རྒྱ་གར་གྱི་འབྲེལ་ཡོད་དཔོན་རིགས་ཚོ་ས་གནས་ཀྱི་རྩེད་འགྲན་ཁྲོད་ལས་བྲེལ་ཆེ་རུ་གྱུར་ཏེ། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་གསུམ་གྱི་ཁྲིམས་ར་འཚོགས་རྒྱུ་འཕར་འགྱང་བྱས་འདུག
ད་ལྟ་རང་འདི་གའི་གསར་འགོད་པས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་ཁ་པར་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཉེ་ཆར་འཛིན་བཟུང་བཀག་ཉར་བྱས་པའི་བདེ་སྲུང་ལས་བྱེད་མི་སྣ་གསུམ་ཁ་སང་ཕྱི་ཚེས་ ༡༦ ཉིན་ཁྲིམས་རར་འཚོགས་རྒྱུ་བྱས་ཡོད་ཀྱང་། ཁ་སང་ཡང་བསྐྱར་དུས་ཚོད་འཕར་འགྱང་བྱས་ཏེ། ཁྲིམས་ར་འཚོགས་ཐུབ་པ་བྱུང་མི་འདུག
ཁོང་གིས་དེ་ནི་ཉིན་འདི་འགར་ས་གནས་སུ་རྒྱ་གར་གྱི་ Cricket རྩེད་འགྲན་འཚོགས་བཞིན་པར་བརྟེན་རྒྱ་གར་གྱི་འབྲེལ་ཡོད་མི་སྣ་རྣམས་དེ་རུ་ལས་བྲེལ་ཆེ་རུ་གྱུར་ཏེ། ཕྱིར་འགྱང་བྱེད་དགོས་བྱུང་བ་ཡིན་ཚུལ་འདུག་ཅེས་གསུངས།
ཡང་ཁོང་གིས་ཁྲིམས་རར་འཚོགས་ཏེ་གནད་དོན་དངོས་སུ་ཐག་གཅོད་འབྱུང་རྒྱུར་དུས་ཚོད་མང་བོ་དགོས་ཀྱི་ཡོད་མོད། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཁོང་ཚོ་བཙོན་ཁང་ནས་མྱུར་ཏུ་གློད་གྲོལ་དགོས་པའི་འབོད་སྐུལ་སྙན་ཞུ་ཕུལ་ཟིན་པ་ཡིན་ཞེས་གསུངས།
རྒྱ་གར་གྱི་འབྲེལ་ཡོད་ཉེན་རྟོག་པ་དང་ཁྲིམས་དཔོན་སོགས་ཐེངས་འདིའི་རྩེད་འགྲན་གྱི་ལས་དོན་ཐད་ལས་བྲེལ་ཆེ་རུ་གྱུར་ཏེ། ཁྲིམས་རར་འཚོགས་པའི་དུས་ཚོད་རེག་གི་མེད་པར་བརྟེན། བཙོན་དུ་ཚུད་པའི་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་གསུམ་མུ་མཐུད་བཙོན་ཁང་དུ་ལྷག་ཡོད།
ཁོང་གསུམ་ནི་ཚེ་རིང་རྒྱལ་མཚན་དང་ཚེ་རིང་དར་རྒྱས། ཚེ་དབང་བཅས་ཡིན་པ་དང་། ཁོང་ཚོར་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་དོན་ཚན་ ༣༠༧ དང་ ༣༢༤། ༣༢༣། ༣༤ བཅས་སུ་ཐོ་འགོད་བྱས་ཡོད།


![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)



Tibetans are Indian’s students.Indians are Tibetan’s teachers.
Therefore,I think our teacher will released their those students soon.How do you think?
Tibetans are Indian’s students.Indians are Tibetan’s teachers.
I think our teacher will released soon.How do you think?
ཚེ་ཡི་མིང་ཅན་མི་གསུམ་པོ། ཚེ་རིང་ནད་མེད་ཡོངས་བར་ཤོག། ཚེ་དང་ལྡན་པའི་རྒྱ་གར་བས། ཚེ་ལ་བར་ཆད་མ་སྟང་རོགས།་་་་་་་་་་་་་་་་་་་་་་སྙན་པོ་རང་ད་མི་ཀི
བོད་གཞུང་དྲ་རྒྱ་སྟེ། http://www.tibet.net ཞེས་པའི་བོད་ཡིག་དྲ་ཚིགས་སུ་བོད་གཞུང་གི་གནད་ཡོད་མི་སྣ་ཁག་ཅེས་པའི་ནང་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་མི་སྣ་ངོ་སྤྲོད་ནང་། ༼ དྲུང་ཡིག་ཆེན་མོ། ཞིང་ཆེན་དངོས་གྲུབ་རྡོ་རྗེ། འཛིན་སྐྱོང་ ༽ ཞེས་གསལ་འདུག
དེ་བཞིན་ནོར་ས་གཞན་ཞིག་ཡོད་པ་ནི། ༼ དྲུང་ཡིག་ཆེན་མོ། ཡེ་ཤེས་ཆོས་བཟང་། སྐུ་ཕྱཱའི་དྲུང་ཆེ། ༽ ཞེས་པ་དེ་ཡིན་ལ། དེ་གཉིས་ཀྱི་གཅིག་ཤོས་ནི་འཛིན་སྐྱོང་དྲུང་ཆེ་དང་གཅིག་ཤོས་ནི་སྐུ་ཕྱཱའི་དྲུང་ཆེ་རེད། ད་ལྟའི་བདེ་སྲུང་བཀའ་བློན་གྱི་མཚན་ལ་འབྲོང་ཆུང་དངོས་གྲུབ་ ༼ རྡོ་རྗེ་ཡིན་པ་དྲན་ལམ་འདུག ༽ ཡིན་པ་དེ་ཡང་ནོར་གཞི་ཞིག་ཡིན་པ་འདྲ།
བདེ་སྲུང་བཀའ་བློན་དངོས་གྲུབ་རྡོ་རྗེ་ཡིན་པ་ལས། ཁོང་བདེ་སྲུང་དྲུང་ཆེ་ལས་ཐོག་མ་རེད།
གསར་འགོད་པ་ལགས། དངོས་གྲུབ་རྡོ་རྗེ་ལགས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན་ཡིན་པ་ལས་བདེ་སྲུང་ལས་ཐོག་མ་རེད།
ངས་གནས་ཚུལ་གསལ་པོ་ཧ་གོ་ཡི་མི་འདུག་ཡང་སྙིང་ཚེ་ཞེས་པའི་མིང་ཡོད་མཁན་བོད་མི་གསུམ་བཙུན་འཇོག་བྱེད་ཡོད་ས་རེད།
འདུག་སེ་བལྟ་དུས་བོད་གཞུང་དང་འབྲེལ་བ་ཡོད་འདྲ་ཞིག་འདུག་དེ་ལྟར་ཡིན་ན་ངེས་པར་མྱུར་སྐྱོབ་བྱ་དགོས་ངེས་ཤིག་རེད་སྙམ།དེ་མིན་སོ་སོས་བཟོས་པའི་ཆང་དེ་ཞིམ་པོ་མེད་ན་འཐུང་ཞེས་འཇིག་རྟེན་རྒན་པོའི་ངག་རྒྱན་ལྟར་ཁོང་ཚོ་ཁ་ཡ་བྱེད་རྒྱུ་མེད།་བོད་པརེ་ཟུང་ཞིག་གིས་བསྡད་མ་ཚུགས་པར་༸གོང་ས་མཆོག་དང་བོད་མི་རིགས་ཀྱི་ཞབས་ནས་འདྲེན་གྱིན་འདུག་་་ཁོང་ཚོ་ལ་ཁ་ཡ་བྱེད་མི་དགོས།་ང་ཚོས་ཡོམ་གྱི་གོད་ཆག་ཁྲོད་ཤི་རྨས་བྱུང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་ན་འགྲིག།
སོགས་སྒྲ་དེ་བཅས་ལ་བསྒྱུར་ཡོད། མཛུབ་སྟོན་བླ་ན་མེད་པ་ལྟ་བུ་ངེས་པར་དུ་དགོས་མཁོ་ཆེན་པོ་རེད།
ཚེ་དབང་སོགས་ཞེས་སོགས་སྒྲ་བྲིས་དགོས་དོན་ག་རེ་རེད། ད་དུང་མི་བཞི་པ་དང་། ལྔ་པ་ཡོད་རེད་པེ།
ཚེ་གསུམ་པོ་ཚེ་གང་རིང་རྒྱ་གར་གྱི་བཙོན་དུ་མི་འཇུག་པའི་རེ་བ་ཡོད། མ་གཞི་ནས་བདེ་སྲུང་པས་བདེ་དཀྲུག་པས་ལན་པ་རེད།
ཁོང་ཚོ་མྱུར་དུ་གློད་བཀྲོལ་ཡོང་བར་སྨོན