མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གཉིས་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་ཚེས་ ༢༦ ཉིན་ཉེན་རྟོག་པས་རྨ་ཆུ་རྫོང་རྨུ་ར་དགོན་པའི་གྲྭ་གསུང་རབ་དང་དབལ་པན་ཞང་རྙིང་མ་དགོན་གྱི་གྲྭ་ལེགས་བཤད་གྲགས་པ་གཉིས་འཛིན་བཟུང་བྱས་འདུག
དེ་རིང་ངྷ་སར་གནས་སྡོད་རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་འདི་ག་གསར་ཁང་དུ་ཁ་པར་བརྒྱུད་གནས་ཚུལ་ངོ་སྤྲོད་བྱས་དོན།  ཚེས་༢༦ཉིན་རྨ་ཆུ་རྫོང་རྨུ་ར་དགོན་པའི་གྲྭ་གསུང་རབ་དང་དབལ་པན་ཞང་རྙིང་མ་དགོན་པའི་གྲྭ་ལེགས་བཤད་གྲགས་པ་གཉིས་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག་ལ། དེ་ནི་ཁོང་གཉིས་ཀྱིས་རྫོང་ཐོག་ཏུ་པར་འདོན་དང་བསྐྱར་པར་རྒྱག་སའི་དྲ་ཁང་ཞིག་གཉེར་ཡོད་པ་དེར། ས་གནས་ཉེན་རྟོག་པས་སྔོག་བཤེར་བྱེད་སྐབས་ཡིག་ཆ་འགའ་ལག་སོན་བྱུང་བའི་སྟབས་ཀྱིས་འཛིན་བཟུང་བྱས་པ་ཞིག་རེད་འདུག
དེ་མིན་དེང་སྐབས་རྨ་ཆུ་རྫོང་ཡོངས་སུ་རྒྱ་དམག་གིས་བོད་མིར་འདྲི་གཅོད་བྱེད་པའི་མཐོ་རླབས་ཞིག་འཕྱུར་བཞིན་ཡོད་པར་མ་ཟད།བོད་མི་ཚོ་གང་བྱུང་འཛིན་བཟུང་བྱེད་ཀྱིན་འདུག་ལ།ཉེ་ཆར་ཡང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཆོས་སྐྱོང་ཚེ་རིང་ལགས་ཚེས་༡༦ནས་༡༧བར་འཛིན་བཟུང་བཀག་ཉར་བྱས་ཡོད་ལ། དེ་ནི་གཙོ་བོ་ཁོང་གིས་རྫོང་དེར་སློབ་གསོའི་ལས་དོན་ཐོག་འགན་ལེན་བྱས་ཡོད་ནའང་། འགན་ཁུར་མ་ཐེག་པའི་རྐྱེན་གྱིས་བཀག་ཉར་བྱས་པ་ཞིག་ཡིན་པ་རེད།  གཞན་ཡང་ཟླ་༤ཚེས་༡༥ནས་ཟླ་༥པའི་ཚེས་༡༥བར་ཟླ་གཅིག་རིང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་གྲྭ་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་ལུགས་བསྒྲགས་པ་ལྟར།ད་ལྟ་ད་དུང་ཡང་སློབ་གྲྭ་ཕྱིར་འཚོགས་ཐུབ་མེད་པར་སྔར་བཞིན་སྒོ་བརྒྱབ་ཡོད་པ་དང་།ཉེན་རྟོག་པས་སློབ་མ་རྣམས་ལ་སྔར་བཞིན་འདྲི་གཅོད་བྱེད་ཀྱིན་ཡོད་པ་མ་ཟད།སློབ་མའི་ཁྱིམ་བདག་རྣམས་འབོད་སྐུང་གིས་རང་གི་བུ་ཕྲུག་ལ་འགན་ལེན་ཡི་གེ་འབྲི་རུ་འཇུག་གིན་ཡོད་འདུག  
རྨ་ཆུ་རྫོང་གི་ལས་བྱེད་ཡོངས་ཉིན་རྒྱུན་གྱི་ཞོགས་པར་རྫོང་སྲིད་གཞུང་གི་སྒོ་རའི་ནང་འཛོམས་ཏེ་རྒྱ་ནག་གི་རྒྱལ་གླུ་གཏོང་བ་དང་འབྲེལ་ཡོད་ལས་བྱེད་ཀྱིས་ཁ་བྲལ་ལ་ངོ་རྒོལ་སྐོར་གྱི་གཏམ་བཤད་སོཊ་སྤེལ་གྱིན་ཡོད་སྟབས།ད་ལྟ་རྫོང་དེ་ཛ་དྲག་གི་གནས་སྟངས་འོག་ལྷུང་འདུག་ཅེས་སོགས་ངོ་སྤྲོད་གནང་།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༤ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 7

  1. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས་དགོངས་དག ཁྱེད་ཀྱིས་ཕྲན་ལ་དབྱིན་མིང་ཅན་ཞེས་མིང་ཞིག་བཏགས་འདུག་པས་བདེ་པོ་རང་མ་བྱུང་བས་ཕྲན་གྱི་ངོ་སྤྲོད་བོད་ཡིག་ཐོག་དཔྱད་ཡོད།

    Reply
  2. karma dorje says:
    ལོ་ 16 སྔོན།

    བོད་མིའི་ལ་རྒྱ་རྒྱས་གྱུར་ཅིག རྨ་ཆུ་རྫོང་རྒྱབ་ལ་མདོ་དབུས་ཁམས་གསུམ་ལངས་དགོས་འདུག

    Reply
  3. ཤིང་རྟ། says:
    ལོ་ 16 སྔོན།

    དམར་པོའི་མཚོན་ཁ་ནས་བཞུད་ཅིང་གངས་ཅན་པའི་བདེན་དོན་སྦྲུམ་པའི་སྤུན་ཟླ་ཚོའི་ལས་དབང་གི་སྐྱོ་གར་ལ་བསམ་གཞིགས་ཀྱི་སེམས་ཁུར་ལེན་པ་ནི། མགོ་ནག་བོད་ལ་བློ་སེམས་དཀར་བའི་མཁྱེན་པ་ཚོའི་འོས་འགན་ཡིན། འཇིགས་རུང་རླུང་འཚུབ་ཀྱི་འོག་ཏུ་ཚུད་པའི་སྤུན་ཟླ་ཚོའི་རེ་སྟོས་འཆར་ས་ནི་ཕྱིར་སྡོད་བོད་མི་ཚོ་ཡིན་པས་ང་ཚོས་དེ་དག་གི་ཆེད་དུ་འབོད་བརྡ་མི་ཆད་པ་སྒྲོགས་པ་ལས་དོན་མེད་ཀྱི་གཏམ་འཆར་སྤེལ་བའི་སྐབས་མིན་པར་སེམས།

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོད་ཀྱི་མི་སྐྱ་ཚོ་འབྱོན་སྟང་དེ་ཚམ་མེད་ཚང་

    Reply
  5. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    རྨ་ཆུ་རྫོང་གི་བོད་རིགས་ཚོ་དངོས་གནས་སྙིང་སྟོབས་ཆེན་པོ་རེད། རྗེས་སུ་ཡི་རིང་།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄།། དབྱིན་མིང་ཅན་དེའི་གསུངས་པ་བདེན་གི་ཡ
    ད་ངོ་མ་གྲྭ་ཚོ་སྙིང་རྗེ་ནི་ཞིག་རེད།
    མིའི་ལག་ནས་གདུངས་་རང་རིགས་ཀྱི་ཁ་འོག་ནས་གདུངས།

    Reply
  7. Sopa Lhatse says:
    ལོ་ 16 སྔོན།

    རང་ཡུལ་མདོ་དབུས་ཁམས་གསུམ་དུ་གྲྭ་བ་འཛིན་བཟུང་དང་ལྐོག་གསོད་བཏང་ནས་དགོན་པ་ཚང་མ་སྟོང་པ་བཟོས་སོང་། གཞན་ཡུལ་དུ་གྲྭ་བ་རྣམས་ལ་དམའ་འབེབས་དང་མཐོང་ཆུང་གཏོང་བ་འདི་ལ་བལྟས་ན་དངོས་ནས་གྲྭ་བ་འདི་འཚོ་སྙིང་རྗེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese