མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཆེད་གཞོན་སྐྱེས་ཚོར་གཏོང་ཕོད་ཆེན་པོ་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་སྐུ་བདེ་བར་གཤེགས་ཀྱང་བོད་ཀྱི་གནད་དོན་དེ་དུས་ནམ་ཡང་བརླག་གི་མ་རེད་ཅེས་༧གོང་ས་མཆོག་གི་ལྡི་ལི་གསར་པའི་སྐུ་ཚབ་བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་ཉི་ཧོང་དུ་གསུངས་ཡོད་པ་རེད།

ཕྱི་ཚེས་ ༡ ཉིན་༧གོང་ས་མཆོག་གི་ལྡི་ལི་གསར་པའི་སྐུ་ཚབ་བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་རྒྱ་ནག་གི་དབང་སྒྱུར་འོག་བོད་ཀྱི་ཐོབ་ཐང་རྩོད་རྒྱུ་དེ་༧གོང་ས་མཆོག་སྐུ་གཤེགས་པ་ཡིན་ནའང་མུ་མཐུད་དུ་མཇུག་བསྐྱལ་གྱི་རེད་ཅེས་གསུངས་ཤིང་། ཁོང་གིས་ང་ཚོར་ཡིད་ཆེས་ཆེན་པོ་ཞིག་ཡོད་པ་ནི་བོད་ཀྱི་གནད་དོན་དེ་དུས་ནམ་ཡང་བརླག་གི་མ་རེད། ༧གོང་ས་མཆོག་སྐུ་གཤེགས་ཀྱང་ཁོང་གི་རྣམ་ཤེས་སྔར་བཞིན་གནས་པར་མ་ཟད། ཁོང་གིས་ཇི་ལྟར་ལམ་སྟོན་གནང་བ་བཞིན་བོད་མི་ཚོས་དེ་ལྟར་རྗེས་མཇུག་བྱེད་ངེས་རེད་ཅེས་གསུངས་ཡོད་འདུག

རྒྱ་ནག་གིས་འདི་ལོའི་ཟླ་ ༣ པའི་ནང་༧གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ཐེ་བྱུས་བྱ་རྒྱུའི་རྣམ་འགྱུར་བསྟན་ཡོད་ལ། སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་ཟུར་པ་བྱམས་པ་ཕུན་ཚོགས་ཀྱིས་བོད་ཀྱི་བླ་ཆེན་ཚོའི་ཡང་སྲིད་སྐོར་གྱི་མཐའ་མའི་ཐག་གཅོད་དེ་ཀྲུང་དབྱང་སྲིད་གཞུང་གིས་ཐག་གཅོད་བྱ་དགོས་ཀྱི་རེད་ཅེས་ཨུ་ཚུགས་ཀྱིས་ནན་བརྗོད་བྱས་པ་རེད།

ཆོས་ལུགས་ཀྱི་སྲོལ་རྒྱུན་ཆ་ནས་༧གོང་ས་མཆོག་གི་ཡང་སྲིད་བརྩད་གཅོད་བྱ་རྒྱུ་དེར་བོད་ཀྱི་བླ་ཆེན་ཚོས་གཙོ་འགན་བཞེས་དགོས་པ་ཞིག་ཆགས་ཡོད་མོད། ཡིན་ནའང་། ལྷ་མེད་སྨྲ་བའི་རྒྱ་དམར་གཞུང་གིས་བཙན་པོའི་སྐབས་སུའང་ཁོང་ཚོར་ཡང་སྲིད་ངོས་འཛིན་ཐད་བྱུས་གཏོཊ་བྱ་ཆོག་པའི་ཐོབ་ཐང་ཡོད་ཚུལ་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༠༨ ལོར་བོད་ནང་གློ་བུར་དུ་རྒྱ་དམར་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ནས་བཟུང་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་སྐོར་ལ་གླེང་སློང་ཤུགས་ཆེས་བྱེད་མགོ་ཚུགས་ཡོད་པ་རེད། རྒྱ་དམར་གྱིས་༧གོང་ས་མཆོག་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པའི་བསྙོན་འཛུགས་བྱེད་ཀྱིན་ཡོད་ནའང་། ཁོང་གིས་མུ་མཐུད་དེ་རྒྱ་ནག་གི་ཁྲིམས་འོག་ནས་བོད་ལ་དོན་དམ་རང་སྐྱོང་ཞིག་འཐོབ་ཐབས་ལ་འབད་བརྩོན་གནང་གིན་ཡོད་པ་རེད། དེའི་སྟབས་ཀྱིས་དེང་སྐབས་བོད་དོན་སྐོར་གྱི་ཆེད་མཁས་པ་གང་མང་ཞིག་གིས་རྒྱ་ནག་གིས་༧གོང་ས་མཆོག་གི་སྐུ་ཚེ་ནམ་རྫོགས་ལ་རེ་སྒུག་བྱེད་ཀྱིན་ཡོད་པར་མ་ཟད། དགོངས་པ་རྫོགས་མཚམས་བོད་མི་ཚོར་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཞན་ཞིག་བསྐོ་འདོད་ཡོད་པའི་སྔོན་དཔག་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གི་བཤད་ཡམས་ལ་ནན་བརྗོད་ཀྱི་ཚུལ་དུ་བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གིས་ཁོང་གི་ཡང་སྲིད་ནི་རང་དབང་གི་སྤྱི་ཚོགས་ཤིག་ནས་ཡོང་བ་ལས་བཀག་སྡོམ་ཡོད་པའི་སྤྱི་ཚོགས་ཞིག་ནས་ནམ་ཡང་ཡོང་གི་མ་རེད་ཅེས་བཀའ་གསུང་གནང་ཡོད་པ་ལུང་འདྲེན་ཞུས་ཡོད་པ་རེད། ཡང་ཁོང་གིས་བོད་ཕྱི་ནང་གི་བོད་རིགས་གཞོན་སྐྱེས་ཚོས་ཧི་མ་ལ་ཡའི་རི་རྒྱུད་དུ་བོད་རིགས་ཚོའི་ཆོས་རིག་གི་ངོ་རྟགས་སྲུང་ཆེད་འཐབ་རྩོད་མུ་མཐུད་བྱེད་ངེས་རེད་ལ་གཞོན་སྐྱེས་དེ་ཚོས་རང་གི་མི་རིགས་ཀྱི་ཆེད་དུ་ཅི་ཡང་བློས་གཏོང་ཐུབ་ཀྱི་རེད་ཅེས་ནན་བརྗོད་ཞུས་འདུག

གཞན་ཡང་ཁོང་གིས་གསུངས་དོན། རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་དག་ཞིང་ཞིག་ལ་བསྒྱུར་ཡོད་པར་བཤད་ཀྱིན་པ་རེད། གལ་སྲིད་དེ་ལྟར་ཡིན་ན་ཁོང་ཚོས་ཕྱི་རོལ་འཛམ་བུ་གླིང་ལ་དག་པའི་ཞིང་དེ་གང་འདྲ་ཞིག་ཡིན་མིན་མཐོང་འཇུག་དགོས་པ་རེད་ཅེས་དང་། དོན་དངོས་ཐོག་དུས་དེང་སང་ཡང་བོད་མི་རྣམས་ཀྱིས་ཧི་མ་ལ་ཡའི་གངས་འཁྱག་དག་བརྒྱུད་ནས་སྐྱབས་བཅོལ་ལ་ཡོང་བཞིན་པ་དེས་གང་སྟོན་གྱིན་ཡོད་པ་རེད་ཅེ་ན། སྤྱི་ཚོགས་རིང་ལུགས་ཀྱི་དག་ཞིང་དེར་འདུག་པ་ལས་རང་གི་སྲོག་དོར་ན་དགའ་བ་དེ་རེད།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༩ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 4

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    དེ་ཡིན་ཡིན་པ་རེད། བསྟན་པ་ཚེ་རིང་ལགས་ལ་བསམ་གསར་དང་འཇོན་ཐང་གང་ཡང་མེད་པ་ཚང་མས་མཁྱེན་གསལ་རེད་བ།

    Reply
  2. karma dorje says:
    ལོ་ 16 སྔོན།

    བོད་དོན་ཆེད་གཞོན་སྐྱེས་ཚོ་ངར་ཤོག

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བཀའ་བློན་བསྟན་པ་ཚེ་རིང་ལགས་ཀྱིས་གཞོན་སྐྱེས་ཚོའི་བསམ་བློ་དང་སྙིང་སྟོབས་ཤེས་ཡོད་པ་དགའ་ནས་ཡོད། གང་ཡིན་ཟེར་ན། དེང་སང་དབུ་མའི་ལམ་ལ་འགྲོ་དགོས་པའི་སྒྲུབ་བྱེད་དུ་བོད་ཀྱི་མི་རབས་གསར་པ་ཚོར་མཐོང་ཆུང་བྱེད་མཁན་མི་ཉུང་བ་ཞིག་ཡོད། དེ་ཡང་མི་རབས་གསར་པ་ཚོར་འཇོན་ཐང་མི་འདུག་ཟེར་བ་དང་། གཞོན་སྐྱེས་ཚོར་རེ་བ་མི་འདུག་ཟེར་བ་སོགས་རེད། སྐད་ཆ་འདི་ཚོ་ནང་ཁུལ་ཉམས་བྱེད་དང་དགྲ་དགའ་སྐྱེད་ཀྱི་གཏམ་ཡན་རེད། དོན་དངོས་སུ་གཞོན་སྐྱེས་ཀྱིས་འཐབ་རྩོད་བྱེད་ཕྱོགས་དེ་རྒན་རབས་པ་མང་པོ་ཞིག་གི་འདོད་པ་དང་མ་མཐུན་པ་དེ་རེད།

    Reply
  4. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    བསྟན་པ་ཚེ་རིང་ལགས་ཀྱི speech is just copy from HH the Dalai Lama.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese