མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ལོ་ཐོ་ལས་འདི་ལོའི་ས་ཡོམ་གསལ་བོར་བསྟན་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་བ་དཀར་པོ། 

ཐོག་མར་ཐེངས་འདིར་ས་ཡོམ་ལས་འདས་གྲོངས་སོང་བ་དང་། རྨས་སྐྱོན་ཕོག་པ། ནང་མི་གཉེན་གྲོགས་བརླགས་པ། སྡོད་ཁྱིམ་རྩ་བརླགས་སུ་གྱུར་པ་རྣམས་ལ་དམིགས་ནས་གསོལ་བ་སྨོན་ལམ་རེ་འདེབས་པ་ལགས།
དེ་ནས་འདི་ལོའི་ས་ཡོམ་དེ་བོད་གཞུང་སྨན་རྩིས་ཁང་གིས་བཏོན་པའི་ལོ་ཐོ་ལས་གསལ་བར་བསྟན་འདུག་པ་འདིར་བཀོད་ན།
དྲང་སྲོང་ཉི་བུ་ལོ་ཧྲིལ་ཁྱིམ་གཅིག་ཏུ།།གནས་པས་དགུང་འདིར་ལྷོ་ཡི་ཕྱོགས་དག་ཏུ།།རླུང་འཚུབ་ས་གཞི་གཡོ་བའི་ཉེན་ཁ་མངོན།།ལྷག་པར་ནག་ཟླའི་༣ཚེས་ཤར་ནས་བཟུང་སྟེ།།ས་ཟླའི་༤ཉེར་གཉིས་བར་དུ་ཕྱིར་ལྡོག་པས།།ཆར་སྤྲིན་འདུ་ཞིང་ས་གཡོའི་ཉེན་ཡང་ཆེ།།
ང་ཚོས་ལོ་རེར་ལོ་ཐོ་ལ་བལྟས་ནས་བོད་ཕྱི་ནང་གང་སར་ཉེན་བརྡ་གཏོང་དགོས་ཀྱི་རིགས་འཐུས་ཤོར་དུ་མི་འགྲོ་བ་ཞིག་བྱེད་རྒྱུ་ངེས་པར་དུ་གལ་ཆེ།དེ་ལྟར་བྱས་ཚེ་གྲངས་ཉུང་མི་རིགས་འདིའི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་འགོག་ཐབས་རེ་རྙེད་ཀྱང་སྲིད།
བོད་པའི་ལོ་རྒྱུས་ཁྲོད་དུ་སྐར་རྩིས་མཁན་པོ་དག་གིས་ལོ་རེ་རེའི་ཉི་འཛིན་ཟླ་འཛིན་གྱིས་མཚོན་པའི་རྩིས་འབྲས་མདོར་བསྡུས་རེ་ལྷ་སའི་རྡོ་རིང་དང་རྩིགས་ལྡེབས་གང་སར་སྦྱོར་སྲོལ་ཞིག་ཡོད་པ་དང་།ཁ་ཆེ་པཎ་ཆེན་གྱིས་ཉི་འཛིན་ཡོད་ལུགས་ཀྱི་རྩིས་ཐོ་བཏོན་པར་ས་པཎ་གྱི་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ནང་གི་རྣལ་འབྱོར་གྱི་སྟོབས་ཀྱིས་ཉི་འཛིན་མེད་པར་བྱས་པས།པཎ་ཆེན་གྱིས་བདེན་ནི་ང་རང་བདེན་ཀྱང་།ཡ་གིའི་རི་ཁྲོད་དུ་རྣལ་འབྱོར་བ་རྒན་པོ་ཞིག་ང་རྒྱལ་གྱིས་སྦོས་བསྡད་ཡོད་དོ་ཞེས་གསུངས་པ་དང་།ཡང་གོང་ས་བདུན་པའི་སྐབས་སུ་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་རྩིས་ཐོ་བྲིས་ཏེ་ཉི་འཛིན་ཡོད་ལུགས་བསྒྲགས་པས།ལྷ་སའི་མི་མང་གིས་དུས་ཚོད་དེའི་སྔ་ཕྱིར་མིག་གིས་ནམ་མཁར་བལྟས་ནས་བསྡད་ཀྱང་ཉི་འཛིན་མ་བྱུང་བ་ལྟ་བུ་སྐབས་རེར་རྩིས་མཁན་གྱི་བཟང་ངན་དང་ནང་གི་ཉི་ཟླའི་རྣལ་འབྱོར་ལ་དབང་ཐོབ་པའི་སྐྱེས་ཆེན་རེ་ཟུང་གི་མཛད་སྤྱོད་ཀྱིས་རྩིས་འབྲས་ཇི་བཞིན་མི་སྨིན་པ་ཡོད་ཀྱང་།བརྒྱ་ཆའི་ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་ཀྱི་དཀར་རྩིས་འདི་ཧ་ལས་པའི་ཐིགས་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་བཞིན་དང་།བོད་པའི་སྤྱི་ཚོགས་སུ་ལོ་ཐོར་བལྟ་མཁན་མི་ཉུང་བ་ཞིག་ཡོད་ཀྱང་གཞི་རྒྱ་ཆེ་ས་ནས་བལྟས་ཏེ་རྒྱལ་ཁམས་སྤྱི་དང་ཁྱད་པར་དུ་བོད་པའི་སྣོད་བཅུད་ལ་དགེ་མཚན་དང་ཉེན་ཁ་ཅི་ཡོད་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་བས།ཐེངས་འདིར་ཡང་བོད་ཁམས་ཡོངས་སུ་བརྡ་སྦྱོར་སྤེལ་ཏེ་བོད་ཟླ་གསུམ་པ་དང་བཞི་པའི་ནང་དུ་ས་ཡོམ་ལ་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་ཚེ་འདི་འདྲའི་ཆག་འཇིག་ཆེན་པོ་དེ་འདྲ་མྱོང་མི་དགོས་པའི་ཚད་དུ་མཐོང་ངོ་།།རྒྱ་ནག་ཟི་ཁྲོན་གྱི་ས་ཡོམ་ཆེན་པོ་དེ་ཡང་བོད་པའི་ལོ་ཐོ་ལས་སྔ་ས་ནས་བསྟན་ཡོད་ཀྱང་མི་སུ་ལ་ཡང་དོ་སྣང་བྱུང་མེད་པ་དེས་ང་ཚོར་བསླབ་བྱ་ཅི་ཡང་སྤྲོད་མ་ཐུབ་པ་ནི་ཇི་འདྲའི་སེམས་སྐྱོ་ཞིང་དབུགས་རིང་འཐེན་དགོས་པ་ཞིག་རེད་ཨང་།བོད་པའི་ལོ་ཐོ་ཡ་ལོ་ཐོ།ཇི་འདྲའི་འཕྱིས་དྲགས་པའི་མ་འོངས་ལུང་བསྟན་མཁན་ཞིག་རེད་ཨང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༨ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༨ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༩ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

མཆན། 24

  1. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    【多維財經】截至18日15時,玉樹地震遇難人數已升至1,706人,失蹤256人,受傷12,128人,重傷1,424人,政府為地震遇難者每人補償8,000元撫恤金,而中國國家主席胡錦濤18日也抵達災區指導救災。

    Reply
  2. གཉན་དགེ་ says:
    ལོ་ 16 སྔོན།

    སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་ཚེ་ཕོག་པར་བདེན་ཚིག་སྨོན་ལམ་འདི་ལྟར་ཞུ།།
    དེ་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།
    མ་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།
    མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།
    བདག་གི་བདེ་དགེ་གཞན་བཏང་བ་ཡིས།
    སྣོད་བཅུད་བདེ་དང་ལྡན་པར་བྱིན་གྱིས་རློབས།

    Reply
  3. ཤེས་རབ says:
    ལོ་ 16 སྔོན།

    ད་ནི་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་རེ་བྱས་ན་བཟང

    Reply
  4. གཉོམ་ཆུང་། says:
    ལོ་ 16 སྔོན།

    ཨ་ཁུ་སྨྱོན་པས་ཡང་བསྐྱར་མ་ཤེས་ཤེས་མདོག་གིས་སྐྱག་རྫུན་གནམ་ཁར་མི་ཤོང་བ་ཞིག་གང་སར་བསྒྲགས་འདུག་པའི་དམིགས་སྒོ་གང་ཡིན་ནམ།
    སྤྲུལ་སྐུ་རྫུན་པས་ནམ་རྒྱུན་ཀུན་མཁྱེན་གྱི་རྣམ་འགྱུར་གང་ཡིན་ནམ།
    ཕྱི་ལ་གྲྭ་ཆས་གྱོན་ཞིང་ནང་གིས་ནུབ་ཕྱོགས་སྒོར་མོ་གཉེེར་བཞིན་པའི་ཀླུ་སྨྱོན་གྱིས་འགན་ལེན་མེད་པའི༷་འུར་རྒྱག་དོན་གང་ཡིན་ནམ།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    གོང་དུ་དྲ་གྲོགས་ཕུན་ཚོགས་ཟེར་བས། ང་ཚོའི་ལོ་ཐོ་རིག་པའམ་ཡང་ན་སྐར་རྩིས་རིག་པ་སོགས་ཟེར་བའི་སྐད་ཆ་འདི་དག་ནི་རྙིང་དྲག་པའི་རིག་གནས་རྒན་པོ་ཞིག་ལས་ཡིད་རྟོན་བྱ་རུང་བའི་ཚད་དུ་སླེབས་དཀའ་བ་ནི་དངོས་ཡོད་འཚོ་བའི་བདེན་དཔུང་བྱེད་ཀྱིན་པ་ཞིག་རེད་ཞེས་གསུང་པ་ནི་ཇི་བཞིན་མ་དཔྱད་པའི་རིག་པ་འཆོལ་བའི་གཏམ་ཞིག་ཡིན། རིག་གནས་ཅི་འདྲ་ཞིག་ཡིན་རུང་དེའི་མི་འཁྲི་ཕྲག་མང་པོར་ཕན་དོགས་ངེས་ཅན་རེ་ཡོད་པ་ནི་བསམ་ཡོད་ཚང་མས་མཁྱེན་ངེས། འོན་ཀྱང་ཉིད་ཀྱི་གསུང་པ་ཇི་བཞིན་བོད་ཀྱི་ནམ་དཔྱད་སྐར་རྩིས་རིག་པ་འདི་བཞིན་རིག་གནས་རྒན་པོ་ཞིག་ལས་ཡིད་རྟོན་བྱ་མི་རུང་བ་ཞིག་ཡིན་ན་ཉིད་ཀྱི་ཡིད་རྟོན་བྱ་རུང་བའི་ནམ་དཔྱད་སྐར་རྩིས་རིག་པ་ཞིག་ནང་འདྲེན་གནང་རོགས་དང་ང་ཚོས་ཁྱོད་ཀྱི་མཚན་ལོ་སྒྱུས་ཀྱི་དེབ་ཐེར་སྟེང་བཀོད་མཆོག་མེད་དེ་ནི་རི་བོང་རྭ་ཅྭོའི་གཉེན་ཡིན། དེ་ན་རང་རེས་ཕ་མེས་རྣམས་ཀྱིས་ཁྲག་དང་རྔུལ་ཆུའི་སྟིམས་དཀའ་དཔྱད་ཀྱི་འབྲས་བུར་སྐྱག་གཅིན་བཏང་ན་ཕན་དོགས་ཅི་ཡང་མེད།
    ཕུན་ཚོགས་ལ་སྨྲས་པ།

    གངས་ལྗོངས་རིག་གནས་ས་འོག་གཏེར་གྱི་གཉེན།
    རིན་ཐང་མི་ཤེས་གངས་ཕྲུག་ཀླད་མེད་འགས།
    བག་ཚ་མེད་པར་མེས་པོར་སྨད་པ་དང༌།
    གཞན་ལ་འགྲམ་ཆུ་ལྡངས་བ་ཨ་རེ་བླུན༎

    Reply
  6. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    འདི་ལྟར་བསྟན་ཡོད་པར་ཤེས་ན་སྔ་ས་ནས་མི་མང་ལ་ཁྱབ་སྒྲགས་སོགས་གནང་དགོས་རྒྱུ་ཡིན་པ་ལས་ད་མི་མང་ཚང་མ་དཀའ་ངལ་གྱི་གནས་ལས་ལྷུང་ཚ་དུས་ཁྱེད་ཀྱི་སྟོན་ན་ཕན་ཐོག་ཅི་ཡོད། མ་གཞི་ནས་ཆུ་མ་ཡོང་སྔོན་ནས་རག་ཞེས་པའི་དཔེར་ལྟར་བྱ་དགོས་རྒྱུ་གལ་ཆེ་སྙམ།

    Reply
  7. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    བསྟན་འཛིན་ཤེས་རབ etc,

    I am very agree with you guys. When I see the title I have already known what he or she trying to say.It’s just a bullshit.

    ” ང་ཚོའི་མི་མང་བོ་ཞིག་གིས་དུས་རྒྱུན་འདི་ལྟར་བྱེད་པ་རེད། དོན་དག་བྱུང་ཚར་བའི་རྗེས་ལ་གཞི་ནས་ང་ཚོར་ཅིག་ཡོད་རབས་དང་ཉུག་ཡོད་རབས། དེ་དག་ལས་སྔར་ནས་བསྟན་ཡོད་ཚུལ་སོགས་ཙ་རེ་ཙོར་རེ་མང་བོ་བཤད་ངེས་རེད། ངོ་མ་དེ་འདྲ་ཞིག་ཡོད་ན་སྔར་ནས་མི་བསྟན་དོན་ཅི་ཡིན། ”

    Reply
  8. དབྱངས་བུ། says:
    ལོ་ 16 སྔོན།

    བསྟན་འཛིན་ཤེས་རབ་ལགས། དེ་དོན་སྔོན་ཚུད་ནས་བསྟན་ཟིན་པ་མ་ཟད་ལོ་ཐོ་དཔར་འདེབས་ཀྱིས་ཡོངས་གྲགས་འགྲེམས་སྤེལ་ཟིན་པ་རེད། ད་ལན་ཁ་བ་དཀར་པོ་ལགས་ཀྱིས་མི་མང་གིས་དོ་སྣང་མེད་སྐོར་གསུངས་བཞིན་པ་ལས་སྔོན་ཚུད་ནས་བསྟན་མེད་པ་ཞིག་གསར་འདེབས་ཞུས་པ་མ་རེད། དེ་མཁྱེན་དགོས་པ་ལགས།

    Reply
  9. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    བོད་ཀྱི་ལོ་ཐོ་ལས་ས་ཡོམས་ཀྱི་ཉེན་ཁ་ཡོད་པ་དེ་བསྟན་ཡོད་ཀྱང་མེད་གང་ལྟར་ཡང་དེ་ནི་སོང་ཟིན་པ་ཡིན། ང་ཚོས་ཕྱི་བྱུང་ལ་ཟབ་དགོས་པ་དེ་གལ་ཆེ་ཡིན། ད་ལྟའི་ཆར་ང་ཚོས་ཁ་ཚ་གོས་སྡུག་གི་ལས་འགུལ་ཅི་འདྲ་ཞིག་སྤེལ་ཏེ་ཁོང་རྣམས་པའི་དཀའ་ངལ་སེལ་ཐབས་བྱེད་པའི་ཐད་ཟིན་བྲིས་པ་རྣམས་པས་ཟིན་བྲིས་འདྲ་སྐྱོན་ན་ཅི་འདྲ་འདུག་གམ། སི་ནིའི་བྱང་ཕྱོགས་མཚོ་ངོགས་སུ་ཡོད་པའི་བོད་རིགས་མཐུན་ཚོགས་ནས་ཁ་སང་ཕྱི་ཚེས་ 17 ཉིན་ས་ཡོམས་ཀྱི་གོད་ཆགས་བྱུང་བའི་འདས་གསོན་རྣམས་པའི་ཆེད་སྨོན་ལམ་སོགས་སྒྲུབ་ཞུས་པ་དང་དེ་བཞིན་ཞལ་འདེབས་བསྡུ་སྒྲུབས་ཞུས་ཡོད་། དེ་རིང་ཕྱི་ཚེས་ 18 ཉིན་སི་ནིའི་གྲོང་འཁྱེར་ནང་ཡོད་པའི་ཆོས་ཚོགས་ཁག་དང་མི་དམངས་རྣམས་མཉམ་བཞུགས་ཐོག་སྨོན་ལམ་སོགས་སྒྲུབས་ཞུ་རྒྱུ་ཡིན།

    Reply
  10. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ང་ཚོའི་མི་མང་བོ་ཞིག་གིས་དུས་རྒྱུན་འདི་ལྟར་བྱེད་པ་རེད། དོན་དག་བྱུང་ཚར་བའི་རྗེས་ལ་གཞི་ནས་ང་ཚོར་ཅིག་ཡོད་རབས་དང་ཉུག་ཡོད་རབས། དེ་དག་ལས་སྔར་ནས་བསྟན་ཡོད་ཚུལ་སོགས་ཙ་རེ་ཙོར་རེ་མང་བོ་བཤད་ངེས་རེད། ངོ་མ་དེ་འདྲ་ཞིག་ཡོད་ན་སྔར་ནས་མི་བསྟན་དོན་ཅི་ཡིན། འོ་ན་བོད་མི་འདི་ཚོ་བསམ་བཟོས་ནས་ཤི་རུ་བཅུག་པ་ཡིན་ནམ། བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་པ་དགའ་ཞེས་པ་ཡང་འདི་འདྲ་ཞིག་ལ་བཤད་པ་ལོས་ཡིན་རེ།

    Reply
  11. ཤིང་རྟ། says:
    ལོ་ 16 སྔོན།

    སྐྱེ་རྒུ་མདོ་ནས་རྒྱང་ཐག་སྤྱི་ལེ་༥༠ ལྷག་གི་མཚམས་ར་ཤུལ་དང་རང་འབོ་ཟེར་བའི་གྲོང་ཚོ་ཁ་ཤས་ལ་སྐྱེ་རྒུ་དང་ལྷན་དུ་ས་ཡོམ་ གོད་ཆག་ཆེན་པོ་བྱུང་སྟེ་ཁྱིམ་ཚང་༦༠་ཙམ་ཞིག་རྩ་མེད་དུ་སོང་ཡོད་པ་དང་ཤི་རྨས་ཤིན་ཏུ་མང་པོ་བྱུང་ཡོད་ཀྱང་། ད་སྐབས་དེ་ཕྱོགས་སུ་རོགས་སྐྱོར་བྱེད་མཁན་སུ་ཡང་སླེབས་མེད་སྐད། ཁ་པར་རྒྱུད་ནས་ཐོས། འདི་ཕྱོགས་ནས་ཉེན་སྐྱོབས་ཀྱི་མཐུ་རྐྱེན་བསྐྲུན་མཁན་དག་ལ་འབོད་སྐུལ་བྱས་ཏེ་དེ་ཕྱོགས་ལ་ཉམ་ཞིབ་བྱེད་དགོས་པ་སྣང་།

    Reply
  12. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྐྲ་བཞར་ཟིན་ནས་ཚེས་གྲངས་བརྟག་པ་ལྟར་རེད། ག་ཚོད་བཤད་ཀྱང་རྗེས་ལུས་རེད།

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    སྐད་ཆ་འདི་ཚོ་འཕྱི་ཚར་བ་རེད། དང་པོ་ལོ་ཐོ་ནས་གསལ་བཤད་ཅིག་བྱས་ཡོད་ན་ཕན་སྲིད།

    Reply
  14. ཕུན་ཚོགས ། says:
    ལོ་ 16 སྔོན།

    བོད་པ་ཚང་ནི་ག་དུས་ཡིན་ན་ཡོད་ཚད་རང་ལ་ཡོད་མདོག་གི་རྫིག་ཉམས་སྟོན་རྒྱུར་དགའ་བ་ལས་།ཡོད་པས་ཡོད་གོ་ཆོད་པ་ཤིན་ཏུ་ཉུང་ངོ།

    Reply
  15. ཕུན་ཚོགས ། says:
    ལོ་ 16 སྔོན།

    ང་ཚོའི་ལོ་ཐོ་རིག་པའམ་ཡང་ན་སྐར་རྩིས་རིག་པ་སོགས་ཟེར་བའི་སྐད་ཆ་འདི་དག་ནི་རྙིང་དྲག་པའི་རིག་གནས་རྒན་པ་ཞིག་ལས་ཡིད་རྟོན་བྱ་རུང་བའི་ཚད་དུ་སླེབས་དཀའ་བ་ནི་དངོས་ཡོད་འཚོ་བའི་བདེན་དཔུང་བྱེད་ཀྱིན་པ་ཞིག་རེད།
    གོང་དུ་བཤད་པ་བཞིན་།དཔེར་ན་ལྷོ་ཟེར་དུས་ལྷོ་དེ་གང་ཞིག་ལ་ངོས་འཛིན་དགོས་ཀྱི་རེད།ལྷོ་ཡིན་པ་ཡོད་ཚད་ལ་གོ་གི་ཡོད་ན་ལྷོ་མ་ཡིན་པ་གཅིག་ཀྱང་མེད།འཛམ་བུ་གླིང་གི་ལྷོ་སོགས་ཟེར་ན་ཡང་ཧ་ཅང་གི་རགས་རྩིས་ཤིག་ཡིན་པས་དོ་སྣང་བྱེད་དཀའ་བ་ཞིག་རེད།དེ་བས་སུས་སུས་ནམ་ནམ་ལ་དོ་སྣང་བྱས་ཏེ་སྡོད་ཐུབ་བམ།

    Reply
  16. ཤིང་རྟ། says:
    ལོ་ 16 སྔོན།

    ད་ནས་བཟུང་བོད་ཀྱི་བླ་མ་མངོན་ཤེས་ཅན་རྣམས་དང་། རྩིས་པ་རྣམ་པ་ཁྱེད་རྣ

    Reply
  17. ཤིང་རྟ། says:
    ལོ་ 16 སྔོན།

    བོད་པའི་ལོ་ཐོ་དེ་རྩོམ་མཁན་རྩིས་པ་ཞིག་ཡོད་དམ། རྩིས་པ་དེས་འདི་འདྲའི་ས་གཞི་གཡོ་བའི་ཉེན་ཁ་ཡོད་པ་ཤེས་ཡོད་དམ། ཤེས་ཡོད་ན་སྔོན་བརྡ་ཞིག་མི་གཏོང་བ་བོད་རིགས་སྤུན་རྣམས་ལ་འདི་འདྲ་སྡུག་བསྔལ་གཏད་འོས་སམ། ཡུལ་ཕྱོགས་གང་ཞིག་ནས་ས་གཞི་གཡོ་བ་མ་ཤེས་ན། སྤྱིར་ས་འགུལ་ཡོང་བ་ནི་རྩིས་མ་རྒྱག་ཀྱང་ཚང་མས་ཤེས་གསལ་ལྟར་རེད།

    Reply
  18. མི་ཆུང་། says:
    ལོ་ 16 སྔོན།

    བློ་གྲོས་རྒྱལ་པོ་འདི་ཡང་། མི་ཆུང་ལྟར་མ་ཤེས་ཤེས་མདོག་བྱེད་མཁན་ཞིག་ཡིན་པ་འདྲ། རྒྱུ་མཚན་ནི། ཁོ་པས། ཚན་རིག་ཐོག་ནས་འབྱུང་བའི་གནོད་སྐྱོན་རིགས་ཀྱི་སྔོན་བརྡ་གཏོང་
    ཐུབ་པ་བདེན་ཡང་། དེ་ནི་འབྱུང་ལ་ཉེ་བའི་དུས་ཚོད་ངེས་ཅན་ཞིག་གི་ནང་མ་གཏོགས། ཞེས་ཟེར། ཚན་རིག་ཐོག་ནས་བཤད་ནས། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་གྱི་ས་གཤིས་ཆ་ཚང་འདོན་གྱི་ཡོད། དེ་བས་ཀྱང་ས་འོག་གི་མེ་རི་དང་། ས་ཡི་མཐུད་མཚམས་དེ་ཚོ་གསལ་པོར་ཤེས་ཀྱི་ཡོད། འདི་གཉིས་ནི་ས་ཡོམ་གྱི་འབྱུང་གཞི་གཙོ་བོ་དེ་ཆགས་ཀྱི་ཡོད་། རང་ཉིད་ཀྱི་ཁང་པའི་ཕྱི་རོལ་དུ་ཕྱིན་ནས་ཚུར་རང་ཉིད་ཀྱི་ཁང་པར་བལྟས་ན། ད་གཟོད་རང་ཉིད་ཀྱི་ཁང་པའི་གནས་བབ་རྣམས་གསལ་པོར་ཤེས་ངེས་རེད།

    ད་དུང་ཉེ་ཆར་རང་། མཚོ་སྔོན་པོའི་བར་སྣང་མཐོངས་ནས་མཚོ་ཡི་ནང་གདུང་མ་འདྲ་བའི་སྤྲིན་པ་གསུམ་དཔྱངས་ཡོང་བ་དེར། བོད་ནང་དང་བཙན་བྱོལ་ནང་གི་དྲ་ཚིགས་སུ་ཡ་མཚན་ཅན་གྱི་འབྲེལ་བརྗོད་འདྲ་མིན་རྒྱག་གིན་འདུག་མོད། དེར་ཡ་མཚན་རྒྱུ་གང་ཡང་མེད། དེ་མིན་ཐོག་གི་ཉི་འོད་དང་འོག་གི་ཆུ། བར་སྣང་གི་རླུང་བཅས་ཀྱི་གྲུབ་པའི་རླུང་འཁོར་འཚུབ་མ་རེད། དེའི་མིང་དུ་དབྱིན་ཡིག་ནང། Tornadoes ཟེར། འདི་ཡང་རང་བྱུང་གི་གནོད་འཚེ་ཆེ་བ་ཞིག་ལ་ངོས་འཛིན་གྱིན་ཡོད།

    Reply
  19. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    གོང་གི་༼ལྷོ་ཡི་ཕྱོགས་དག་ཏུ།༽ཞེས་པ་དེ་གང་ཞིག་ལ་ངོས་འཛིན་དགོས་པ་རེད་དམ།
    ས་ཡོམ་བྱུང་ཚར་བས་དེ་མཚོ་སྔོན་པོའི་ལྷོ་ཕྱོགས་ཡིན་པ་མིན་འགྲོ།
    ཨེ་རེད་དམ།

    འདི་ཁ་སང་ནས་མི་རྐང་གླིང་བུ་ཟེར་བ་དེས་བཤད་སོང་།

    Reply
  20. ཟླ་བ་གཞོན་ནུ། says:
    ལོ་ 16 སྔོན།

    གོང་གི་༼ལྷོ་ཡི་ཕྱོགས་དག་ཏུ།༽ཞེས་པ་དེ་གང་ཞིག་ལ་ངོས་འཛིན་དགོས་པ་རེད་དམ།
    ས་ཡོམ་བྱུང་ཚར་བས་དེ་མཚོ་སྔོན་པོའི་ལྷོ་ཕྱོགས་ཡིན་པ་མིན་འགྲོ།
    ཨེ་རེད་དམ།

    འདི་ཁ་སང་ནས་མི་རྐང་གླིང་བུ་ཟེར་བ་དེས་བཤད་སོང་།

    Reply
  21. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    Mr.མི་ཆུང་ཆུང་འདི་ཡང་མ་ཤེས་ཤེས་མདོག་སྟོན་མཁན་ཞིག་ཡིན་པ་འདྲ། ཚན་རིག་ཐོག་ནས་འབྱུང་བའི་གནོད་སྐྱོན་རིགས་ཀྱི་སྔོན་བརྡ་གཏོང་ཐུབ་པ་བདེན་ཡང་། དེ་ནི་འབྱུང་ལ་ཉེ་བའི་དུས་ཚོད་ངེས་ཅན་ཞིག་གི་ནང་མ་གཏོགས་ཚོད་དཔག་ཐུབ་ཀྱི་མེད་པ་རེད། སྲོལ་རྒྱུན་རིག་གཞུང་དེ་ལས་ལྡོག་སྟེ་ལོ་གཅིག་གམ་ལོ་ཤས་སྔོན་ནས་སྔོན་དཔག་བྱེད་ཐུབ་ཀྱི་ཡོད་པ་རེད། དཔེར་ན་དབྱར་དགུན་ཉི་ལྡོག་དང་། ཉི་འཛིན་ཟླ་འཛིན། ཟླ་ལྷག་ཡོད་མེད། ཐན་པ་ཡོད་མེད།

    Reply
  22. མི་ཆུང་། says:
    ལོ་ 16 སྔོན།

    ང་ཚོའི་ལོ་ཐོའི་ནང་བཤད་པ་རྣམས་རྩིས་གཞུང་ལས་བབས་པ་ཙམ་མ་གཏོགས་དོན་དངོས། དེང་གི་ཚན་རིག་པ་ལྟར་ས་གཤིས་ལ་བརྟག་དཔྱད་ཅི་ཡང་བྱེད་ཀྱི་མེད་པས། མུན་ནག་མདའ་འཕེན་རང་རེད། གཞན་དུ་ན། དེ་མཚུངས་ཀྱིས་ས་གཤིས་བརྟག་དཔྱད་དེ། ས་འོག་གི་དྲོད་ཚད། མེ་རི་ཡོད་མེད། རྒྱ་ཁྱོན་ཆེ་ཆུང་། སའི་མཐུད་མཚམས་སོགས་ལ་ཞིབ་ཅིང་བརྟག་ནས་ཤོད་དགོས། དཔེར་ན། ཉིན་ཤས་གོང་གི་ཨ་སི་ལན་ཌི་གི། མེ་རི་འབར་གས་ཀྱི་མངོན་དཔགས་གྲ་སྒྲིག་ལྟར་དགོས།

    Reply
  23. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    Mr.ཁ་བ་དཀར་པོ་ལགས། ཉིད་ནས་བོད་ཀྱི་སྐར་རྩིས་རིག་པར་དོ་སྣང་གནང་བ་ཧ་ཅང་ལེགས་པོ་འདུག་ཀྱང་། ཞྭ་དཔེ་ལྷན་འགེབས་དང་མ་མཁྱེན་མཁྱེན་མདོག་གནང་བ་ནི་བཟང་སྤྱོད་དང་ཅུ་མ་མཐུན་པ་ལྟ་བུ་ཞིག་ཏུ་མཐོང་སོང་། བོད་ནས་འདོན་བཞིན་པའི་རྩིས་འབྲས་དེ་ལྷ་ལྡན་གཙུག་ལག་ཁང་སྲོག་ཤིང་ལ་བཟུང་སྟེ་ཤར་ལྷོ་ནུབ་བྱང་དབྱེ་བཞིན་པ་དང་། བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་གིས་གཙོས་པའི་བཙན་བྱོལ་གྱི་རྩིས་འབྲས་དག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་སྲོག་ཤིང་བྱས་ཏེ་ཤར་ལྷོ་ནུབ་བྱང་དགར་བཞིན་ཡོད་པ་རེད། དེས་ན་ཉིད་ཀྱི་གསུང་པའི་དགུང་འདིར་ལྷོ་ཡི་ཕྱོགས་དག་ཏུ།།རླུང་འཚུབ་ས་གཞི་གཡོ་བའི་ཉེན་ཁ་མངོན། ཞེས་པ་དེ་ཕྱོགས་ཙམ་ཡང་རྒྱུ་མཚན་དུ་མི་འགྲོ་བ་དང་། ཡང་ལྷག་པར་ནག་ཟླའི་༣ཚེས་ཤར་ནས་བཟུང་སྟེ།།ས་ཟླའི་༤ཉེར་གཉིས་བར་དུ་ཕྱིར་ལྡོག་པས།།ཆར་སྤྲིན་འདུ་ཞིང་ས་གཡོའི་ཉེན་ཡང་ཆེ།།ཞེས་པ་དེ་ཡང་རྒྱུ་མཚན་དུ་མི་འགྲོ་བ་ནི་ཕྱི་ཟླ་ ༤ ཚེས་ ༡༤ ཉིན་ནག་ཟླ་ད་དུང་མ་ཚེས་པ་ཡིན་པ་རེད། ཧབ་ལངས་ཧུར་བརྒྱབ་ན་རང་མདོག་སྟོན་པ་ཙམ་ལས་གཞན་……….

    Reply
  24. མི་ཆུང་། says:
    ལོ་ 16 སྔོན།

    བོད་ཀྱི་ལོ་ཐོའི་ནང་ས་ཡོམ་གྱི་སྐོར་བཤད་ཡོད་ཀྱང་། དེ་སྐྱེ་དགུ་མདོ་ཡིན་པ་སུས་ཀྱང་མི་ཤེས། ཐ་ན་ལོ་ཐོ་བྲིས་པ་པོ་ཁོང་ཅག་གིས་ཀྱང་མི་ཤེས་ན་ཅི་བྱེད།

    ད་དུང་བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོའི་ནང་ས་ཡོམ་གྱི་ཉེན་གསུངས་པ་འདི། སྤྱིར་འཛམ་གླིང་སྤྱི་ལ་གོ་འམ། ཡང་ན་བོད་ནང་དུ་གོ། དེ་མིན་རྒྱ་གར་ནང་དུ་གོ། ས་གནས་གང་གི་ས་གཤིས་དང་རྒྱུ་སྐར། གཙོ་བོར་གཟུང་ནས་བཤད་ཡོད།

    ཡང་ན་བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོ་འདི་རྒྱ་ནག་གི་ས་ཁམས་གཞིར་བཟུང་བྲིས་པ་ཡིན་ནམ། དེ་མིན་གོང་དུ་བཀོད་པ་ལྟར་འཛམ་གླིང་སྤྱི་ཡི་སྐོར་བཤད་ཀྱི་ཡོད་ན། དེ་བས་ཀྱང་ཚོད་མི་ཐིགས་པ་ཡིན།

    དེར་བརྟེན་བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོ་ནས་སྐྱེ་དགུ་མདོའི་ས་ཡོམ་བཤད་པ་ཟེར་ན་དགོད་ཤོར་བ་རང་རེད། ད་དུང་ཟི་ཁྲོན་གྱི་ས་ཡོམ་སྐོར་བཤད་ཟེར། འོ་ན་དེ་སྔོན་གྱི་ནག་ཆུའི་ས་ཡོམ་དང་། ཉེ་སྔོན་གྱི་ཧ་ཊིའི་ས་ཡོམ་སོགས་མ་བཤད་པའི་རྒྱུ་མཚན་ཅི་ཡིན་ནམ།

    དྲང་སྲོང་ཉི་བུ་ལོ་ཧྲིལ་ཁྱིམ་གཅིག་ཏུ།།གནས་པས་དགུང་འདིར་ལྷོ་ཡི་ཕྱོགས་དག་ཏུ།།རླུང་འཚུབ་ས་གཞི་གཡོ་བའི་ཉེན་ཁ་མངོན།།ལྷག་པར་ནག་ཟླའི་༣ཚེས་ཤར་ནས་བཟུང་སྟེ།།ས་ཟླའི་༤ཉེར་གཉིས་བར་དུ་ཕྱིར་ལྡོག་པས།།ཆར་སྤྲིན་འདུ་ཞིང་ས་གཡོའི་ཉེན་ཡང་ཆེ།།

    མདོ་དོན་གོང་གི་ཚིགས་བཅད་འདི་དག་འཛམ་གླིང་སྤྱི་དང་བོད་རྒྱ་གར་རྒྱ་ནག་གང་དུ་གོ་དགོས་མིན་རྒྱུ་མཚན་ཡང་དག་གིས་འགྲེལ་ཞིག་གྱིས་དང་། དེ་ནས་ཡིད་ཆེས་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese