མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ཁྱོད་ཀྱི་སྐད་ཆ་མི་གོ་ན་ཡང་། ཁྱོད་ཀྱི་སྡུག་བསྔལ་གོ་ཐུབ། འོད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

                      
           
                                          འོད་ཟེར་པོད་ཁུག་ལས་བསྒྱུར། ནགས་ཤོད་སད་མི།
      
       ཡུལ་ཤུལ་ས་འགུལ་རྗེས་ཀྱི་ཚེས་ ༡༧ ཉིན། འདས་པོ་ཉིས་སྟོང་ལྷག་གི་ཕུང་པོ་ཞུགས་འབུལ་སྐབས།  མི་སེམས་ཚལ་པར་གཏུབས་འགྲོ་བའི་སྐྱོ་གླུ་འདི་འདྲ་གོ་སོང་།   
    
       པེ་ཅིང་གསར་འགོད་པ་ཞིག་གི་སྐབས་འཕྲལ་ཟིན་བྲིས་ནང་བཀོད་དོན། ངས་ཁྱོད་ཀྱི་སྐད་ཆ་མི་གོ་ན་ཡང་།  ཁྱོད་ཀྱི་སྡུག་བསྔལ་གོ་ཐུབ།  འདི་ནི་ངས་ཡུལ་ཤུལ་ས་གནས་སུ་ཕུང་པོ་ཞུགས་འབུལ་སྐབས་རང་གི་ཨ་མ་གྲོངས་པའི་བུ་མོ་ཞིག་གི་སྐྱོ་གདུང་གི་གླུ་དབྱངས་ནང་འཇུག་བྱས་པའི་སྐད་སྒྲ་རེད།  དུས་དེར། ང་ངུ་བཞིན་ངའི་གཅེན་གཅུང་ཚོས་འཐེན་གྱིན་པའི་མ་ཎི་འབྲུ་དྲུག་གི་དབྱངས་རྟ་དེ་རྫོགས་རྫོགས་བར་ཉན།  མོས་སྤྱན་རས་གཟིགས་བོས་ནས་གསོལ་འདེབས་ནན་མོ་བྱས་པ་མ་ཟད། ཐུགས་རྗེ་ཆེན་མོ་ལ་གསོལ་བ་དྲག་ཏུ་བཏབ། ད་དུང་། ཡང་ནས་བསྐྱར་དུ་ ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོས་ནས་གསོལ་སྨོན་ཕུར་ཚུགས་སུ་བཏབ་སོང་། ”
 
   “  ངུ་ངག་དང་སྐྱོ་ཚིག་སྡེབ་པའི་སྐད་སྒྲ་དེ་ནི།   བར་དོའི་འཕྲང་འགག་ཏུ་རྐང་རྡོག་སྤོས་ཟིན་པའི་རང་གི་ཨ་མར་བོས་པའི་སེམས་གཏིང་གི་སྨྲེང་གླུ་རེད་ལ་་་་་་་་་་་་་”
   
        གསར་འགོད་པ་འདིས་ད་དུང་སྐབས་དེའི་སེམས་ཚོར་ཡིག་ཐོག་ཏུ་བཀོད་པ་འདི་ལྟར། “ ངས་བར་ཐག་ཉེ་ས་ནས་པར་ལེན་བྱ་མི་འདོད་ལ།   རིང་ས་རིང་ས་ཞིག་ནས་ཁོང་ཚོའི་འཆི་གསོན་དང་འདུ་འབྲལ་ལ་ལྟ་བཞིན་ཡོད།  ངས་ནང་འཇུག་བྱས་པའི་སྐད་སྒྲ་དེ་ནི།   མིའི་རིགས་སུ་གཏོགས་པའི་འགྲོ་བ་ཡོངས་ཀྱིས་གོ་ཐུབ་པའི་ངུ་སྐད་རེད།”
 
  “ དེར་འཁོད་བོད་མི་ཡོངས་ཀྱི་མ་ཎིའི་དབྱངས་རྟ་དེ་ནི།    རྒྱུན་གཏན་དང་མི་འདྲ་ལ།  ཅི་འདྲའི་རིང་ཞིང་སྐྱོ་ངལ་ལྡན་པ་ཞིག་རེད་པས།  ངའི་མིག་ཆུ་ཡང་རྒྱུན་གཅོད་བྱ་ཐབས་བྲལ།   ”

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 11

  1. བྱམས་པ་རྒྱལ་མཚན says:
    ལོ་ 16 སྔོན།

    ངོ་མ་འདི་ལྟར་བོད་མི་ཚོའི་སེམས་གཏིང་ནས་གོང་ས་མཆོག་ལ་དད་པ་དམ་ཚིག་མ་ཉམས་པར་ཡོད་པ་འཛམ་གླིང་མི་དམངས་ཀྱིས་ཀྱང་གང་འཚམ་ཤེས་ཀྱིན་ཡོད་པ་རེད་མོད། རྒྱ་ནག་གིས་མུ་མཐུད་དུ་རྡོག་བརྫིས་གཏོང་བཞིན་ཡོད་པ་འདི་སྐྱོ་བ་ལ།

    Reply
  2. ནགས་མེ། says:
    ལོ་ 16 སྔོན།

    དྲ་ཚོགས་ཚོས་འོད་ཟེར་ལགས་ཀྱི་ཟིན་བྲིས་མང་ཙམ་མཇལ་རྒྱུའི་རེད་བ་ཡོད། ང་ཚོར་དགོས་པའི་ཡུལ་ཤུལ་སྐོར་གྱི་པར་རིས་དང་། སྐད་ཆ་ཡོངས་རྫོགས་དེ་ན་ཡོད། དྲ་བྱང་འདི་རེད། woeser.middle-way.net

    Reply
  3. མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 16 སྔོན།

    རང་རེ་བོད་རིགས་སྤུན་ཟླ་སྟོང་ཕྲག་མང་པོ་ལ་རང་བྱུང་གི་འབྱུང་བ་འཁྲུགས་པའི་གོད་ཆག་དེ་ལྟ་བུ་བྱུང་བ་ལ་བློ་ཕམ་དང་ཡིད་མུག་ཚད་ལས་འདས་མོད། སུ་ལའང་འཁང་ར་བྱ་ས་མེད་པར། ད་སྐབས་གལ་ཆེ་ཤོས་ནི། རང་རེ་ཀུན་གྱིས་ཕན་ཚུན་རོགས་རམ་ཅི་ནུས་ཀྱིས་གསོན་པོར་གནས་པ་རྣམས་སྲོག་སྐྱོབ་བྱ་ཐབས་ལ་འབད་དགོས།

    རང་བྱུང་ས་འོག་བྲག་རྡོ་གཡོ་བའི་རླབས། །
    ས་གཞིའི་ངོས་སུ་འཕོས་པའི་རྐྱེན་ངན་གྱིས། །
    མི་ཡི་ཚེ་སྲོག་རྟ་རྔར་མཚུངས་པ་ལ། །
    བརྒྱ་བྱིན་རྡོ་རྗེའི་ངང་ཚུལ་བྱིན་འདི་སྐྱོ། །

    Reply
  4. མཁར་སྒང་བསོད་ནམས་དབང་ལྡན། says:
    ལོ་ 16 སྔོན།

    ཡ་ངོ་མ། འོད་ཟེར་ལགས་ནི། བོད་ཀྱི་བུད་མེད་མཁས་ཤིང་དཔའ་བའི་རྩོམ་པ་མོ་ཞིག་རེད། མ་ཟད་མོ་རང་གིས་བོད་དོན་སྐོར་མང་དུ་བྲིས་པ་དང། ལྷག་པར་དུ་གསར་བརྗེ་ཞེས་པའི་དེབ་དེ་ནི་རིན་ཐང་བྲལ་བའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་རེད། དེ་མེད་ན་རང་རེ་བོད་ལ་གྱོང་གུན་བསམ་བརྗོད་ལས་འདས་པ་ཕོག་པ་དེའང་དུར་སར་སུས་ཀྱང་མི་ཚོར་བར་སྦས་ཚར་བ་ཡོད། འདི་བརྒྱུད་དེ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    Reply
  5. རྒྱལ་བསྟན། says:
    ལོ་ 16 སྔོན།

    བསྟན་འཛིན་ཤེས་རབ་ ཁྱོད་ནས་འོད་ཟེར་ལགས་ལ་དོགས་པ་ཡོད་ཟེར་བ་དེ་ནི་ཕལ་ཆེར་ཁྱོད་རང་མཐོང་རྒྱ་ཆུང་བའི་སྐྱོན་ཡིན་ཤས་ཆེ། འོད་ཟེར་ལགས་ཀྱི་བོད་དོན་ཐོག་ཕྱག་ལས་གནང་བ་ཉུང་ཉུང་མ་རེད། གཞན་མང་པོར་ལྟ་མ་ཐུབ་ན་ འོད་ཟེར་ལགས་ཀྱི་བརྩམས་པའི་ གསར་བརྗེ། ཞེས་པའི་དེབ་དེར་ལྟོས་དང་མགོ་མཁྲེགས་ཀླད་སྟོང་མིན་ན་ཤེས་ངེས་རེད།

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    དོགས་པ་ཟ་ཆོག་པ་ཞིག་ཡིན་རང་ཉིད་ཀྱི་ལོང་སུ་སྤྱོད་ཆོག
    འོན་ཀྱང་རྒྱུ་མཚན་ཡང་དག་ཞིག་ལ་བསམ་ནས་དོགས་པ་ཟ་དགོས་བ་རེད།

    གང་ལྟར་མོ་རང་གིས་གང་གནང་བའི་ཕྱགས་ལས་དེ་དག་གི་བོད་ལ་ཕན་པ་ལས་མི་གནོད་པ་གསལ་པོ་རེད་བསམ
    མ་རེད་དམ

    Reply
  7. དབྱངས་བུ། says:
    ལོ་ 16 སྔོན།

    ངོ་མ་སྐྱོ་སྣང་དང།་༸གོང་ས་མཆོག་ས་གནས་ས་ཐོག་ལ་ཕེབས་རྒྱུའི་རེ་སྨོན་སྙིང་ཁུང་རུས་པའི་སྟེང་ནས་འདེབས་དགོས་པ་ཞིག་མ་ཡིན་ནམ།
    འགྲོ་ཀུན་འཕགས་མཆོག་སྤྱན་རས་གཟིགས་དབང་དང།།
    གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག
    སྐུ་ཚེ་བརྟན་ཅིང་རི་བོ་པོ་ཏཱ་ལར།།
    མྱུར་དུ་ཁྲིར་བཀོད་རྒྱལ་བསྟན་དར་རྒྱས་ཤོག

    Reply
  8. མཚོ་ངོགས་བོད་ཕྲུག says:
    ལོ་ 16 སྔོན།

    དངོས་གནས་རེད། དངོས་གནས་སྐྱོ་དགོས་པ་ཞིག་རེད། ཁོང་རྣམས་པའི་ངུ་ངག་གི་ཁྲོད་ནས་རྒྱལ་བ་རིན་པོ་ཆེའི་མཚན་ནས་འབོད་ཅིང་གསོལ་བ་འདེབས་བཞིན་ཡོད།

    Reply
  9. ལུང་རྟོགས། says:
    ལོ་ 16 སྔོན།

    སྙིང་ཉེ་བའི་སྤུན་གྲོགས་ཚོ། ངས་འདི་ནས་སྐྱོ་གདུང་གི་ངུ་ངག་དང་ལྷན་དུ་མ་ཎི་རེ་མདོན་རྒྱུ་ལས་ཐབས་གཞན་མི་འདུག འཇིག་བརྟེན་གྱི་རང་བཞིན་ནི་འདི་ལྟར་ཡིན་པས་སེམས་རྒྱ་བསྐྱེད་དང་སྤུན་ཟླ་ཚོ།

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བསྟན་འཛིན་ཤེས་རབ་ལགས། ཁྱེད་ཀྱིས། ང་རང་འདི་གའི་བོད་མི་དབྱིངས་དང་མི་འདྲ་བར་འོད་ཟེར་ལགས་དོན་ངོ་མར་ཅི་ཞིག་བྱེད་མཁན་ཡིན་པར་དོགས་པའི་ངང་ཡོད། ཟེར། ངས་བལྟས་ན་ཁྱོད་རང་དོགས་པ་ཟ་ས་ནོར་བ་རེད། དོགས་པ་ཡོད་ན་རྒྱུ་མཚན་འགོད་དགོད་དགོས་པ་རེད། འོད་ཟེར་ལགས་ཀྱིས་བོད་ཀྱི་དོན་དེ་རང་དོན་དུ་བརྩིས་ཏེ་རང་སྲོག་བློས་གཏོང་གིས་ཕྱག་ལས་གནང་པ་ད་ལན་ཙམ་མ་རེད། ཧ་གོ་གི་མེད་ན་ཁ་བཙུམ་ནས་བསྡད་ན་ཡག་པོ་ཡོད་རེད། སྐད་ཆ་དྲང་མོ་ཡིན། དགོངས་པ་མ་འགལ་རོགས།
    དོན་ངོ་མར་དོགས་པ་བྱེད་དགོས་ས་དེ་ཁྱོད་རང་སོ་སོའི་ཕ་ཡུལ་དུ་འགྲོ་སྐབས་ཡུལ་ལུང་རུ་བྲོས་ཀྱིས་སྡོད་དགོས་པ་བཟོས་པའི་རྒྱབ་ན་སུ་ཡོད་མེད་བརྩད་གཅོད་རྒྱུ་གལ་ཆེ་བ་རེད།

    Reply
  11. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    སྤྱིར་ཡིན་ན་ང་རང་འདི་གའི་བོད་མི་དབྱིངས་དང་མི་འདྲ་བར་འོད་ཟེར་ལགས་དོན་ངོ་མར་ཅི་ཞིག་བྱེད་མཁན་ཡིན་པར་དོགས་པའི་ངང་ཡོད། འོན་ཀྱང་ད་ཐེངས་ཀྱི་གོད་ཆགས་འདིའི་ཁྲོད་ཁོ་མོས་རང་ཉིད་ཀྱི་ངོ་དེབ་དང་ཋི་བེ་ཋིར། ཟིན་བྲིས་བཅས་སུ་ལྷག་བསམ་རྣམ་དག་གིས་གནས་ཚུལ་མཁོ་སྤྲོད་དང་། སྐུལ་སློང་སོགས་ཀྱི་བྱས་རྗེས་མི་དམན་པ་ཞིག་གཏོན་སོང་བས་ང་རང་སེམས་འགུལ་གཏིང་ནས་ཐེབས་སོང་། བཀའ་དྲིན་ཆེའོ་འོད་ཟེར་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese