཡིན།

    Reply
  42. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    འོས་མི་ཚོ་མང་ཆེ་བ་འགྲིག་གི་འདུག

    Reply
  43. མི་ཆུང་། says:
    ལོ་ 15 སྔོན།

    སྨར་དྷི་ཟེར་ལགས་ཀྱིས། བཀྲ་མི་ཤེས་པའི་མི་མང་པོ་ཞེས་གསུངས་འདུག ད་གཟོད་ང་ཚོས་གོ་སྐབས་ཡག་ཤོས་ཡོད་པ་དེ། བཀྲ་ཤིས་དང་མ་ཤིས་ཀྱི་སོ་མཚམས་འབྱེད་རྒྱུ་དང་། རིག་པ་དངས་གསལ་གྱིས་དག་ཐེར་བྱེད་རྒྱུའི་དུས་ལ་བབས་ཡོད།

    དེ་མིན་ངུ་ཤུམ་དང་ཚིག་ལོག་རང་བརྒྱབས་ནས་ཅི་ཡང་མི་ཕན།

    Reply
  44. GYAMTSO says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པ་ཐུགས་རྗེ་ཆེ། མི་མཐུད་དུ་མི་མང་གི་སྣེ་ཁྲིད་ནས་ལས་འགུར་སྣ་ཚོགས་སྤེལ་རོགས་ཞུ། རྒྱབ་སྐྱོར་ཡོད།

    Reply
  45. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    དེ་ལྟར་ལྟ་ཉན་བྱས་པ་བརྒྱུད་ནས་ང་ཚོས་ཁྱེད་ཚོ་སུ་སུ་གདམ་ན་འོས་མིན་ཐག་ཆོད་ཀི་རེད།

    Reply
  46. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    དེ་རིང་གི་འོས་ཁོངས་སུ་སླེབས་པའི་མི་འདི་ཚོར་ངས་སེམས་བསམ་པའི་སྟེང་གི་སྐད་ཆ་ཚིག་འགའ་བཤད་འདོད་སྐྱེས། དེ་རིང་ནས་བརྩིས་པའི་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བར་དུ་ཁྱེད་ཅག་ལ་དུས་ཚོད་གང་འཚམ་ཡོད། དུས་ཚོད་དེའི་རིང་ང་དང་ང་ལྟ་བུའི་མང་ཚོགས་ཚོས་ཁྱེད་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་རྒྱང་ནས་ལྟ་ཞིང་ལྐོག་ནས་ཉན་གི་ཡིན། ང་ཚོས་དེ་ལྟར་བྱེད་པར་ཁྱེད་ཚོའི་ནང་གི་སུས་དོན་དངོས་ཐོག་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕྱག་ལས་གནང་བཞིན་པ་དང་། སུ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་བོད་ཀྱི་འབངས་མི་དཀྱུས་མ་རྣམས་ལ་ཁ་ཞེ་གཉིས་མེད་ཐོག་ཞབས་ཕྱི་སྒྲུབ་མཁན་ཡིན་པ། སུ་ལ་ངེས་པ་དོན་གྱི་ཤེས་འཇོན་དང་ལྷག་བསམ་ལྡན་པ་བཅས་བཟང་ཕྱོགས་ལ་ལྟ་རྒྱུ་དང་། སུས་ཕུགས་རྒྱང་རིང་བོར་སྤྱན་གྱིས་མི་གཟིགས་པར་མདུན་ངོས་སུ་སླེབས་ལ་ཉེ་བའི་བཀའ་སྤྱི་འོས་གཞི་གཅིག་པུའི་ཆེད་དུ་ཕྱག་ལས་གནང་བཞིན་པ། སུས་དེ་སྔ་ཚུན་ལ་བོད་མི་རིགས་དང་སྐད་ཡིག རིག་གཞུང་དང་སྤྱི་ཚོགས། མི་མང་དང་དབུ་ཁྲིད་བཅས་ལ་མགོ་སྐོར་བསླུ་བྲིད་བཏང་བ་དང་། མ་འོངས་པར་ཡང་མུ་མཐུད་དེ་གཞན་དོན་ཁ་ནས་གླེང་སྟེ་རང་དོན་ཞོར་ནས་བསྒྲུབ་པའི་བསམ་འདུན་བཅངས་མཁན། སུ་ངེས་པ་དོན་གྱི་བོད་ལ་ཤ་ཚ་བརྩེ་ཞེན་མེད་ནའང་རང་ཉིད་ཅིག་གི་ནང་དུ་མ་ཚུད་པར་ཤུགས་རྒྱག་བཞིན་ཡར་སོང་ནས་སྟོང་བཤད་བརྒྱབ། མར་ཡོང་ནས་ཇ་རེ་འཐུང་། ཕར་འཁོར་ནས་བོད་དོན་རེ་གླེང་། ཚུར་བལྟས་ནས་ལ་རྒྱ་རེ་བཤད། འགྲོ་ཞོར་འདུག་ཞོར་དུ་ཆབ་སྲིད་པ་ཡིན་མདོག་མདོག སོང་ས་བསྡད་ས་ནས་གཞུག་འདང་མི་རྒྱག་པ་བཅས་སྡུག་ཕྱོགས་ལ་ལྟ་རྟོག་བྱེད་ཀྱི་ཡིན།
    ངས་རང་ཉིད་ཀྱིས་དེ་ལྟར་ལྟ་བ་ཙམ་མ་ཟད་བོད་རིགས་མང་ཚོགས་ཡོངས་ལ་དེ་ལྟར་གོང་གི་འོས་མི་འདི་ཚོར་ལྟ་ཉན་བྱེད་པར་སྐུལ་སྙིང་འདོད། གོང་གི་འོས་མི་འདི་ཚོའི་སྟེང་དུ་ང་རང་ཉིད་ཀྱི་སེམས་ནང་དུ་གྲ་སྒྲིག་ཟིན་པ་དང་། ཡང་ན་ཁྱེད་ཚོའི་སེམས་ནང་དུ་གྲ་སྒྲིག་ཟིན་ནའང་། ད་དུང་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཆགས་མེད་པའི་ང་ཚོའི་འོས་མི་ཚོ་ཡང་དེ་ལྟར་གཅིག་མཚུངས་སུ་ལྟ་རྟོག་བྱེ་རོགས་ཞུ་རྒྱུ་ཡིན། ལྷག་པར་དུ་ས་གནས་གང་ཞིག་ན་མི་སྣ་སུ་ཞིག་གིས་རང་ཉིད་བཀའ་སྤྱིའི་འོས་མིར་ཞུགས་འདོད་ཡོད་ན། ད་ལྟ་ནས་བོད་དོན་ཆེད་ཅུང་ཙམ་ཕན་རེ་ཨེ་ཐོག་ལྟོས་དང་དེ་ཁྱོད་ཀྱིས་ང་ཚོར་ཞབས་ཕྱི་བསྒྲུབ་པའི་གོ་སྐབས་རེད་ལ། ང་ཚོས་ཁྱོད་ཀྱི་ངེས་པ་དོན་གྱི་གནས་བབ་ངེས་ཟིན་ཐོབ་པའི་གོ་སྐབས་རེད། དེ་སེམས་ནས་མ་བརྗེད་ཨ།

    Reply
  47. མི་ཆུང་། says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པའི་བཀའ་བློན་གྱི་འོས་དམིགས་རྣམས་ཚད་ལྡན་ཞིག་བྱུང་འདུག་དགའ་བསུ་ཡོད། འོས་དམིགས་འདོན་རྒྱུ་དེ་ཕྱིས་མེད་ཀྱང་སྔ་དྲག་མེད།

    སྤྱི་འཐུས་ཀྱི་འོས་དམིགས་ནང་སྤྱི་ཡོངས་ནས་བལྟས་ན་ཡག་པོ་འདུག འོན་ཀྱང་ཆོལ་ཁ་གསུམ་ཀའི་ནང་མི་འོས་པ་ཡང་འདུག་སྙམ། ལོ་ནའི་བབ་དང་ཤེས་ཚད། སོགས་ནས་རེད།

    འོས་མི་རྣམས་ཚོགས་མི་རྣམས་ཀྱི་བཏོན་ཡོད་དུས་ལེགས་ཉེས་གང་ཡང་ཡོང་ཆོག་པ་རེད། གང་ལྟར་ཡང་ད་ལྟ་ནས་འགོ་འཛུགས་ཀྱིས་འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས་དེ་དག་ཚད་ལྡན་ཞིག་དགོས་རྒྱུ་དེ། ང་ཚོའི་འདུན་ལམ་ལ་ཐུག་ཡོད།

    Reply
  48. གནམ་ལྕགས། says:
    ལོ་ 15 སྔོན།

    ངའི་བསམ་ཚུལ་ཡིན་ན་མང་གཙོ་ཚོགས་པས་འོས་མི་བཅོ་ལྔ་རེ་བཏོན་པ་ནི་མི་འོས། མི་བཅུའམ་བཅུའི་མན་རེ་བཏོན་པ་ཡིན་ཅུང་འགྲིག་འདུག་སྙམ། ཆོལ་ཁ་གསུམ་ལས་མི་ཡག་པའི་གྲས་རེ་གཉིས་རེ་མ་གཏོགས་མ་བཏོན་ཀྱང་འགྲིག གཙོ་བོ་སྤྱི་ཚོགས་ལ་གོ་རྟོགས་ཤིག་སྤེལ་བ་ཙམ་ལས་ཡིན་ཅིག་ཆོལ་ཁུངས་རེ་ནས་མི་བཅོ་ལྔ་བཏོན་པ་ནི་ཨུ་ཚུགས་རྣམ་པར་གྱུར་འདུག མདོ་སྨད་ཆོལ་ཁར་མཚོན་ནའང་། རྩོམ་པ་པོ་མང་བོ་འདུག་པ་འདིས་རྗེས་མར་གྲོས་ཚོགས་ནས་སྙན་ངག་འབྲི་དགོས་པ་མིན་ན། དེ་ལས་ལྷག་པས་མི་མང་བོ་ལྷག་འདུག་ཞུ་རྒྱུ་ཡིན། མདོ་སྨད་ཀྱི་ནང་ནས་ཀླུ་མཁར་བྱམས་དང་བསྟན་འཛིན་མགོན་པོ། སྒྲོལ་དཀར་ལྷ་མོ་གསུམ་ནི་ཚད་ལྡན་ཡིན། དེ་ལས་བྱིངས་ངའི་སྣང་བར་མི་འགྲོའོ།།

    Reply
  49. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བཀའ་དྲིན་ཆེའོ་དམངས་གཙོ་ཚོགས་པ་ལགས།།
    བཀའ་ཁྲི་དམངས་འཐུས་འོས་གཞི་བདམས་པ་ལེགས།།
    འབྱུང་འགྱུར་ལས་ལ་འབད་པའི་རྒྱུན་ཐག་གློད།།
    རང་གི་གྲུབ་དོན་འགྲུབ་ལ་རེ་བས་བརྩོན།།

    Reply
  50. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    འོས་མི་སྟོན་པ་ཡག་པོ་རེད་དེ་བཀྲ་མི་ཤིས་པའི་མི་མང་པོ་ཞིག་འོས་མི་ལ་བཞག་པ་དེ་ནོར་འཁྲུལ་རེད་བྱས་ཙམ་འོས་མི་དེ་དག་ངོས་ལེན་མེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese