མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་རྒྱ་ནག་རྒྱལ་ཡོངས་ཀྱིས་མྱ་ངན་གྱི་མཛད་སྒོ་སྤེལ་བ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp
 

དེ་རིང་རྒྱ་ནག་གིས་གཞུང་འབྲེལ་ཐོག་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཚོ་སྔོན་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་སུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་གྱིན་ཡོད་ལ། རྒྱལ་ཡོངས་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུས་ཡོད།

 

དེ་རིང་ཞོགས་པའི་ཆུ་ཚོད་ ༥ དང་སྐར་མ་ ༣༣ སྟེང་། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་རྒྱུན་ལྡན་གྱི་རྒྱལ་དར་སྒྲེངས་པའི་མཛད་སྒོ་སྤེལ་རྗེས། དར་ཆ་ཕྱེད་ཙམ་མར་ཕབ་པ་དང་། མི་རྣམས་ཀྱི་ལང་ལོང་སྒོས་ཞྭ་ཕུད་ནས་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པ་རྣམས་ལ་མྱ་ངན་ཞུས།

ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་དར་ཆ་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུས། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཚོ་སྔོན་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླར་མྱ་ངན་ཞུས།

ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་ནས། ཞིང་ཆེན་ལྟེ་གནས་དང་ཟི་ལིང་ས་ཁུལ་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླར་མྱ་ངན་ཞུས།

ཉིན་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་དང་། ཅང་ཙེ་མེན།  བུའུ་པང་གོ  བུན་ཅ་པོ།  ཅ་ཆིན་ལིན། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆང་། ཧི་གོ་ཆང་། ཀྲིག་ཡུང་ཁང་བཅས་ཀྱིས་པེ་ཅིན་སོགས་ནས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་མཚོ་སྔོན་ཡུས་ཧྲུའུ་ས་འགུལ་ཁྲོད་དུ་ཚེ་ལས་འདས་པ་རྣམས་ཀྱི་ཆེད་དུ་དུས་ཚོད་སྐར་མ་གཅིག་རིང་མྱ་ངན་ཞུ་བཞིན་པ། 

དེ་བཞིན་དེ་རིང་སྔ་དྲོའི་དུས་ཚོད་དགུའི་སྟེང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་གྱི་མཁའ་དབྱིངས་སུ་སྤྲིན་ནག་འཁྲིགས་པ་དང་། སྐྱེ་རྒུ་གྲོང་རྡལ་སྲིད་གཞུང་གི་ཐང་ཆེན་དུ་ལས་རིགས་སོ་སོའི་མང་ཚོགས་སྟོང་གཅིག་ལྷག་མཉམ་དུ་འཛོམས་ཏེ། ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་བྱས་པ་དང་།  དགོན་པ་སོ་སོའི་གྲྭ་བ་ཚོའི་སྨོན་ལམ་གསུངས་ཡོད་འདུག  

 

 དགེ་འདུན་པ་རྣམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་མྱ་ངན་ཞུ་བའི་མཛད་སྒོར་སྐྱོད་ཀྱིན་པ། 

འབྲེལ་ཡོད་གསར་འགྱུར།

1140,760,0,0.45,-1
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུར་དམིགས་བསལ་གཏན་འཁེལ་གང་ཡང་མི་འདུག

ཆུ་ཚོད་ ༡ སྔོན་ལ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༦།༤
Mobile App

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་ ༦ གཏན་འབེབས་བྱུང་།

ཆུ་ཚོད་ ༢༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ལྷོ་ཀོ་རི་ཡས་སྲིད་འཛིན་གསར་པ་བདམས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

༧གོང་ས་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བའི་སྩལ་བའི་བཀའ་སློབ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༤
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བའི་ཐོག་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།

མཆན། 63

  1. སེམས་བཟང་། says:
    ལོ་ 15 སྔོན།

    གནས་ཚུལ་ཚང་མ་བདེན་མིན་གང་ལྟར་ཡང་། རྒྱ་ནག་གཞུང་གི་གལ་ཆེའི་མི་སྣ་རྣམས་ས་ཡོམ་གྱི་གོད་ཆག་ཕོག་སར་དངོས་སུ་བསྐྱོད་ནས་བལྟ་རྟོག་བྱས་པ་རེད་ལ། རྒྱ་ཡོངས་རང་བཞིན་གྱི་རོགས་སྐྱོར་དང་མྱ་ངན་གུས་བཏུད་ཀྱང་བྱས་པ་རེད། ཡིན་ནའང་། ང་ཚོ་བོད་གཞུང་གིས་ད་བར་དེ་དག་གང་ཡང་བྱས་མ་སོང་། སྔོན་མ་ཡིན་ན་བོད་ལ་ནག་ཆུར་གངས་ཆེན་བབས་པ་ལྟ་བུ་གནོད་སྐྱོན་ཆུང་ཚག་རིགས་བྱུང་ནའང་སྐད་མང་པོ་བརྒྱབས་པ་རེད། ད་ལྟ་བོད་ཀྱི་གྲོང་ཁྱེར་གཅིག་འཐོར་ཞིག་ཏུ་སོང་བ་འདི་འདྲའི་གནོད་སྐྱོན་ཚབས་ཆེན་བྱུང་བ་ལའང་བོད་གཞུང་འཇམ་ཅག་གེར་སྡོད་པ་འདི་གང་ཡིན་ནམ། གཅིག་བྱས་ན་ད་ལྟའི་ས་ཡོམ་རྒྱུག་ས་འདི་ཁམས་ཁུལ་ཡིན་པ་དང་དགེ་ལུགས་པ་མང་པོ་མེད་པས་ཡིན་འགྲོ། གཅིག་བྱས་ན་བོད་གཞུང་གིས་འཛམ་གླིང་མི་དམངས་སྔོན་ཡིན་མདོག་མདོག་བྱས་པ་ཙམ་ལས་དོན་དངོས་ལ་བོད་གཞིས་བྱེས་གཉིས་ཀའི་མི་དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་རྩ་བ་ནས་མི་བྱེད་པ་ཡིན་འགྲོ། གཅིག་བྱས་ན་བོད་གཞུང་འདི་ཕྱི་ཚུལ་ཙམ་ལས་དོན་ལ་ནུས་མེད་དུ་གྱུར་ཏེ་བོད་གཞིས་བྱེས་མི་དམངས་ལ་བལྟ་རྟོག་བྱེད་མི་ཐུབ་པ་ཡིན་འགྲོ། གང་ལྟར་སྐྱེན་ཆག་ཚབས་ཆེན་འདི་འདྲ་སྣང་མེད་དུ་གཡུག་པ་ནི་སེམས་གཏིང་ནས་ཕམ་པའི་སྐྱོ་གནས་ཤིག་རེད།

    Reply
  2. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ཨ་ཆགས་ཚེ་རྡོར་གྱིས་ཟུར་ཟའི་ཚིག་ཚོགས་ཇི་ལྟར་སྤེལ་ཡང་གུས་པས་ཕྱོགས་ལྷུང་མེད་པའི་སྐད་ཆ་བཤད་པ་ཡིན་པས་ཁྱེད་རང་ཉིད་ཀྱི་རང་འཚང་མངོན་པ་ཙམ་དུ་ཟད་དོ།

    Reply
  3. བློ་བཟང་། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པ་སྐྱེ་དགུ་མདོ་ལ་འབྱོར་འདུག བོད་གཞུང་གི་བརྙན་འཕྲིན་༠༠༠༠༠ཁང་ནས་སྟོན་བྱུང་། ཟམ་གདོང་རིན་པོ་ཆེ་ངུ་སྟེ་སྐད་ཆ་ཡང་བཤད་ཐུབ་ཀྱི་མི་འདུག་ཟེར།

    Reply
  4. བློ་བཟང་། says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་པ་སྐྱེ་དགུ་མདོ་ལ་འབྱོར་འདུག བོད་གཞུང་གི་བརྙན་འཕྲིན་༠༠༠༠༠ཁང་ནས་སྟོན་བྱུང་། ཟམ་གདོང་རིན་པོ་ཆེ་ངུ་སྟེ་སྐད་ཆ་ཡང་བཤད་ཐུབ་ཀྱི་མི་འདུག་ཟེར།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཁ་བརྡ་དྲྭ་བའི་ནང་འོད་ཟེར་ལགས་ནས་གནས་ཚུལ་སྤེལ་གསལ་ད་ལྟ་ཡུལ་ཤུལ་དུ་གེགས་སྐྱོབ་གནང་མཁན་གྱི་གྲྭ་བ་རྣམས་རྒྱ་དམར་གྱི་ཕྱིར་འབུད་གཏོང་བཞིན་ཡོད་འདུག་པ་མ་ཟད་ཁོང་ཚོར་འཇིགས་བསྐུལ་པྱ་བཞིན་ཡོད་པའི་གནས་ཚུལ་ལ་བལྟས་ན་རྒྱལ་དམར་གྱི་ངན་གཡོ་ངེས་ཅན་ཞིག་བཟུང་ཡོད་པ་གདོན་མི་ཟ་བས་རང་རེའི་གཞུང་དང་མི་མང་མཉམ་མཐུན་གྱི་རྒྱལ་སྤྱི་རོགས་སྐྱོབས་ཁག་ལ་ཞུ་འབོད་གནང་ནས་ཡ་ང་བའི་སྤུན་ཟླ་དག་གི་ལུས་སེམས་གཉིས་ཀྱི་དཀའ་ལས་རྣམས་མྱུར་དུ་མཐར་ཆེད་རོགས་ཕན་དང་དགོངས་ཚུལ་མང་ཙམ་གླེང་སློང་བྱ་རོགས་གནང༌།

    Reply
  6. karma dorje says:
    ལོ་ 15 སྔོན།

    མྱ་ངན་འགྱོད་གདུང་གི་གཞས་ཚིག

    འོ་འོ་ འོ་འོ་ འོ་འོ་ འོ་འོ་ འོ། །

    ཀྱེ་མ་ ཀི་ཧུད་ ཀྱེ་མ་ ཀི་ཧུད་ ཧུད། །
    གུ་རུའི་ལུང་བསྟན་པད་བཀོད་གནས་ཡིག་ལས། །
    དཀར་མཛེས་སྐྱེ་རྒུ་ས་ཡིས་འཇིག་ཚུལ་ལ། །
    ང་ཚོས་ལུང་བསྟན་མ་མཐོང་ཨ་ཁ་ཁ། །

    མཐོང་ནས་དགག་པ་བརྒྱབས་པ་མཐོལ་ལོ་བཤགས། །
    ང་ཚོས་ཡིད་ཆེས་མ་བྱས་མཐོལ་ལོ་བཤགས། །
    ང་ཚོས་བཟློག་ཐབས་མ་བརྩོན་མཐོལ་ལོ་བཤགས། །
    རྒུད་ཆག་རོགས་རམ་མ་ལྡེང་མཐོལ་ལོ་བཤགས། །

    གསུམ་བཞིར་དངོས་སུ་བྱུང་བ་མི་འཆབས་པོ། །
    ད་དུང་ལུང་བསྟན་གཞན་པ་མི་སྦེད་དོ། །
    ལུང་བསྟན་དེ་རྣམས་ཡང་ཡང་ཀློག་བགྱིད་ཡོད། །
    ལུང་བསྟན་གཞན་པ་གང་དང་གང་ཡོད་སྐོར། །

    བཀའ་བསྟན་གཞུང་ལུགས་ཁག་རྣམས་རྔོག་བགྱི་ཡིན། །
    རྩེ་མཐུན་ལུང་བསྟན་ཡིད་ཆེས་བྱེད་བགྱི་ཡིན། །
    ཡུལ་དུས་གང་འཁེལ་ཉམས་ཞིབ་བྱེད་བགྱི་ཡིན། །
    དད་མོས་ཡིད་ཆེས་བཟློག་སྒྱུར་བརྩོན་བགྱི་ཡིན། །

    ཕྱི་ཡི་འབྱུང་བའི་གནོད་འཇིག་ཡོལ་ཐབས་དང་། །
    ནང་གི་ནད་མུག་འཁྲུགས་རྩོད་མེད་ཐབས་དང་། །
    གསང་བའི་དཀོན་མཆོག་ལྷ་ཀླུའི་དམ་ཚིག་ལ། །
    མི་གནོད་ལས་འབྲས་གང་ཐུབ་སྲུངས་ཤིག་ཀྱེ། །

    ཧོ་ཧོ་ ང་ཚོ་ ཧོ་ཧོ་ ཁོང་ཚོ་ ཧོ། །

    Reply
  7. ཨརྱ། says:
    ལོ་ 15 སྔོན།

    མཁྱེན་ནོ་ཟམ་གདོང་མཁྱེན་ནོ།།
    ད་ཐེངས་གོ་སྐབས་བཟང་བོ།།
    ཤོར་ག་བཅུགས་ན་ཁྱི་རེད། །
    ཁྱི་རྔ་མ་མེད་ས་ཡིན་འགྲོ།།

    གཞོན་ནུ་ཚོགས་པ་ལོངས་ཤོག །
    བུད་མེད་ཚོགས་པ་ངུས་ཤོག །
    ཁ་ལས་ལག་ལེན་མེད་པའི། །
    ཚོགས་པ་འདི་དག་སྐྱོ་བ། །

    དང་བླངས་བོད་ལ་འགྲོ་མཁན། །
    སྔོན་མ་མང་རབས་གོ་བྱུང་། །
    ད་ཐེངས་ཚུར་ཤོག་ལབ་དུས། །
    གོ་རྒྱུ་མེད་པ་ཅི་ཉེས། །

    རྒྱ་རི་བླ་མ་རྒྱག་པ། །
    སྐུ་ཚབ་ཡིན་ན་ཐོན་ཤོག །
    རྒྱ་མིས་ཁ་ཡག་བཤད་པ། །
    དོན་ལ་གནས་མིན་ལྟོས་ཤོག །

    ཁ་ཐུག་ཚོར་བ་རྣོན་པོ། །
    ཡི་གེའི་གཟུགས་སུ་ཤོར་བ། །
    ཐུགས་ལ་ཕོག་ན་བཟོད་གསོལ། །
    སུ་ལ་ཕོག་ན་དེའི་ཡིན། །

    Reply
  8. འཁྲུངས་སྐར། says:
    ལོ་ 15 སྔོན།

    འདི་ཟླ་ཕྱི་ཚེས་༢༡ཉིན་གྱིས་ཨ་རི་རླུང་འཕྲིན་གིས་ཀུན་གླེང་ནང་ལ་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་གནད་དུ་འཁེལ་བའི་བཀའ་མོལ་ཞིག་གནང་སོང་བ་དེ་ནི་ས་ཡོམ་ཁྲོད་ད་ཕྲུག་རྣམས་ས་གནས་དེ་རང་ལ་གནས་དགོས་པ་གསུང་སོང་དེ་ནི་ཧ་ཅང་གལ་ཆེ་ཡིན།
    རྗེས་མ་ཕྱི་ཚེས་༢༣ཉིན་ཀུན་གླེང་གྲོས་མགྲོན་དུ་རྒྱ་གར་བཞུགས་པའི་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ངེས་པར་དུ་གདན་འདྲེན་གནང་རོགས་ཞུ། གང་ཡིན་ཟེར་ན་ཁོང་ནི་༡༩༥༩སྔོན་ལ་སྐྱེ་རྒུ་མདོ་ཡི་དཔོན་པོ་ཡིན་ལ་རྗེས་སུ་ཡང་ཡང་དེ་ཕྱོགས་ལ་ཕེབས་ཡོད་རེད་ཞུ།།

    Reply
  9. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    中新網21日援引青海玉樹抗震救災指揮部的消息:

    截至4月21日17時,地震造成2183遇難,失蹤84人,受傷12135人,其中重傷1434人。中國21日為青海玉樹地震遇難者舉行了全國哀悼活動,中國各地和駐外使領館下半旗致哀,并停止一切公共娛樂活動。
    【相关評論】【相关專題:青海玉樹7.1級地震】

    綜合媒體4月21日報道,北京天安門廣場4月21日早晨下半旗向玉樹地震遇難者致哀。胡錦濤、江澤民、吳邦國、溫家寶、賈慶林、李長春、習近平、李克強、賀國強、周永康在21日上午舉行的中央政治局常務委員會上,向在玉樹地震遇難的同胞默哀一分钟。

    青海全省21日上午10時為玉樹死難者默哀三分钟,汽車、火車、輪船鳴笛,防空警報鳴響。当地藏傳佛教僧侶則在格爾薩王廣場舉辦大型祈禱法事,為災民祈福。

    在上海,20日啟動試運行的世博會取消了21日的所有演藝活動,并下半旗志哀。不過,世博園展館開放不受影響,參加試運行的游客仍可進入展館游覽。

    此外,21日中國出版的報紙頭版以及各網站首頁均使用黑白報頭及版面,并以哀悼逝者、鼓勵生者為主題。

    而中國官方電視台21日全天24小時所有頻道都轉入其新聞頻道的信號,直播各地哀悼活動。

    Reply
  10. སྐྱ་ཀ་ཁ། says:
    ལོ་ 15 སྔོན།

    གོང་ནས་ཅོ་རི་ཉི་མས་བཙན་བྱོལ་བོད་གཞུང་ལ་རྒྱུ་དངོས་དབང་ཤུགས་མེད་སྐོར་ཞིག་བཤད་ཀྱིན་འདུག དེ་བདེན་དུ་ཆུགས་ཀྱང་སེམས་ཀྱང་མེད་པ་འདི་ཇི་ལྟར་འགྲེལ། གཞུང་འབྲེལ་ཐོག་འགུལ་སྐྱོད་གང་ཡང་བྱེད་ཀྱིན་མེད་པ་ཁ་སང་ས་ར་དགའ་ར་བྱས་སོང་ང་། གཞུང་ཞབས་ཚོ་ནི་ཉིན་ལྟར་ཀེ་རེམ་རྩེད་ས་དང་ལག་རྩེད་སྤོ་བོ་རྩེད་ས་ན་ཧབ་ཆ་དང་ཀི་སྒྲའི་ཁྲོད་ན་དགའ་དགའ་སྐྱིད་སྐྱིད་ངང་ཡོད།
    སེམས་མེད་འདི་ཚོ།
    རེད། ཁོང་ཚོར་མཚོན་ན་གཞིས་བཞུགས་སྤུན་ཟླ་ཚོ་རྒྱ་གཞུང་གིས་བསད་རུང་སེམས་ཚོར་མེད་ལ། ས་ཡོམ་གྱིས་བསད་ཀྱང་སེམས་ཚོར་མེད། དེ་ནི་སྡུག་རང་མགོར་མ་ཡོང་བ་དང་མི་རིགས་ཀྱི་ལ་རྒྱ། རང་རིགས་སྤུན་ཟླར་བརྩེ་སེམས་མེད་པས་སོ། །

    Reply
  11. བྱམས་རྒྱལ། says:
    ལོ་ 15 སྔོན།

    ཧྥ་རན་སའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་པ་རི་སི་ནང་ཁར་སྔོན་སྤྱི་ཚིས་༡༨ གཟའ་ཉི་མ་དང་སྤྱི་ཚིས་༢༠ གཟའ་མིག་དམར་བཅས་ལ་བོད་རིགས་རྣམས་འཛོམས་ཏེ་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམ་གྱི་ཆེད་དུ་བསྔོ་སྨོན་དང་ཞལ་འདེབས་བསྡུས་གནང་སོང།
    སྤྱི་ཚིས་༢༥གཟའ་ཉི་མ་ཉིན་པན་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་ཡོངས་ཐབས་ཀྱི་སྐད་འབོད་ཞིག་ཀྱང་གནང་རྒྱུ་རེད་འདུག་ལགས།

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ༼མིག་ཆུའི་སྐྱེམ་ཆང༌། ༽

    འབྱུང་བས་ཧམ་སེམས་དེ་ཆེ་བྱུང༌།
    ཉེས་མེད་སྲོག་ཐོག་ཏུ་བཏང་སོང༌།
    སེམས་ཁམས་རྦ་ལོང་ལྟར་གཡོ་བས།
    མིག་ཆུའི་སྐྱེམ་ཆང་འདི་འབུལ་ལོ།
    མ་ཎིའི་དབྱངས་ལྟ་རེ་འཐེན་ཤོག
    བརྩེ་བའི་རིགས་མཐུན་གྱི་སྤུན་ཟླ།

    གནས་ཁང་གཤེད་མ་རུ་གྱུར་ཏེ།
    བེན་རོ་རི་བོ་ལྟར་སྤུང་སོང༌།
    སེམས་ཁམས་རྦ་ལོང་ལྟར་གཡོ་བས།
    མིག་ཆུའི་སྐྱེམ་ཆང་འདི་འབུལ་ལོ།
    མ་ཎིའི་དབྱངས་ལྟ་རེ་འཐེན་ཤོག
    མགོ་ནག་རྩམ་བཟན་གྱི་སྤུན་ཟླ།

    ཕ་མེས་ངུ་ངག་གི་སྐྱེས་མ།
    བུ་དང་ཚ་བོ་ལ་ཞུ་དུས།
    སེམས་ཁམས་རྦ་ལོང་ལྟར་གཡོ་བས།
    མིག་ཆུའི་སྐྱེམ་ཆང་འདི་འབུལ་ལོ།
    མ་ཎིའི་དབྱངས་ལྟ་རེ་འཐེན་ཤོག
    ཞེ་མཐུན་གངས་ཅན་པའི་རིགས་རྒྱུད།

    Reply
  13. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    ཕྱི་ཚེས་༤།༡༤་ཉིན་ས་ཡོམ་གོད་ཆག་བྱུང་མ་ཐག་ཨ་རིའི་ས་སོམ་བརྟག་དཔྱོད་ལས་ཁུངས་ནས་རྫ་སྐྱེ་རྒུ་མདོའི་ས་ཡོམ་ཤུགས་ཚད་༦།༩་ཡིན་པ་བསྒྲགས་མ་ཐག་་་་་རྒྱ་ཕྱོགས་ཐེངས་འདིའི་ས་ཡོམ་འགུལ་ཚད་༧།༡་ཡིན་པ་བསྒྲགས་བྱུང།་་་རྒྱུ་གཞུང་གིས་ས་ཡོམ་འགུལ་ཚད་གྲངས་ཆུང་གཉིས་མཐོ་རུ་གཏོང་དགོས་དོན་ནི།་སློབ་གྲྭའི་འཛིན་ཁང་དང་སློབ་ཁང་གང་ཞིག་ཡིན་ཀྱང་ས་ཡོམ་འགུལ་ཤུགས་གྲངས༧་་ཅན་གྱིས་གཏོར་མི་ཐུབ་པའི་འགན་ལེན་དགོས་པས་ཡིན་འདུག་་་་་་རྒྱ་གཞུང་གི་གྲངས་ཆུང་གཉིས་མཐོ་རུ་བཏང་སྟེ་རང་ཉིད་ཀྱི་སྐྱག་རྐུབ་སྦས་ཆེད་ཡིན་པ་ང་ཚོས་ཤེས་གལ།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས།
    ཁྱེད་ཀྱི་མཆན་བུ་དེར་ཚར་གཉིས་ཀློག་པ་ཡིན། ད་ལན་ཁྱེད་ཀྱིས་གནས་ལུགས་གསར་པར་ཞིག་མཐོང་ཡོད་པར་འདྲ།
    སྤྱི་བཙན་བྱོལ་གཞུང་མང་གཉིས་ཀྱིས་རྒྱ་ནག་སྲིད་གཞུང་ལྟར་དཀའ་ངལ་ཡོད་པའི་མི་རྣམས་ལ་རོགས་སྐྱོབ་བྱེད་ཐུབ་ཀྱིན་ཁག་པོ་རེད། བཙན་བྱོལ་བོད་གཞུང་ལ་རྒྱུ་ནི་མེད་དབང་ནི་མེད་བྱེད་ཐུབ་པ་ག་རེ་ཡོད་ང་རང་ཚོའི་མིག་མཐོང་ལག་ཟིན་རེད།
    གཞི་ལུས་རྒྱ་ཆེ་མང་གི་སེམས་ཁམས་འགྱུར་མི་སྲིད་པ་ཞིག་ཀྱང་རེད་སྙམ། རྒྱ་ནག་གཞུང་གིས་རོགས་ཕན་བྱེད་པར་ལས་ལྷག་བོད་མི་རིགས་ཀྱི་རྒྱུ་དངོས་རྒྱ་ནག་ཏུ་ཁུར་ཡོད་པར་མཁྱེན་གསལ་རེད། རྒྱ་ནག་གཞུང་བོད་མི་ལ་དགའ་བ་མ་ཡིན་པར་བོད་མིའི་རྒྱུ་ནོར་ལ་དགའ་བས་ཡིན་པར་ཡང་གཞི་ལུས་བོད་མི་ཚོས་མཁྱེན་ངེས་རེད།
    དེ་འདྲ་ཡིན་དུས་བོད་མི་རིགས་ཀྱི་སེམས་པ་འཕྲོག་རྩོད་བྱེད་ཁུལ་རྒྱ་ནག་གཞུང་གིས་རྒྱ་དར་ཕྱེ་ཙམ་མར་ཕམ་ནས་མྱ་ངན་བྱས་པར་ལས་སྐར་ལྔའི་རྒྱལ་དར་དེ་བོད་ཀྱི་སར་ཐོག་ཏུ་མ་བཙུགས་ན་གཞི་ལུས་བོད་མི་རྣམས་ཀྱི་སྡུག་ངལ་ལ་སེམས་གསོ་ཡོང་ངེས་རེད།

    Reply
  15. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    ད་ང་ཚོ་ལ་བཙན་བྱོལ་བའི་གཞུང་ཞིག་ཡོད་པ་དེ་འཛམ་གླིང་སྒང་ལ་ཞལ་འདེབས་བསྡུ་བྱེད་ཅིག་ཡིན་པ་ལས་མི་མང་གི་བདེ་སྡུག་གཟིགས་མཁན་ཞིག་ག་ལ་ཡིན་་་་་་་་་་འཇང་ཕྲུག་གཡུ་ཐོག་འགྱུར་ལགས།་བཙན་བྱོལ་བོད་གཞུང་གིས་བསྡུས་པའི་ཞལ་འདེབས་ཁྱེད་རང་གི་བེད་སྤྱོད་གནང་མ་ན་འགྲིག་གི་རེད་ལ།་བོད་གཞུང་གི་དམངས་གཙོའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་གནང་བསྡད་ནའང་འགྲིག་གི་རེད།་་་ཁྱེད་ཀྱིས་བོད་གཞུང་ལས་ལྷག་ཅིག་འཇོན་མ་དེ་ལས་ལྷག་ཅིག་གང་དུ་ཡོད།་ཞལ་འདེབས་མིན་པའི་ལས་ཤིག་ཁྱེད་ཀྱིས་གཉེར་དང་ང་ཚོས་ཁྱེད་ལ་བསྟོད་བསྔགས་ཞུ།་མཁྱེན་སོང་ངམ་གྲོགས་པོ་་་་ཁ་ཕོ་མ་ཆེ་

    Reply
  16. གླང་དར་མ། says:
    ལོ་ 15 སྔོན།

    ༄༄། ཡོ་རོབ་ནང་སྦེལ་ལྗམ་རྒྱལ་ཁབ་དུ་གནས་བཞུགས་བོད་མི་ཚོས་སྤྱི་ཟླ་ལྔ་པའི་ཚེས་བཅུ་བརྒྱད་རེ་གཟའ་ཉི་མའི་ཉིན་བོད་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམ་གྱི་ཆེད་དུ་མ་ནི་སོགས་སྒྲུབ་གནང་བ་དང་ཞལ་འདེབས་བསྡུ་སློང་གནང་སོང།

    Reply
  17. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    བོད་གཞིས་སུ་རང་བྱུང་འཇིག་པའི་གནད་སྐྱོན་འོག་གི་དཀའ་ངལ་མྱངས་བཞིན་པར་བོད་མི་རྣམས་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་བཞིན་པའི་སྐབས་འདིར།་དྲ་འབུ་འདི་ཚོའི་ཁོག་ལ་རྒྱ་འདྲ་དོལ་རྒྱལ་ཞུགས་པ་ལྟར་གཞུང་གི་མཛད་གཙོ་རྣམ་པར་མཚན་དམོད་བྱེད་པ་ནི་ཁོང་ཚོས་སྐྱེ་དགུ་ས་ཁུལ་གྱི་ས་སོམ་གོད་ཆག་བྱུང་ཡུལ་ལ་བསམ་བློའི་རོགས་སྐྱོར་ཡིན་ཞེས་བྷི་བྷི་སི་གསར་ལ་བརྗོད་འདུག་གཱ
    ཧ་ཧ་དངོས་གནས་དྲ་འབུ་འདི་ཚོས་ཡུ་ཤུལ་ས་ཡོམ་བྱུང་ཡུལ་དུ་པེད་ཤག་དུང་ཕྱུར་མང་པོས་རོགས་སྐྱོར་བྱས་པའི་མ་ཚད་ད་དུང་དྲ་འབུ་བློ་གྲོས་རྒྱལ་པོ་དང་ཁ་བའི་འོད་མདངས།་བློ་བཟང་སོགས་ས་གནས་ས་ཐོག་ངོ་བསྐྱོད་བོད་མི་ཚེ་སྲོག་བསྐྱབས་པའི་གནས་ཚུལ་ཡང་འཛམ་གླིང་གི་གསར་ལམ་ཁག་ཏུ་བསྒྲགས་བཞིན་པའི་དྲ་འབུ་འདི་དངོས་གནས་རླབས་ཆེན་རེད།་ཁྱེད་ཅག་གི་རླབས་ཆེན་གྱི་མཛད་རྗེས་ལ་བོད་མི་མང་གི་རྗེས་སུ་ཡི་རིང་ཞུ།

    Reply
  18. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    དང་པོ།གོང་དུ་དྲ་གྲོགས་ཤིས་གིས་གཞིས་སུ་ཡོད་པའི་རྩོམ་པ་པོ་ཞོགས་དུང་གི་མཚན་བེད་སྤྱོད་བཏང་འདུག་པའི་དེ་ཡག་པོ་མ་རེད།རྗེས་སུ་ཁོང་གི་མཚན་དེ་མ་འབྲི་རོགས་ཞུ་རྒྱུ།
    གཉིས་པ།
    བྱི་ལས་སྙིང་རྗེ་གོ་ཁྲབ་གྱོན་ཁུལ་བགྱི།།
    ཙིག་གུ་ཤི་སོང་ཟེར་ནས་མྱ་ངན་ཞུ།།
    ཙིག་གུ་ས་ཡ་ཟོས་པར་མ་ཤེས་མདོག།
    སྟོང་ཕྲག་ཤི་བའི་མྱ་ངན་ཨེ་མ་མཚར།།

    ཁྱིམ་མཚེ་སྟག་མ་གཟིག་རྣམས་མགོ་ཡུར་འཁོར།
    ཙིག་གུ་ཀླད་མེད་མང་པོས་ཡག་ཅེས་སྔགས།།
    འཁྲབ་སྟོན་བདེན་དུ་མ་འཛིན་ཙིག་གུ་ཚོ།།
    ཕག་པའི་ཚེ་ལས་ཐུང་བ་ཤེས་པ་བྱོས།།

    Reply
  19. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ད་ང་ཚོ་ལ་བཙན་བྱོལ་བའི་གཞུང་ཞིག་ཡོད་པ་དེ་འཛམ་གླིང་སྒང་ལ་ཞལ་འདེབས་བསྡུ་བྱེད་ཅིག་ཡིན་པ་ལས་མི་མང་གི་བདེ་སྡུག་གཟིགས་མཁན་ཞིག་ག་ལ་ཡིན་
    ད་ལྟོས་དང་ ད་ང་ཚོའི་གཞུང་ལ་ཡིད་ག་འདྲ་བྱེད་ནས་ཆེས་དགོས་ ང་ཚོ་བཀའ་ཤག་དང་སྤྱི་འཐུས་ཟེར་བ་དེ་མིང་ཙམ་རེད་འདུག་ད་ བོད་ནང་ལ་འདི་འདྲའི་གོད་ཆག་ཆེན་པོ་བྱུང་དུས་གོ་ཐོས་གང་ཡང་མི་འདུག་
    ད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གིས་ས་ཡོམ་གིས་གོད་ཆག་བྱུང་བའི་བོད་མི་ཚོ་ལ་མྱ་ངན་རྗེས་དྲན་ཞུ་གུ་འདུག་

    Reply
  20. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    དེ་རིང་རྒྱ་ནག་གཞུང་གི་བྱེད་སྒོ་དེའི་མཉམ་དུ་ང་ཡང་དྭངས་བླངས་བྱ་རྒྱུ་ཡིན།
    ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།ཨོ་མ་ཎི་པདྨེ་ཧཱུྃ།
    ཐམས་ཅད་དག་ཞིང་དུ་སྐྱེ་བར་ཤོག

    Reply
  21. བློ་བཟང་། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ། བཀའ་ཁྲི་ཟམ་གདོང་ལ་ཁག་མི་འདུག ཁོང་ལྷའི་ཡུལ་དུ་རྒྱལ་དོན་འཚམས་གཟིགས་ཕེབས་ཏེ། ལྷའི་དབང་པོ་བརྒྱ་བྱིན་དང་མཉམ་དུ་རྩེད་འཇོ་ལ་རོལ་ནས་བཞུགས་འདུག གནས་ཚུལ་དེ་ནི་BCC ནས་སྟོན་བྱུང་།

    Reply
  22. བློ་བཟང་། says:
    ལོ་ 15 སྔོན།

    དཀོན་མཆོག་དཔང་དུ་བཙུག་ནས་དངོས་གནས་ཞུ་ན། མི་གཞན་གྱིས་ག་ཚད་ཟམ་གདོང་ལ་ཚིག་ངན་སྨྲས་ཀྱང་བདག་ནི་དེ་ལས་ལྡོག་སྟེ་ཁོང་ལ་ཡིད་ཆེ་དང་བློ་གཏད་ཡོད་མཁན་ཞིག་ཡིན། ད་རེ་འདི་འདྲ་སྡུག་པོ་མཐོང་དུས་གོ་རྒྱུ་གང་ཡང་མེད་དུས་ཟམ་གདོང་རིན་པོ་ཆེ་ནི་ཝ་སྐྱེས་སེང་ལྤགས་གྱོན་མཁན་ལྟར་གསལ་བྱུང་། དུས་རྒྱུན་མི་གཞན་དག་གིས་བཤད་རྒྱུ་ལ་བོད་མི་ནང་ཁུལ་བསམ་ནག་བྱེད་མཁན་ཨང་དང་པོ་རེད་ཟེར། ཞིབ་དཔྱོད་ཡག་པོ་བྱེད་ན་མི་བདེན་པ་ཡོད་ས་མི་འདུག

    Reply
  23. བློ་དཔལ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་དང་ཐོག་མྱུར་སྐྱོབ་བྱེད་པར་དུས་ཐོག་མ་སླེབ་པ་དེ་སྟོབ་ཆེན་རྒྱལ་ཁབ་ཞིག་ལ་མཚོན་ན་ངོ་ཚ་དགོས་བ་ཞིག་དང་། བོད་མི་རིགས་ལ་བདག་སྐྱོང་མེད་པའི་རྟག་རེད།
    དེ་རང་མྱ་ངན་བྱ་བཞིན་པ་འདི་བོད་མི་ཚོ་དང་འཛམ་གླིང་མི་མང་མགོ་འཐོམ་བྱེད་ཀྱི་ཆབ་སྲིད་ཀྱི་རྒྱུ་ཆ་ཞིག་མཁོ་སྒྲུབ་བྱས་པ་རེད་བསམ་གྱི་འདུག

    Reply
  24. བློ་བཟང་། says:
    ལོ་ 15 སྔོན།

    ཟམ་གདོང་གིས་བསམ་ན་ས་ཡོམ་འོག་ཏུ་ཤི་མཁན་རྒྱ་མི་རེད་འདུག་དགོངས་པ་མ་ཡིན་ནམ། རྒྱ་མི་ཡིན་ན་མྱ་ངན་བྱེད་དགོས་དོན་གང་ཡོད། མ་ཟད་བོད་དུ་འགྲོ་འདོད་ཡོད་ན། ཐད་ཀར་རྒྱ་ནག་ལ་འབྲེལ་བ་བྱེད་དགོས་རྒྱུ་ལས། དྷ་སར་ཁུག་རྐྱོག་ཏུ་འུད་སྒྲ་སྒྲོགས་སྡད་ན་ཅི་ཕན། དེ་ནི་མི་མང་མགོ་སྐོར་བཏང་བྱེད་ཙམ་རེད།

    Reply
  25. བློ་བཟང་། says:
    ལོ་ 15 སྔོན།

    ཟམ་གདོང་གིས་བསམ་ན་ས་ཡོམ་འོག་ཏུ་ཤི་མཁན་རྒྱ་མི་རེད་འདུག་དགོངས་པ་མ་ཡིན་ནམ། རྒྱ་མི་ཡིན་ན་མྱ་ངན་བྱེད་དགོས་དོན་གང་ཡོད། མ་ཟད་བོད་དུ་འགྲོ་འདོད་ཡོད་ན། ཐད་ཀར་རྒྱ་ནག་ལ་འབྲེལ་བ་བྱེད་དགོས་རྒྱུ་ལས། དྷ་སར་ཁུག་རྐྱོག་ཏུ་འུད་སྒྲ་སྒྲོགས་སྡད་ན་ཅི་ཕན། དེ་ནི་མི་མང་མགོ་སྐོར་བཏང་བྱེད་ཙམ་རེད།

    Reply
  26. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། ད་ང་ཚོའི་སྐྱབས་བཅོལ་གཞུང་ངོས་ནས་ཅིག་བྱས་ཀྱང་ཕྱིས་དྲག་པ་རེད།།།།
    དེ་ལས་མ་བྱས་་ན་བཟང་།
    མིའི་ལད་ཟློས་ཞིག་བྱས་ནས་ཅི་ཞིག་ཕན།
    ངོ་ཚ་བ་དང་ཡིད་སྐྱོ་བ་ཞིག་མ་རེད་དམ

    དེས་ན་གཞུང་ངོས་ནས་གོད་ཆགས་བྱུང་ཡུལ་གྱི་ཤུལ་ལྷག་དྭ་ཕྲུགས་ཚོ་འདི་གར་བོད་ཁྱིམས་སློབ་གྲྭར་ལེན་ཐུབ་ན་མི་བཟང་ངམ་།།།།།།

    Reply
  27. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ད་སྐབས་རྒྱ་ནག་དབུས་གཞུང་ནས་སྲིད་འཛིན་གཙོས་པའི་མི་སྣ་ཡོངས་ཀྱིས་འདི་ལྟར་རོགས་རམ་དང་མྱ་ངན་ཞུས་པ་ལ་ཐུགས་རྗེ་ཆེ་ཞུ། ད་དུང་མུ་མཐུད་ནས་རྒྱུན་སྐྱོང་གནང་བའི་རེ་བསྐུལ་ཞུ། དེ་མིན་རང་གཞུང་གི་སྐུ་ངོ་རྣམས་པ་རང་དོན་དང་ཕྱག་ལས་ལ་བྲེལ་ཆེ་བས་གཞེས་བཞུགས་ཀྱི་ཉམ་ཐག་བོད་མི་རྣམས་ལ་ལྟ་རྟོག་བྱེད་ཁུམ་མི་འདུག གལ་སྲིད་ཁ་སྙན་མོ་བཤད་དགོས་པའི་དུས་བྱུང་ན་ཁོང་རྣམས་ལ་དུས་ཚོད་ཡོད་སྲིད།

    Reply
  28. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས། ཟམ་གདོང་དང་སྤེན་ཚེ་གཉིས་ཁྱིམ་གཞི་དྲོད་མོ་ཡར་ཁུགས་ན་ནང་མི་ལྷན་འཛོམས་ཀྱི་དགོད་སྒྲའི་གསེང་ལམ་ནས་རྙེད་བྱུང་བས་བདེ་སྲུང་མི་སྣ་དེར་གཏོང་རོགས། རྔན་པ་ཧིན་སྒོར་༤༠༠༠༠༠ཐམ་པ་དེ་ཁོང་གཉིས་ལས་ཁུང་དུ་ཕེབས་བྱེད་འགྲོ་སོང་དུ་འབུལ་རོགས།

    Reply
  29. ཚེ་དབང་རིག་འཛིན། says:
    ལོ་ 15 སྔོན།

    ཟླ་བ་བཞི་བའི་ཚེས་ཉེར་གཅིག་ཉིན་རྒྱ་ནག་རྒྱལ་ཡོངས་ཀྱིས། བཞི་གཅིག་བཞིའི་དོན་རྐྱེན་ཏེ་ཡུལ་ཤུལ་ས་ཡོམ་ཆེན་མོར་མྱ་ངན་ཞུ་སླད་རྒྱལ་ནང་དང་ཕྱིར་རྒྱལ་གཞུང་ཚབ་སོ་སོ་ནས་རྒྱལ་དར་མར་ཕྱེད་ཙམ་ཕབས་ནས། གྲུ་གཟིངས་དང་རླངས་འཁོར་སོགས་ཀྱིས་ཤུལ་ལུས་ཉམ་ཐག་ཚོའི་བླ་སྲོག་ལ་འགུལ་སྐྱོད་དང་། གཤིན་པོའི་རྣམ་ཤེས་འཁྱམས་པོ་ཚོས་ཀྱང་དར་ཅིག་ཅེར་གྱིས་གསན་དགོས་པའི་གདུང་འབོད་ཀྱི་དུང་བརྡ་དུས་གཅིག་ཏུ་བསྒྲག་རྒྱུ་ཐག་གིས་བཅད། ཡིན་ནའང། མི་རིགས་རང་ལུགས་པའི་ཆབ་སྲིད་ཀྱི་ཀླད་པ་མཁྲེགས་པོ་ཅན་དག་གིས། མིའི་ནུས་ཤུགས་ལས་འགོང་པའི་རང་བྱུང་གི་གོད་ཆག་དང་ལྡོག་ཏུ་མེད་པའི་ཆོས་ཉིད་བཙན་པོ་དག་གི་སྐབས་འདི་འདྲ་དང་། དུས་དེ་འདྲ་ལ་སླེབ་དུས་ཀྱང་། ཁོ་ཚོ་རིག་པ་གྲུང་མདོག་དང་དཔྱོད་པ་མཁས་མདོག་གིས་མིའི་རིགས་ལ་ལྷན་སྐྱེས་སུ་གྲུབ་པའི་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་ཚོར་ཤེས་ལྷད་མེད་དག་ལ། ཡར་མར་བཅོ་བརྒྱད་བཤད་ནས་རྡོག་རོལ་གཏོང་རྐྱང་བྱེད་པ་ནི། ཁོ་བ་ཚོ་འདུ་ཤེས་ཀྱི་བྲན་གཡོག་བྱེད་རྒྱུ་མང་དྲགས་ནས་མིའི་ཤེས་པའི་རྟེན་གནས་གཙོ་བོ་ཀླད་པའི་ཕྱོགས་གཉིས་ལ་འདྲ་མཉམ་གྱིས་གཅེས་སྐྱོང་བྱེད་དགོས་པའི་གནས་ལུགས་ལ་རྨོངས་ཚོད་རེད། གང་ལྟར་ཡང་། འདི་འདྲའི་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་མྱ་ངན་གདུང་འབོད་བྱེད་ཐབས་ལ། འུ་ཚོའི་གཞུང་སྔོན་ལ་ཐོན་དགོས་ངེས་ཡིན་ཡང་། དྲན་རིག་རྒོད་པོ་ཚོ་ཤོར་ཟིན་པས། འདོད་མིན་ཇི་ལྟར་ཡང་། རྒྱ་ནག་རྒྱལ་ཡོངས་མྱ་ངན་སྲུང་བརྩིས་བཀོད་འདོམས་བཞིན་འུ་ཚོའང་མ་ཕྱིན་ན་ཞབས་འདྲེན་དེ་ལས་ཀྱང་ཞུ་ཚོད་རེད།།

    Reply
  30. ལུང་རྟོགས། says:
    ལོ་ 15 སྔོན།

    བོད་གཞུང་གིས་འཇོན་ན་བསྟོད་ར་བཏང་མཁན་མེད་ལ། མ་འཇོན་ན་ཁ་རྡུང་བཏོང་མཁན་ནི་རྒྱ་བོད་གཉིས་ཀའི་ཕྱོགས་ནས་ཚང་ཁ་ཤིག་ཤིག་རེད། དེས་ན་གཞུང་སུ་ཞིག་ཡིན་རུང་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཞིག་མེད་ན་གཞན་གང་ཞིག་ཡོད་ཀྱང་ཕན་ཐོག་མེད་པ་འདྲ།

    Reply
  31. དབྱངས་བུ། says:
    ལོ་ 15 སྔོན།

    སེམས་པ་ངོ་སྐྱོ་བྱུང་ལ་སྐྱོ་དགོས་པ་ཞིག་ཀྱང་རེད།

    Reply
  32. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཡ་མཚན་པའི་རྫ་དྲག་གི་གནས་ཚུལ་ཞིག་ལ་བཀའ་ཁྲི་ཟམ་མདོང་རིན་པོ་ཆེ་དང༌། བོད་མི་མང་གི་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ག་སོང་ཆ་མེད་དུ་གྱུར་ནས་ཉིན་གྲངས་བདུན་ལྷག་ཙམ་སོང་འདུག་པས་རྒྱ་གཅེས་མི་མང་སུ་ལ་རྙེད་ཀྱང་བོད་གཞུང་བདེ་སྲུང་ལས་ཁུངས་སུ་འབྲེལ་བ་གནང་ན་རྔན་པ་ཧིན་སྒོར་འབུམ་བཞིའི་བྱ་དགའ་གསོལ་རས་གནང་རྒྱུའི་གསལ་བསྒྲགས་སུ།་ ཧཧཧཧཧཧཧཧཧཧ

    Reply
  33. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཡ་མཚན་པའི་རྫ་དྲག་གི་གནས་ཚུལ་ཞིག་ལ་བཀའ་ཁྲི་ཟམ་མདོང་རིན་པོ་ཆེ་དང༌། བོད་མི་མང་གི་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ག་སོང་ཆ་མེད་དུ་གྱུར་ནས་མི་གྲངས་བདུན་ལྷག་ཙམ་སོང་འདུག་པས་རྒྱ་གཅེས་མི་མང་སུ་ལ་རྙེད་ཀྱང་བོད་གཞུང་བདེ་སྲུང་ལས་ཁུངས་སུ་འབྲེལ་བ་གནང་ན་རྔན་པ་ཧིན་སྒོར་འབུམ་བཞིའི་བྱ་དགའ་གསོལ་རས་གནང་རྒྱུའི་གསལ་བསྒྲགས་སུ།

    Reply
  34. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་འདི་ལྟར་རོགས་སྐྱོར་དང་མྱ་ངན་སོགས་བྱེད་དུས་མི་སེམས་ལ་འགོལ་བསྐྱོད་ཐེབས་སྲིད་པ་རེད། སྔོན་དུས་རྒྱ་ནག་གིས་བོད་ལ་སྡུག་པོ་གཏོང་རབས་དང་རང་གཞུང་གིས་ཡག་བྱེད་རབས་བཤད་ཀྱང་འགག་རྩ་ལ་ཐུག་དུས་འདི་ལྟར་བྱེད་དུས་འཛམ་གླིང་མི་མང་གིས་ག་རེ་བསམ་གྱི་རེད། ནམ་རྒྱུན་བྱེས་འབྱོར་སྐུ་ངོ་རྣམས་པས་གཞེས་བཞུགས་བོད་མི་རྣམས་ལ་རྡོག་རྩ་ཆིག་སྒྲིལ་དང་བདེ་སྡུག་མཉམ་མྱོང་ཡིན་ཚུལ་རྟག་ཏུ་བཤད་ཀྱང་འགག་རྩ་ལ་ཐུག་དུས་སྣང་མེད་ངང་དལ་ལྷོད་དུ་བཞུགས་པ་ལ་ཧ་ཅང་བློ་ཕབ་ཡོད། ད་ཆ་ཆབ་སྲིད་དང་བརྩེ་སེམས་གང་གི་ཆ་ནས་ཀྱང་འདི་ལྟར་བཞུགས་མི་རུང་ཡང་ཟམ་གདོང་དང་སྤེན་ཚེ་གཉིས་ཟ་ཉལ་སྐྱིད་ཉལ་བྱེད་དུས་གཞེས་བྱེས་བོད་སེམས་ཤུགས་ཆགས་ཐག་ཆོད་རེད། ཝེ་བཀའ་སྤྱི་གཉིས། དེང་སང་ག་རེ་བྱེད་ཀྱི་ཡོད། བཀའ་ཁྲི་མཆོག་ལ་བཟའ་མི་བུ་ཕྲུག་ལ་ནི་མགོ་འཁོར་ས་མེད། ག་བ་ཡོད།

    Reply
  35. བསྟན་འཇམ says:
    ལོ་ 15 སྔོན།

    བོད་གཞུང་དང་གཞོན་ནུ་ལ་་སྒྲག་འགུལ་མེད་པ་ཅི་རེད ། རྒྱ་ནག་གིས་ཚུར་ཤོག་དང་སྣེ་ལེན་ཡོད་ཟེར་བ་དེས་བོད་གཞུང་དང་གཞོན་ནུའི་མགོ་ལ་ས་ཡོམ་བརྒྱབས་པ་རེད་དམ ། དེའི་ནང་ནས་གཞོན་ནུ་ཚོ་ལ་སེམས་ཤུགས་ཡོད་འདོག་འདོག་བྱེད་རྒྱུ་ཧ་ཅང་དགའ། རྒྱ་གར་ནས་བོད་དཔར་དུ་ཞི་བའི་གོམས་གྲོལ་ཡང་ལམ་འགྲོ་མ་སོང་བ་ཙམ་ལས་སྲོག་འཕང་མེད་དུ་འཕེན་ལ་འཛུག་ངེས་ཞེས་ཁ་ཤོམ་ཆེ་པོ་འཐེན་ནས་སྡད་ཡོད ། བོད་ཀྱི་གཞོན་ནུས་འགུལ་རྫུན་གྱི་རྐྱལ་བ་རེད ། རྒྱུ་མཚན་ནི་ཉམས་ཐག་སྐྱེ་རྒུའི་སྤྲུན་ཟླ་ལ་ཁ་ནས་བཤད་པ་ཕར་བཞག་མིག་གིས་ཀྱང་ལྟ་གི་མི་འདུག

    Reply
  36. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཟམ་གདོང་རིན་པོ་ཆེ་འདི་ཡང་ཁ་མཁས་པ་མ་གཏོགས་དོན་ངོ་མ་ལག་ལེན་ཤེས་མཁན་ཞིག་ཅང་མིན་པ་འདྲ། ངོ་མ་བཤད་ན་ད་ཐེངས་བོད་གཞུང་གིས་གོ་སྐབས་ཤིག་ཤོར་གྲབས་རེད། རྒྱ་ནག་གཞུང་གིས་ཀྱང་བོད་གཞུང་གིས་བོད་མི་མང་གི་ཆེད་དུ་འགག་ལ་ཐུག་དུས་འགུལ་བསྐྱོད་རྒྱག་མི་ཐུབ་པ་དེ་ཤེས་ཡོད་ངེས་རེད། ཁོང་ཚོས་ད་ཐེངས་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླ་རོགས་སྐྱོར་དུ་ཡོང་ན་དགའ་བསུ་ཡོད་ཅེས་ཁྱབ་བསྒྲགས་བྱས་སོང་ང་། ད་ཐེངས་འཛམ་གླིང་ཧྲིལ་བོས་ཡུལ་ཤུལ་ལ་བལྟས་ཡོད་དུས་བོད་གཞུང་གིས་ཚ་ཚ་འུར་འུར་ཞིག་བྱེད་དགོས་པ་རེད། ངོ་མ་བཤད་ན་པེ་ཅིང་གཞུང་དང་རྡ་རམ་ས་ལའི་གཞུང་གཉིས་ཀྱིས་བོད་མི་མང་གི་སེམས་ཁམས་འཕྲོགས་རྩོད་བྱེད་ཀྱིན་ཡོད་པ་རེད། ང་ཚོའི་བོད་གཞུང་གིས་ཆབ་སྲིད་སྐམ་པོ་ཞིག་བཤད་སྡོད་པ་མ་གཏོགས་བོད་ནང་གི་མི་མང་གི་སྐྱིད་སྡུག་ལ་བསམ་བློ་གཏོང་གིན་མི་འདུག རང་རང་གི་རང་རང་ལ་བོད་ཀྱི་ཅིག་ཅིག་མིག་མིག་ཟེར་བའི་མིང་ཆེན་པོ་རེ་བཏགས། ང་ཚོ་ལ་བདེན་པ་ཡོད་ཅེས་ཞལ་འདེབས་རེ་བསླངས་ནས་ལྟད་མོ་བལྟས་བསྡད་ན་སུས་ཀྱང་ང་ཚོ་ལ་རང་བཙན་དང་རང་སྐྱོང་སྤྲོད་ཀྱི་མ་རེད། མ་གཞི་འདི་འདྲ་བཤད་དགོས་ན་ང་རང་ཡང་སྐྱིད་པོ་ཞིག་མ་རེད། ཡིན་ན་ཡང་བོད་གཞུང་གིས་ཆབ་སྲིད་མི་ཤེས་ཟེར་བ་དེ་བདེན་པ་ཡིན་ངེས་རེད།
    ད་ཐེངས་དགའ་འོས་པ་ཞིག་ཡོད་པ་དེ་བོད་ནང་གི་མི་མང་རེད། ཁོང་ཚོ་ངོ་མ་གཉིད་ལས་སད་ཀྱིན་ཡོད་ངེས་རེད།

    Reply
  37. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    མཛེས་མ་སྙིང་སྡུག་མའི་གདམ་ཀ་དེ་ལ་རྒྱབ་སྐྱོར་ཡོད། ད་ལྟའི་གནས་སྐབས་འདིར་ཕྱི་མ་དེ་བརྒྱུད་ན་ཅུང་བརྟན་པ་དང་ཚགས་ཚུད་པ། མྱུར་བ་མེད་དམ་སྙམ། གོ་སོང་ངམ་སྙིང་སྡུག་མ། བསམ་འཆར་ཞུས་ཡོད་ད།

    Reply
  38. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    དེ་རིང་ངས་གྲངས་གསོག་བྱས་པའི་མཎི་དང་སྨོན་ལམ་དག་ཡུལ་ཤུལ་མི་དམངས་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བོད་གཞུང་བརྒྱུད་ནས་ཁོང་ཚོར་ཕུལ་དགོས་སམ།་་་ཡང་ན།
    གྲངས་གསོག་དེ་དག་རྒྱ་གཞུང་བརྒྱུད་ཁོང་ཚོར་ཕུལ་དགོས།
    འདི་ལ་བསམ་བློ་བ་མང་པོ་ཞིག་གིས་རྒྱུད་ལམ་ཕྱི་མ་དེ་གདམ་ན་ལེགས་ཟེར།
    ཝེ་་་་་དྲ་གྲོགས་ཚོ་བསམ་འཆར་འདོན་རོགས།་་་ངས་སྒུག་བཞིན་ཡོད་གདཱའ།

    Reply
  39. རྨེ་རུ། says:
    ལོ་ 15 སྔོན།

    བློས་གྲོས་རྒྱལ་པོ་ལགས་ད་ལྟའི་དུས་སུ་སྐྱོན་བརྗོད་རྐྱང་བྱས་ན་འགྲིགས་ཐབས་
    མེད་པ་ཞིག་རེད།
    དངོས་ཡོད་གནས་ཚུལ་ལ་སྐྱོན་བརྗོད་བྱས་ན་འགྲིགས་པ་ཞིག་དང་འོས་པ་ཞིག་
    ཀྱང་རེད། རྒྱུ་མཚན་ཡང་དག་མེད་པར་གཞུང་ལ་ཟུར་ཟ་འདྲ་བྱས་ན་དགོས་
    མེད་རེད་སྙམ།
    བོད་ཀྱི་གཏམ་དཔེར་གཞན་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བའི་མེ་ལོང་དགོས་ཅེས་པ་དེ་ཡིད་ལ་འཇག་པ་གནང་རོགས།

    Reply
  40. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    [9:59:09 AM] ཡར་འཕེལ།Tenpa Yarphel: བྱེས་སྡོད་བོད་མི་ཚོས་དེ་རིང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང། མདང་དགོང་ལས་ཁུངས་གྲོལ་ནས་མིག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཤས་གཅིག་སྤྲོད་ཀྱིས་འདུག ད་དུང་གཞིས་བཞུགས་བོད་རིགས་རྣམས་ཀྱིས་ས་ཡོམ་ཕོག་ཤུལ་དུ་དངོས་ཟོག་འོར་འདྲེན་བྱེད་སྟངས་དེ་མཐོང་དུས་ས་ཡོམ་ཐེབས་པ་དེ་སྡུག་སོང་ཡང་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་ཇེ་གསལ་དུ་མཐོང་ཡོང་དུས་དགའ་དགོས་པ་ཞིག་རེད། འདི་ལྟར་ང་ཚོ་འགག་རྩ་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་བཞིན་པ་འདིས་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྟེར་བཞིན་འདུག

    Reply
  41. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ཟམ་གདོང་བླ་མ་དང་ཚོགས་གཙོ་གཉིས་ནས་བོད་མི་རྣམས་ནི་ཁ་ལ་ཐལ་བ་བཏབ་ཀྱང་ཕུ་འདེབས་མི་ཤེས་པ་དང་། རུམ་ལ་མེ་མུར་བླུགས་ཀྱང་ཚ་ཟེར་མི་ཤེས་པ། རྒྱབ་ལ་སྒ་ཆས་བསྟད་ཀྱང་འདྲོགས་ལངས་མི་ཤེས་པའི་ཁ་ལོ་རྟ་ལ་སྒྱུར་བ་དང་། སྣ་ལོ་གཡག་ལ་འདུལ་བ་ལྟ་བུའི་ཟོག་ནང་བཞིན་ཅི་བཤད་གང་འདོད་དུ་དབང་སྒྱུར་རུང་བའི་སེམས་ཅན་རིགས་ཤིག་ཏུ་མཐོང་བ་ཡིན་གྱི་མ་རེད་མོད། ཐེངས་འདིར་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་དང་། དྲིལ་བསྒྲགས་དྲུང་ཆེས་སེའུ་བཅུ་བས་ངག་བརྡོལ་ལྟ་བུའི་གཏམ་བཤད་འདི་དག་ཐོས་ཚེ་གནོད་འཚེ་ཁུལ་དང་། གཞིས་ལུས་བོད་མི་ལྟ་ཅི། བཙན་བྱོལ་བོད་མི་རྣམས་ཀྱང་ཡིད་སྐྱོ་དགོས་པའི་གནས་སུ་འདུག

    Reply
  42. གངས་རིའི་གླིང་བུ། says:
    ལོ་ 15 སྔོན།

      

    བློ་སྙིང་ལ་དྲོད་ཁོལ་མེད་པའི་སྐྱེ་དགུ་ཚོ

    བྲང་གཞུང་ལ་འཁྱགས་རོམ་ཆགས་པའི་སྐྱེ་དགུ་ཚོ

    ཁྱོད་ཚོ་ཡིད་མ་ཕམ་ སེམས་མ་སྐྱོ་ཚོ

    ང་ཚོས་སྙིང་ནས་གཅེས་སྐྱོང་དང་རེམ་འདེགས་བྱེད

    ང་ཚོས་ཤ་གསེང་རུས་གསེང་ནས་མྱ་ངན་བྱེད

    Reply
  43. གངས་རིའི་གླིང་བུ། says:
    ལོ་ 15 སྔོན།

    ན་ཟུག་གིས་སྙིང་རྩ་འཐམ་པའི་སྐྱེ་དགུ་ཚོ
    ངུ་ངག་གིས་འགྲིན་པ་བཏགས་པའི་དགུ་སྐྱེ་ཚོ
    ཁྱོ་ཚོ་ཞེ་མ་སྨྲེང་ དཔའ་མ་མཉམ
    ང་ཚོས་སྡུག་གིས་ཁུར་རོ་མཉམ་འཁུར་དང་
    སྐྱོ་གདུང་མཆི་མ་མཉམ་མཐུང་བྱེད

    Reply
  44. གངས་རིའི་གླིང་བུ། says:
    ལོ་ 15 སྔོན།

    ན་ཟུག་གིས་སྙིང་རྩ་འཐམ་པའི་སྐྱེ་དགུ་ཚོ
    ངུ་ངག་གིས་འགྲིན་པ་བཏགས་པའི་དགུ་སྐྱེ་ཚོ
    ཁྱོ་ཚོ་ཞེ་མ་སྨྲེང་ དཔའ་མ་མཉམ
    ང་ཚོས་སྡུག་གིས་ཁུར་རོ་མཉམ་འཁུར་དང་
    སྐྱོ་གདུང་མཆི་མ་མཉམ་མཐུང་བྱེད

    Reply
  45. གངས་རིའི་གླིང་བུ། says:
    ལོ་ 15 སྔོན།

    འཇིགས་པའི་མེ་དཔུང་གིས་ཧྲེག་པའི་སྐྱེ་དགུ་ཚོ་
    སྡུག་གི་མུན་ནག་གིས་བཏུམས་པའི་སྐྱེ་དགུ་ཚོ
    ཁྱོད་ཚོ་ཡིད་མ་ཆད བློ་མ་ཕམ
    བྱམས་བརྩེ་ཕྱག་ཟུང་གིས་འོད་སྣང་སྟེར་ངེས
    རྩ་གསུམ་བླ་མ་ཡིས་བྱིན་རླབས་སྩོལ་ངེས

    Reply
  46. གནམ་ལྕགས། says:
    ལོ་ 15 སྔོན།

    གོང་གི་ཞོགས་དུང་གི་མིང་ཅན་འདི་ལ་བཤད་རྒྱུ་་ཅི་ཞིག་ཡོད་ན་བཤད་ཆོག་གི་རེད། ཡིན་ཡང་ཞོགས་དུང་གི་མིང་བེད་སྤྱོད་བྱས་ན་མི་ལེགས། ཞོགས་དུང་ནི་གཞིས་བཞུགས་རྩོམ་པ་པོ་སྐད་གྲགས་ཅན་ཞིག་ཡིན་པ་ཡོངས་གྲགས་རེད། འདི་ནི་རང་རེའི་བཙན་བྱོལ་གྱི་ལོབ་ཟོལ་ངན་པ་ཞིག་རེད།

    གོང་གི་མཆན་བུ་འདེབས་མཁན་འདི་སུ་ཡིན་ཡང་དེ་ལ་བསམ་བློ་ཞིག་གཏོང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།

    Reply
  47. ཞོགས་དུང་། says:
    ལོ་ 15 སྔོན།

    བོད་གཞུང་བཀའ་སྤྱི་གཉིས་ནས་ཞབས་འདྲེན་རྐྱང་ཞུས་བསྡད་པ་ལས། འཛམ་གླིང་ལོ་རྒྱུས་འཕེལ་རྒྱས་དང་། ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་མདོར་ན་མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་ལ་ཕན་པའི་དགེ་མཚན་དོན་སྙིང་ཅན་གྱི་ལས་ཤིག་ད་ལྟའི་བར་དུ་བྱས་ཡོད་པ་མ་རེད་ལ། གཞན་གྱི་གྲུབ་འབྲས་ལ་སྤྱོད་རྐྱང་གིས་ཚེ་རབས་ནས་མི་རབས་རྫོགས་པ་ནི་གནས་ཚུལ་ངོ་མ་རེད། བརྒྱ་ལ་དགེ་མཚན་དོན་སྙིང་ཅན་གཅིག་རྩི་བའི་དབང་དུ་བཏང་ནའང་། རང་ཉིད་ཀྱི་བཙན་པོའི་རྒྱལ་རབས་རྩ་བ་ནས་འཇིག་པར་བྱས་ཤིང་སོག་པོའི་བཙན་རྒྱལ་སྐེད་པ་ནས་ཆད་པར་བྱས་པའི་སངས་རྒྱས་ཆོས་ལུགས་སམ་ནང་ཆོས་མ་གཏོགས་ཡོད་པ་མ་རེད། ད་ལྟའི་དུས་སུ། བོད་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཤེས་པ་རྒྱུ་མཚན་དུ་བྱས་ནས། བོད་ལ“འོད་སྟོང་ལྡན་པའི་རིག་གནས་ཡོད” “རིན་ཐང་བྲལ་བའི་ཆོས་ལུགས་ཡོད” “འཛམ་གླིང་ཞི་བདེར་ཕན་པ་ཡོད”སོགས་ཟེར་ནས་རང་སེམས་གསོ་བྱེད་ཀྱི་ཚིག་ཁ་ལ་མ་ཎི་བཞིན་ཟློ་ཞིང་ཤོག་བུར་རི་མོ་བཞིན་འབྲི་ནའང་། ཁོ་བོས་བལྟས་ན་ད་དུང་བསྡོམས་ཚིག་ཁ་ཚོན་གཅོད་སྔ་བར་ཡོད། དེ་ལ་ལྟོས་པས་༢༠༠༨ལོའི་ཞི་བའི་ངོ་རྒོལ་དང་། ཐེངས་འདིའི་ས་འགུལ་ཀྱི་གོ་སྐབས་བཟུང་ནས་བོད་མིའི་རང་དབང་དང་དམངས་གཙོའི་ལོ་རྒྱུས་སུ་འོད་སྟོང་ལྡན་ལ་རིན་ཐང་བྲལ་བའི་ཤོག་ལྷེ་གསར་པ་ཞིག་སྣོན་པ་རྒྱག་ཐུབ་པ་ཡིན་ན། དོན་མཐུན་གྱི་བོད་གཞིས་བྱེས་གཉིས་ཀྱི་མིག་ལྟོས་བྱེད་ས་དང་རེ་བ་རྒྱག་ས་ཞིག་ཏུ་འགྱུར་ངེས་ཡང་ད་དེ་ལྟར་བྱུང་མ་སོང་།

    Reply
  48. རྒྱལ་བསྟན། says:
    ལོ་ 15 སྔོན།

    བྱེས་བསྡོད་བོད་མི་རྣམས་ནས་ཀྱང་སེམས་ཚོར་ཆེན་པོའི་ངང་འདས་པོ་རྣམས་ལ་མྱ་ངན་དང་ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།

    Reply
  49. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ
    འདི་རྒྱ་ནག་གི་དཔོན་ཚོ་ལ་ལེགས་སྐྱེས་ཡིན། ཧུ་ཅན་ཐོ་ཤི་ཉིན་ངས་མ་ཎི་འདོན་ཆོག

    Reply
  50. རྒྱལ་བསྟན། says:
    ལོ་ 15 སྔོན།

    ད་ནི་མི་སེམས་རྒུ་དགོས་པ་ཞིག་བྱེད་ཀྱི་འདུག
    དམིགས་ཡུལ་ངན་པ་ཞིག་མེད་པ་ཤོག

    རྒྱ་གཞུང་ནས་དངོས་གནས་གནོད་འཚེ་ཕོག་ཡུལ་ལ་བརྩེ་སེམས་བཅོས་མིན་ཡོད་ན་
    ༸གོང་ས་མཆོག་གདན་འདྲེན་ཞུས་དགོས་ངེས་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese