མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

བོད་ཀྱི་དུས་བབ།
༢༠༢༦/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་མཚན་སྙན་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་པ་དང་མཉམ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོར་ཁོར་ཡུག་སྲུང་སྐྱོབ་ལ་བཅངས་པའི་ཐུགས་རེ་མཚོན་པའི་བགྲོ་གླེང་ཞིག་འཚོགས་སོང་།

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས། དུས་བབ་ཀྱི་པར། ༢༠༢༦།༠༢།༢༣

ཕྱི་ཟླ་ ༢ ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ པའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྟོན་ཚོགས་ཆུང་གཉིས་ཀྱི་གོ་སྒྲིག་འོག གོ་ལ་དང་འགྲོ་བ་མི། སྙིང་རྗེ། གོ་ལ་ཧྲིལ་པོའི་འགན་འཁྲི་མཉམ་སྤྱོད་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་མདུན་སྐྱོད་བྱེད་པ་ཞེས་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོར་ཁོར་ཡུག་སྲུང་སྐྱོབ་ལ་བཅངས་པའི་ཐུགས་རེ་མཚོན་པའི་བགྲོ་གླེང་ཚོགས་འདུ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་རྒྱ་གར་གྱི་ཁོར་ཡུག་སྲུང་སྐྱོབ་དང་ཉམས་ཞིབ་པ་མཱ་རི་མུ་ཐུ་ཡོ་གྷ་ནྷ་ཐཱན་(Marimuthu Yoganathan ) ལགས་དང་། མཱ་ཧན་ཅན་ཌི་ར་ཁན་ཌི་པཱལ་(Mohan Chandra kandpal) ལགས། རཱ་ཅཱན་ཁོ་ཌི་རུ་(Rajan Kotru) ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་མཉམ་ཞུགས་གནང་སོང་།

ཐེངས་འདིའི་བགྲོ་གླེང་སྐོར་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་འདི་གའི་གསར་འགོད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དུས་དང་རྣམ་པ་ཀུན་དུ་ཁོར་ཡུག་སྲུང་སྐྱོབ་ཐོག་ཐུགས་དགོངས་ཡོད་པ་བཞིན་བགྲོ་གླེང་ཚོགས་འདུ་འཚོགས་པ་ཞིག་ཡིན།  དེ་རིང་གི་བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་ནམ་རྒྱུན་ས་གནས་སུ་ཁོར་ཡུག་ཐོག་མི་མང་ལ་ཞབས་འདེགས་ཞུ་མཁན་ཆགས་ཡོད་ཅིང་། དེའི་ཁྲོད་ཀྱི་མཱ་རི་མུ་ཐུ་ཡོ་གྷ་ནྷ་ཐཱན་ལགས་ལ་མཚོན་ན་རྒྱ་གར་གྱི་ཤིང་མི་ཞེས་ས་གནས་གང་སར་ཤིང་སྡོང་བཙུགས་ཏེ་བྱ་བ་རླབས་ཆེན་བསྒྲུབས་ཡོད་པའི་མཚན་སྙན་གྲགས་ཅན་གྱི་མི་སྣ་ཞིག་ཡིན་ལ། མཱ་ཧན་ཅན་ཌི་ར་ཁན་ཌི་པཱལ་ལགས་ནི་ཨུ་ཌར་ཁན་མངའ་སྡེ་ནས་ཡིན་པ་དང་། ས་གནས་དེ་རུ་ཆུའི་དཀའ་ངལ་ཆེན་པོ་ཡོད་དུས། ཆུའི་དཀའ་ངལ་སེལ་ཆེད་ཁྲོན་པ་བསྐྱར་གསོ་དང་། རི་སྟེང་དུ་ཁྲོན་པ་འཛུགས་སྐྲུན། ཆར་ཆུ་གསོག་འཇོག་སོགས་མི་མང་ལ་ཕན་ཐོགས་པའི་བྱ་བ་རླབས་ཆེན་བསྒྲུབས་ཡོད། ཕྱི་ལོ་ ༢༠༢༤ ལོར་རྒྱ་གར་གཞུང་ནས་ཆུའི་སྲུང་སྐྱོབ་བྱེད་མཁན་ཡག་ཤོས་ཀྱི་བྱ་དགའ་སྤྲད་ཡོད། དེ་བཞིན་རཱ་ཅཱན་ཁོ་ཌི་རུ་ལགས་ནི་རིའི་སྟེང་དུ་གནས་པའི་ཡུལ་མི་རྣམས་སྲུང་སྐྱོབ་བྱེད་པའི་ལས་ཀ་ཤུགས་ཆེན་བྱེད་མཁན་ཞིག་ཡིན། འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ནི་བོད་ཀྱི་ཁོར་ཡུག་ཐོག་རྒྱལ་སྤྱིའི་སྟེང་ལས་འགུལ་སྤེལ་མཁན་བཅས་ཡིན། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་ཁོར་ཡུག་སྲུང་སྐྱོབ་པ་རྣམས་ཀྱིས་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་ནས་མི་མང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་དང་འདུན་པ་བསླེབ་པའི་ཆེད་ཡིན་ལ། ངའི་བརྗོད་གཞི་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁོར་ཡུག་སྲུང་སྐྱོབ་ཐོག་ཐུགས་བསྐྱེད་མཛད་པ་དང་ཤུགས་རྐྱེན་སོགས་ཀྱི་ཐོག་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་ནང་དུ་ཁོར་ཡུག་སྲུང་སྐྱོབ་ཐོག་ལས་ཀ་བྱེད་མཁན་རྣམས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ནི་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་དེ་རེད། རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་ཀྱང་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་བོད་མི་མང་པོ་ཐོན་ཡོང་གི་ཡོད། ཡིན་ནའང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་མང་པོ་ཞིག་ང་ཚོས་ཤེས་ཐུབ་ཀྱི་མེད་པ་རེད། བོད་ནང་གི་ཀརྨ་བསམ་གྲུབ་ལགས་དང་། ཨ་ཉག་སང་སྒྲ་ལགས། མཚོ་སྔོན་ཚེ་རིང་ལགས་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་སྟེ་བཙོན་ཁང་དུ་བཅུག་ནས་ད་ལྟ་ཀློད་གྲོལ་བཏང་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། དེ་བཞིན་བོད་ནང་གི་མི་སྒེར་དང་། ཚོགས་པ་ཁག མི་མང་བཅས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཐོག་ཤིང་སྡོང་འདེབས་པ་དང་གད་སྙིགས་གཙང་བཟོ་སོགས་ཀྱི་ལས་གཞི་མང་པོ་བརྩམས་ཡོད། ཕྱི་ལོ་ ༢༠༡༥ ལོར་རང་ལོ་ ༢༧ ཡིན་པའི་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་བོད་ནང་གི་ཁོར་ཡུག་གི་དཀའ་ངལ་ཆེད་དུ་རང་ལུས་མེར་སྲེག་བཏང་བའི་གནས་སྟངས་ཆགས་ཡོད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་ཐོག་དམ་དྲག་བྱས་ཏེ་ཛ་དྲག་གནས་སྟངས་ཤིག་ཆགས་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་མོས། ཕྱི་ལོ་ ༡༩༩༢ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་གི་ཚོགས་ཆེན་ཐེངས་དང་པོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ནང་གི་ཁོར་ཡུག་གི་གནས་སྟངས་ཐོག་བཀའ་སློབ་སྩལ་ཡོད་ཅིང་། སྐབས་དེར་རྒྱལ་སྤྱིའི་ཐོག་ནས་བོད་ནང་གི་ཁོར་ཡུག་ཐོག་དོ་སྣང་བྱུང་ཡོད་ལ། བཙན་བྱོལ་ནང་གི་ཚོགས་པ་འདྲ་མིན་གྱིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་གནས་སྟངས་ཐོག་ཞུ་གཏུགས་བྱས་ཡོད། ཕྱི་ལོ་ ༢༠༢༣ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གི་ཐོག་སྙན་ཐོ་བཏོན་ཡོད་ལ། ཕྱི་ལོ་ ༢༠༢༥ ལོར་མཚོ་སྔོན་ཚེ་རིང་གི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཐོག་སྙན་ཐོ་ཞིག་བཏོན་ཡོད། སྙན་ཐོ་འདི་དག་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་ཁོར་ཡུག་ཐོག་ཤེས་རྟོགས་བྱུང་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་རྒྱ་ནག་ནང་སྦས་མ་ཐུབ་པའི་གལ་གནད་ཅིག་ཆགས་ཡོད། བོད་ནང་གི་ཁོར་ཡུག་གི་གནས་སྟངས་ཤེས་པའི་ཐོག་བཙན་བྱོལ་ནང་གི་གཞོན་སྐྱེས་རྣམས་ཀྱིས་རྒྱལ་སྤྱིའི་ཐོག་ཞུ་གཏུགས་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།

གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས། དུས་བབ་ཀྱི་པར། ༢༠༢༦།༠༢།༢༣

ཐེངས་འདིའི་བགྲོ་གླེང་ཐོག་མཱ་རི་མུ་ཐུ་ཡོ་གྷ་ནྷ་ཐཱན་ལགས་ཀྱིས་ཤིང་སྡོང་འཛུགས་པའི་གལ་གནད་དང་། དེའི་མིའི་བདེ་ཐང་ལ་ཕན་ཐོགས་གང་ཡོད་མེད། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གང་ནས་མགོ་འཛུགས་དགོས་པའི་སྐོར། མཱ་ཧན་ཅན་ཌི་ར་ཁན་ཌི་པཱལ་ལགས་ཀྱིས་ཆུ་བེད་སྤྱོད་བྱེད་ཕྱོགས་ཀྱི་གལ་གནད་དང་དེའི་མིའི་བདེ་ཐང་ལ་ཕན་ཐོགས་པའི་སྐོར། རཱ་ཅཱན་ཁོ་ཌི་རུ་ལགས་ཀྱིས་གནས་རྩ་ཆེན་གྱི་གལ་གནད་དང་དེའི་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཀྱི་ནུས་པའི་སྐོར། བློ་བཟང་དབྱངས་མཚོ་ལགས་ཀྱིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་བཙན་བྱོལ་ནང་གི་ཞུ་གཏུགས་སྐོར། དེ་བཞིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་སྐོར་གཏམ་བཤད་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese