མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཆུང་སློབ་མས་རྒྱ་གཞུང་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

གསེར་རྟ་རྫོང་མཁར་སློབ་ཆུང་གི་སློབ་མ་ཚོས་ཉེན་རྟོག་མི་སྣར་ངོ་རྒོལ་དང་བོད་རང་བཙན་བྱི་སྦྱར་ཡིག་བཀྲམས་སྟབས།  སློབ་མ་ཁག་ཅིག་ལ་རྒྱ་སྒོར་ཉིས་སྟོང་གི་ཉེས་ཆད་དང་ཉེན་བརྡ་བཏང་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བློ་བཟང་ལགས་ཀྱིས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་ལོ་སར་ནས་བཟུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་ས་ཁུལ་གྱི་བོད་མི་ཚོས་བསྟུད་མར་ཐེངས་ ༨  ལ་ཞི་བ་བའི་ངོ་རྒོལ་བྱས་ཡོད་ཅིང་།   ཟླ་འདིའི་ཚེས་  ༨ ཀྱི་ཉིན་གུང་གི་མཚམས་སུ་ཉེ་ཆར་འཛིན་བཟུང་བྱས་པའི་དགེ་འདུན་པ་གཉིས་ལ་རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཀལ་ཏེ།  གཅར་རྡུང་བྱེད་བཞིན་རྫོང་གི་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་དུ་ཁྲིད་ཡོད་པར། དེར་ཡོད་མི་མང་གིས་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་འདུག་ལ། ཕྱིས་སུ་མཁར་སློབ་ཆུང་གི་ཉེ་འགྲམ་དུ་སླེབས་མཚམས་སུ་དེར་ཡོད་སློབ་ཕྲུག་ཚོས་རྡོ་གཞུས་པས་རླངས་འཁོར་གྱི་ཤེལ་སྒོ་བཅག་པ་དང་དམག་མི་དང་ཉེན་རྟོག་པ་ལའང་རྡོ་ཕོག་ཡོད་འདུག  རྗེས་སུ་སློབ་ཕྲུག་ཚོས་སློབ་གྲྭའི་ཉེ་འཁོར་དང་དགེ་རྒན་གྱི་མདུན་ཅོག་སོགས་ཀྱི་སྟེང་བོད་ལ་རང་བཙན་དགོས་པའི་སྦྱར་ཡིག་བཀྲམས་ཡོད་སྟབས། རྒྱ་གཞུང་གིས་སློབ་ཕྲུག་ ༣༠  ལྷག་འཇུས་ཡོད་འདུག་ལ།  སློབ་ཕྲུག་མང་ཆེ་བ་གློད་གྲོལ་བཏང་ཡོད་ཀྱང་། དེའི་ཁྲོད་ཀྱི་སློབ་མ་ ༡༠ ལྷག་ལ་རྒྱ་སྒོར་ ༢༠༠༠ རེའི་ཉེས་ཆད་བཅད་དེ། དེང་ཕྱིན་ལས་འགུལ་དེའི་རིགས་ལ་མི་ཞུགས་ཆེད་ཕ་མས་འགན་ལེན་དང་མིང་རྟགས་མ་བཀོད་པར་གློད་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་འདུག

ཐེངས་འདིའི་ངོ་རྒོལ་བྱེད་མཁན་གྱི་སློབ་མ་མང་ཆེ་བ་སློབ་ཆུང་གི་སློབ་མ་རྐྱང་ཡིན་ཡང་། རྒྱ་གཞུང་གིས། རང་ལོ ༡༦ ཡན་གྱི་སློབ་མ་ཁག་ཅིག་ལ་འཛིན་བཟུང་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པར་མ་ཟད།  ད་ཆ་འཛིན་རིམ་དྲུག་པ་ཡིན་ཞིང་ཐ་ཙི་ཞང་གི་སློབ་བུ་དོན་ཡོན་འབོད་པ་སློབ་གྲྭའི་སྒྲིག་ཁོངས་ནས་ཕྱིར་ཕུད་བཏང་ཡོད་འདུག་ལ། མཁར་སློབ་ཆུང་གི་སློབ་མ་ཚོས་ངོ་རྒོལ་བྱས་ཏེ་དམག་མི་དང་ཉེན་རྟོག་མི་སྣར་རྡོ་ཕོག་པའི་ཐད་རྒྱ་སྒོར་ཁྲི  ༡ གིས་ཉེས་ཆད་བཅད་ཡོད་པ་དང་། ཐེངས་འདིའི་དོན་རྐྱེན་དེ་དགེ་རྒན་གྱི་སློབ་གསོས་མ་འདང་བའི་དབང་གིས་བྱུང་བ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་ཅིང་།   ད་ལྟའི་ཆར་དྲག་ཆས་དམག་མི་རླངས་འཁོར་བཅོ་བརྒྱད་གསར་ཏུ་འབྱོར་ཏེ་དམ་དྲག་ཁྲོད་ལྷག་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 3

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    འབྱུང་བའི་གནོད་པ་བོད་ལ་བྱུང་དགྲ་ཡིས་གནོད་པ་བོད་མ་ཡོང་།ཕལ་ཆེར་བོད་མི་རིགས་འདི་རྫོགས་བའི་དུས་ལ་སླེབས་ཡོང་བ་མ་རེད་དམ་བསམ་པའི་ཚོར་བ་ཞིག་སླེབས་ཡོང་གིན་འདུག།
    བཙན་བྱོལ་ནང་དུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ཚོགས་པ་སོགས་གཉིད་ལོག་སྡོད་ཡོད་པ་འདྲ་གོ་རྒྱུ་ཚོར་རྒྱུ་མི་འདུག།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ང་ཚོར་བོད་པར་སྡུག་པོ་འདི་འདྲ་མྱོང་དགོས་པ་ག་རེ་བྱས་པས་ལས་ཡིན་ནམ། འབྱུང་བཞིས་གནོད་པ་དང་མི་ཡིས་གནོད་པས་ང་ཚོ་བོད་པ་རྩ་མེད་ཆགས་ཉེན་འདུག
    ལྷ་བླ་མ་དཀོན་མཆོག་ཡོད་དམ།

    Reply
  3. ཁྲི་གཡུང་དྲུང་། says:
    ལོ་ 16 སྔོན།

    བློ་ཚབས་ཆེན་པོ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese