མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་བཅུ་བདུན་པས་མུ་མཐུད་དུ་བོད་དོན་དང་རྒྱལ་སྤྱིའི་རྒྱབ་སྐྱོར་སོགས་འཐོབ་ཆེད་གང་ཐུབ་ཀྱིས་ཞབས་ཕྱི་ཞུ་རྒྱུའི་ཐུགས་འདུན་ཡོད་སྐོར་སོགས་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།

ཁ་སང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ཁྲོད། རྒྱ་ཆེའི་མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་ཆེན་པོའི་ཐོག་ནས་ཁོང་ལ་སྔོན་འགྲོའི་ལས་རིམ་ཁྲོད་འོས་ཤོག་བརྒྱ་ཆ་ ༦༡།༠༢༥ ཐོབ་སྟེ། དངོས་གཞིའི་འོས་བསྡུ་མི་དགོས་པར་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བར་བོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱིས་མ་འོངས་པའི་ཕྱག་ལས་གནང་ཕྱོགས་སོགས་གསུངས་འདུག 

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ལོ་སར་སྔོན་ཏག་ཏག་དེར་དབུས་འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་པའི་རྗེས་འབྲས་སུ། སྲིད་སྐྱོང་གི་འོས་བསྡུ་དེ་མི་མང་མང་པོ་ཞིག་གིས་ཤ་ཚ་དང་རྒྱབ་སྐྱོར་ལ་བརྟེན་ནས་ང་ལ་བརྒྱ་ཆ་དྲུག་ཅུ་ལྷག་ཐོབ་ཡོད་པ་སོང་ཙང་། དངོས་གཞིའི་འོས་བསྡུའི་ལས་རིམ་འགྲོ་མི་དགོས་པའི་ཐོག་ནས་སྔོན་འགྲོ་རང་ནས་ཐག་ཆོད་པའི་གནས་སྟངས་འདི་བྱུང་བ་རེད། སྐབས་དེ་ནས་བཟུང་ད་བར་བརྒྱུད་ལམ་ཁག་གང་ལ་ཡང་དམིགས་བསལ་གྱི་ཡ་ལན་བྱས་མེད། དམིགས་བསལ་དེ་འདྲ་དགའ་སྤྲོ་བྱ་དགོས་རྒྱུའང་ཅི་ཡང་མི་འདུག་ལ། དམའ་འབེབས་ཞེ་དྲགས་བྱས་ནའང་སེམས་སྡུག་དགོས་པའི་གནས་སྟངས་ཀྱང་དེ་འདྲ་ཞེ་དྲགས་མི་འདུག བྱས་ཙང་གོ་སྐབས་འདི་བརྒྱུད་ནས་བོད་རྒྱ་ཆེ་མི་མང་གིས་བསམ་ཤེས་གནང་ནས་ང་ལ་ཡང་བསྐྱར་ལོ་ལྔའི་འགན་འཁུར་རྒྱུའི་ཡིད་ཆེས་གནང་བ་དང་། འདས་པའི་ལོ་ལྔ་མ་ཟིན་ཙམ་ལ་བཀའ་ཤག་སྐབས་བཅུ་དྲུག་པས་ལས་དོན་སྒྲུབ་པའི་སྐབས་ལ། ང་ཚོས་ངོས་ནས་གང་ཐུབ་ཅི་ཐུབ་ཀྱི་ཞབས་འདེགས་ཞུ་རྒྱུའི་འབད་བརྩོན་གནང་ཡོད་ལ། མང་ཚོགས་ཀྱི་ངོས་ནས་ཀྱང་བཟང་ཕྱོགས་ནས་རྣམ་འགྱུར་མང་པོ་ཞིག་སྟོན་གྱི་འདུག ཅེས་གསུངས་འདུག 

ཡང་སྲིད་སྐྱོང་མཆོག་གིས། ང་ཚོས་ཁ་ནས་ཆིག་སྒྲིལ་དང་ཆིག་སྒྲིལ་ཞེས་མང་པོ་བཤད་བསྡད་པ་ལས། འགན་འཁྱེར་བའི་སྐབས་ལ་ད་ལྟ་ཤོད་མཁན་འདི་སྲིད་སྐྱོང་གི་འོས་མིར་ལང་བའི་སྐབས་སུ་བསྒྲགས་ཚིག་གསུམ་སྒྲོག་གིན་ཡོད་རེད། སྤྱི་སྙོམས་དྲང་བདེན་ཞེས་ང་ཚོ་ཚང་མ་ཆོལ་ཁ་དང་ཆོལ་བརྒྱུད་སོགས་དབྱེ་བ་གང་ཡང་མེད་པའི་ཐོག་ནས་ཚང་མར་སྤྱི་སྙོམས་ཤིག་གང་འདྲ་ཡོང་དགོས་མིན་དང་། ཕན་ཐོགས་ཡ་ཞིག ལས་འགུལ་ག་རེ་སྤེལ་བ་ཡིན་ཡང་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་བཏང་ནས་ཐབས་ཇུས་དང་ལྡན་པའི་ཐོག་ནས་ལས་ཀ་བྱ་རྒྱུ་དེ་གལ་ཆེན་པོ་ཞིག་རྩིས་ནས་ལས་ཀ་བྱས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གལ་ཆེན་པོ་གཅིག་ནི་བོད་དོན་བདེན་མཐའ་གསལ་རྒྱུ་དེ་རེད། བོད་དོན་བདེན་མཐའ་གསལ་ཆེད་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་པའི་ཐོག་ནས་ཐབས་ཇུས་ལ་འགྱུར་བ་བཏང་ནས་མཐའ་གཉིས་ལ་ངོས་ལེན་ཡོང་རྒྱུར་འབད་བརྩོན་ཞུས་པ་དེས། ང་ཚོའི་བོད་མིའི་སྤྱི་ཚོགས་མཉམ་དུ་འཁྲིད་ཐུབ་རྒྱུ་དང་། རྒྱལ་སྤྱིའི་ནང་དུ་ང་ཚོར་ཞུ་སའི་ལམ་ཁ་ཡོད་པའི་ཐོག་ནས་མ་འོངས་པར་སྒོ་མང་པོ་ཞིག་འབྱེད་ཀྱིན་ཡོད་པའི་གནས་སྟངས་ཤིག་ཡོང་གི་ཡོད་དུས། བོད་མི་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ནུས་པ་མཉམ་སྤུངས་དང་། ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོ་ཞིག་ཏུ་རྩིས་ནས་མི་ལོ་ལྔའི་རིང་ལ་ལས་ཀ་བྱས་པ་རེད་ལ། ཞབས་ཕྱི་ཞུས་པའི་ཁུལ་ཡང་རེད།  ཅེས་གསུངས་འདུག 

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་ལའང་འགྲན་རྩོད་ནང་འགྲོ་མི་དགོས་པར། སྤྱི་ཚོགས་འཁྲུག་གཞི་དང་སྤྱི་ཚོགས་ལ་གྲུབ་འབྲས་ངན་པ་མི་འཐོན་རྒྱུའི་ཐག་གཅོད་ཅིག་ཀྱང་བྱས་པ་རེད། ད་ལན་ཡང་འོས་བསྡུའི་དྲིལ་བསྒྲགས་རྩ་བ་ནས་མ་བྱས་པ་དང་། འདས་པའི་ལས་ཀ་བྱས་པ་དེ་དག་ལ་བལྟས་ནས་མི་མང་གིས་ཐག་གཅོད་གནང་དགོས་པ་ལས། ང་ཚོས་ཁ་ནས་ཁས་ལེན་མང་པོ་ཞིག་བྱས་ནས་ཕན་ཐོགས་མེད་པ་ཞིག་ལ་ངོས་འཛིན་བྱས་པ་རེད། དེ་འདྲ་ཡིན་དུས་ད་ལན་སྤོབས་པའི་སྒང་ནས་ཞུ་ཐུབ་པ་ཞིག་ལ། ད་ལན་གྱི་འོས་བསྡུའི་བརྒྱུད་རིམ་ནང་ལ་ངས་ངོས་ནས་སྤྱི་ཚོགས་དུམ་བུར་འགྲོ་རྒྱུའི་རྒྱུ་རྩ་བ་ནས་བསྐྲུན་མེད་ཅེས་སྤོབས་པའི་ཐོག་ནས་ཞུ་ཐུབ་ཡ་ཞིག་རེད། མ་འོངས་པར་ང་ཚོའི་མང་གཙོའི་ལམ་སྲོལ་དེ་རྒྱུན་གནས་ཐུབ་རྒྱུ་དེ་ང་ཚོའི་གནས་བབ་དང་འཚམ་པ་ཞིག་བྱ་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དེ་སྨྲོས་མེད་རེད་ལ། ད་ལན་གྱི་འོས་བསྡུའི་ལས་རིམ་དང་གསལ་བསྒྲགས་ཟིན་པའི་ཐོག་ནས་བར་ལམ་བྱུང་བའི་གནས་ཚུལ་ཁ་ཤས་ཤིག དཔེར་ན། འདས་པའི་ལོ་གཅིག་ནང་ལ་གལ་ཆེ་ཤོས་གཅིག་དེ་ཕྱི་ལོ་ ༢༠༢༥ ལོར་བོད་རྒྱའི་དཀའ་རྙོག་གསལ་རྒྱུའི་དང་འབྲེལ་བའི་ཨ་རིས་གྲོས་ཚོགས་གཉིས་ཀྱིས་ཁྲིམས་ཡིག་གཏན་འབེབས་བྱ་རྒྱུ་དང་། སྲིད་འཛིན་གྱི་མཚན་བཀོད་རྒྱག་བཞག་པ་དེ་ང་ཚོའི་ལོ་རྒྱུས་ཀྱི་ཐོག་ནས་གནད་འགག་ཅིག་ཆགས་ཀྱི་ཡོད་རེད་ལ། ཉེ་བའི་ཆར་ཕྱི་ལོ་ ༢༠༢༦ ལོའི་ཨ་རིའི་སྔོན་རྩིས་གཏན་འབེབས་བྱས་པའི་བརྒྱུད་རིམ་ནང་། ལས་གཞི་གང་གི་སྒང་ལ་དངུལ་འབོར་ག་ཚོད་གཏོང་གིན་ཡོད་མེད་ཀྱི་ཤོག་ལྷེབ་བཞི་ཡོད་རེད། དེ་བེད་སྤྱོད་གཏོང་སྟངས་དང་འབྲེལ་བའི་ཐོག་ནས་འགྲེལ་བརྗོད་ཀྱི་ཤོག་ལྷེབ་དེའི་ནང་། སྔོན་རྩིས་གཏན་འབེབས་ཀྱི་ཁྲིམས་ཡིག་ལག་བསྟར་བྱས་པའི་ནང་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ལ་ངོས་འཛིན་བྱེད་ཀྱི་ཡིན་ཞེས་གོམ་པ་ཆུང་ཆུང་རྒྱག་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་གསུངས་འདུག 

ཡང་ཁོང་གིས། ཨ་རིའི་གཞུང་གིས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་རོགས་དངུལ་དེ་མཚམས་བཞག་པ་རེད། ང་ཚོ་བོད་པ་གཅིག་པུ་མ་རེད། ཡིན་ཡང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་ཀའི་ཚོགས་མིས་རྒྱབ་སྐྱོར་ཡོད་པ་དང་། ཕྱི་སྲིད་ལས་ཁུངས་དང་འབྲེལ་ཡོད་མི་སྣ་མང་པོ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས། སྔོན་མ་སྔོན་རྩིས་ནང་བཀའ་འཁྲོལ་ཡོད་པ་ལས་ཕྱེད་ཀ་ལྷག་ཅིག་ཚུར་རག་བསྡད་ཡོད་རེད། གཞན་དེ་མང་པོ་ཞིག་ལ་བསྐྱར་གསོ་བྱས་ཐུབ་ཡོད་མ་རེད། དེ་བཞིན་ཨ་རིའི་གཞུང་གི་ཨ་རིའི་རོགས་དངུལ་གྱི་ལས་བྱེད་མང་པོ་ཞིག་མེད་པར་བཟོས་པ་དང་། ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་བརྒྱ་ཆ་ཉི་ཤུ་ཞིག་ཉུང་དུ་བཏང་བའི་རྒྱུ་མཚན་ལ་བརྟེན་ནས། ལས་གཞི་བསྐྱར་གསོ་བྱས་པ་དེའི་སྒང་ལ་སྟངས་འཛིན་བྱེད་སྟངས་དང་བཀའ་འཁྲོལ་སྤྲོད་སྟངས་སོགས་འཛིན་སྐྱོང་གི་བརྒྱུད་རིམ་བསྐྱར་གསོ་བྱ་དགོས་དུས་དེ་དག་ལ་དུས་ཚོད་ཡུན་རིང་འགོར་བ་རེད་ལ། ད་ལྟའང་དེ་བཟོས་དང་བཟོ་བཞིན་པའི་གནས་སྟངས་ཤིག་རེད། ད་ལྟ་བཀའ་འཁྲོལ་ཡོད་པའི་དངུལ་ནས་གཞན་པ་སུའང་མ་ཐོབ་པ་ཞིག་ང་ཚོ་ལ་ཕྱེད་ཀ་ལྷག་ཅིག་རག་ཟིན་པ་དེའང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་དང་། ལོ་རྗེས་མའི་སྔོན་རྩིས་ནང་ཡིན་ནའང་བོད་ཕྱི་ནང་གཉིས་ལ་ཨ་སྒོར་ས་ཡ་ ༢༣ ལྷག་ཅིག་བླུགས་ཐུབ་པ་བྱུང་བ་འདི། ལོ་ལྟར་དཀའ་ལས་རྒྱག་ནས་བྱ་དགོས་པ་ཞིག་རེད་མ་གཏོགས། ལོ་གཅིག་ལ་རོགས་དངུལ་རག་པའི་རྒྱུ་མཚན་ལ་བརྟེན་ནས་ལོ་རྗེས་མར་རོགས་དངུལ་རང་བཞིན་གྱིས་རག་གི་ཡོད་པའི་ཁྱབ་ཀྱིས་མ་རེད།  ཅེས་གསུངས་སོང་། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese