མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞལ་འདེབས་སྐྱེལ་མཁན་བཀག་པ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

འབྲི་རུ་རྫོང་གི་ཚོང་པ་ ༡༧ ཀྱིས་རྒྱ་སྒོར་ཁྲི་ ༡༠༠ ཡི་ཞལ་འདེབས་བསྡུས་ནས་ཡུལ་ཤུལ་ལ་འགྲོ་སྐབས་ས་གནས་གཞུང་གིས་ཁོང་ཚོ་བཀག་སྟེ་འགྲོ་རུ་བཅུག་ཡོད་མི་འདུག

བང་ཆེན་གསར་འགོད་པ་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་ ༡༧ ཉིན་ཁམས་འབྲི་རུ་རྫོང་གི་ཚོང་པ་འབྲུག་ལྷ་དང་། ཐུགས་རྗེ་སྐྱབས། གྲོ་ཚེ། ལྷ་འབྲུག དཔུང་དཀར་སོགས་ཚོང་པ་ ༡༨  ཙམ་གྱིས་ཞལ་འདེབས་རྒྱ་སྒོར་ཁྲི་ ༡༠༠  ལྷག་བསྡུས་ནས་དངོས་རྫས་ཀྱིས་ཁེངས་པའི་མོ་ཊ་ཆེ་བ་བདུན་དང་ཆུང་བ་བདུན་བཅས་གྲབས་ཤོམ་བྱས་ནས་རྒ་སྐྱེ་རྒུ་མདོར་སྐྱེལ་བར་འགྲོ་གྲབས་བྱེད་སྐབས།  ས་གནས་རྒྱ་དམག་གིས་བཀག་ནས་འགྲོ་མི་ཆོག་པའི་བཙན་བཀའ་ བཏང་ཡོད་འདུག འབྲི་རུ་རྫོང་ས་གནས་མང་ཚོགས་ཀྱིས་ཞལ་འདེབས་རྒྱབ་པའི་དངོས་རྫས་དང་དངུལ་རྣམས་ རྫོང་གི་ལས་ཁུངས་བརྒྱུད་པ་ལས་རང་དགར་སྐྱེལ་འདྲེན་བྱེད་མི་ཆོག་པའི་བཙན་བཀའ་ བཏང་གི་འདུག  དེ་བཞིན་སོག་ཙན་དན་དགོན་པའི་དགེ་འདུན་ པ་རྣམས་ཀྱི་རང་འགུལ་ངང་ཞལ་འདེབས་བསྡུ་སྐབས་རྫོང་གི་ལས་བྱེད་ཡོང་ནས་ཁྱེད་ཚོ་ འགྲོ་ཆོག་གི་མ་རེད།  ཁྱེད་ཚོས་སེམས་ཁྲལ་བྱེད་དགོས་པ་མ་རེད། ཞལ་འདེབས་རྣམས་སྲིད་གཞུང་གིས་སྐྱེལ་གྱི་རེད་ཟེར་ནས་ཞལ་འདེབས་ཀྱི་དངུལ་རྣམས་བཙན་གྱིས་སོག་རྫོང་དུ་སྐྱེལ་བཅུག་སོང་ཅེས་ས་གནས་ནས་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་སོང།

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

སྐར་མ ༢༩ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 8

  1. མདོ་ཁམས་འབྲི་མཚོ says:
    ལོ་ 16 སྔོན།

    མདོ་ཁམས་འབྲི་རུ་ནས་ཡིན་པའི་ཚོན་པ་རྣམས་ཐུགས་རྗེ་ཆེ། ཁྱེད་རྣམས་ཀྱི་སེམས་ཤུགས་དེའི་བོད་མི་རྣམས་ཀྱིའི་སྐྱིད་སྡུག་མཉམ་མྱོན་གི་རྣམས་པ་བསྔོན་གསལ་དུ་མཐོན་ཡོངས་དུས་སེམས་ཤུག་འཕར་མ་ཞིག་གཏེར་སོང་། འོང་ཀྱང་གཞན་དབང་གི་བྱ་བ་དེ་འགྲུབ་པ་དཀའ་ཡང་།ཁོང་རྣམས་ཀྱིས་མུ་འཐུད་ནས་ལས་དོན་དེ་སྒྲུབ་ཕྱིར་བརྩོན་བཞིན་འདུག་

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    ལྔ་བཅུ་ང་དགུ་ནས་ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་བྱ་བ་བཟང་པོ་ཅི་ཞིག་བསྒྲུབ་ཡོད་མེད་ཀུན་ཀྱིས་ཤེས་གསལ་རེད། དེས་ན་དགྲ་བོ་ལ་སྤྲེལ་ལེགས་འཁྲབ་པ་དེ་བོད་མིའི་བཟང་སྤྱོད་ཞིག་དེ་བས་ཀྱང་མ་རེད།

    Reply
  3. དོང་སྤྲུགས། says:
    ལོ་ 16 སྔོན།

    རང་ཉིད་ཕ རོལ་པོར་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཕ་རོལ་པོར་བསྙོན་འདིང་བ་དང་། ཕ་རོལ་པོའི་བྱ་སྤྱོད་བཟང་ངན་ཀུན་ལ་མི་དགའ་བའི་ཕྱོགས་ངོས་ནས་སྡང་མིག་གིས་བལྟ་བ་ནི་དྲང་བདེན་ཞིག་མ་རེད་ལ། བོད་མི་རིགས་ཀྱི་བཟང་སྤྱོད་དེ་བས་ཀྱང་མ་རེད།

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    ཁ་བའི་འོད་མདངས་ཞེས་པ་འདིའི་བཤད་བཏང་ལ་ལྟོས་དང་། བོད་གཞུང་གི་ཐོག་ལ་འདི་ལས་ངར་བ་གཅིག་ཀྱང་མེད་རུང་། རྒྱ་ནག་གཞུང་གིས་བོད་མིར་དམ་དྲགས་བྱས་པ་དེ་འགྲིག་པ་རེད་མདོག་མདོག་ལབ་འདུགས། འདི་ནི་ཁ་བའི་འོད་མདངས་ཞིག་ག་ལ་ཡིན། ཁ་བའི་ནག་ཐིག་ཞིག་རེད་འདུགས།

    Reply
  5. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    དགོས་པ་རྒྱུ་མཚན་མང་པོ་ལ་བསམ་དགོས་པ་ལས་མཐའ་གཅིག་དུ་མ་འགྲིགས་པ་རེད་ཟེར་ཡ་ཡོད་ནི་མ་རེད། ཁྲིམས་དང་གོ་རིམ་ཡོད་ནི་རེད། དེང་སང་གང་སར་གནས་ཚུལ་མང་པོ་ལྷག་ཡོད་ནི་རེད།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    མི་དམངས་ལ་སེམས་ཤུགས་ཡོད་པ་ནི་ཧ་ལས་དགོས་པ་རེད། རྒྱལ་ཁབ་དང་ཡུལ་ལུང་གང་ལ་མཚོན་ནའང་། གནོད་འཚེ་ཐེབས་པའི་ས་ཁུལ་ནི་སྤྱི་ཚོགས་བདེ་འཇགས་དང་། སྒྲིག་ལམ། མཐུན་རྐྱེན་སོགས་ཧ་ཅང་དམིགས་བསལ་གྱི་ས་ཁུལ་ཞིག་ལ་གྱུར་ཡོད་པས། ཞལ་འདེབས་ཕུལ་བར་མ་འགྲོ་བའི་སྔོན་ལ་འཛིན་སྐྱོང་རིམ་པ་ཁག་ནས་ཆོག་མཆན་ཞུས་དགོས་པ་འདྲ། ང་ཚོ་ཁམས་རིགས་ལ་སེམས་ཤུགས་ཡོད་ནའང་ཤེས་ཚད་ཀྱིས་ཕོངས་བས་ལན་པ་རེད། ཨ་མདོ་བ་རྣམས་ནས་ཞལ་འདེབས་རིགས་དཀའ་ཁག་མེད་པར་གནོད་འཚེ་ས་ཁུལ་བསྐྱལ་དང་བསྐྱལ་བཞིན་པ་རེད།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    ད་ལྟོས་ཨ། ཁ་སང་ཁེ་ཉིན་དགྱ་ནག་གིས་ཞེ་བོ་ཡག་པོ་ཞིག་བྱེད་ཀྱི་ཡོད་མདོག་བསྟན་ནས་ད་ཤ་གསེང་ན་སྡེར་མོ་འབུད་ཀྱིན་འདུག་གཱ། ད་ག་རེ་བྱེད་རྒྱུ་ཡིན་མིན་ང་ཚོས་ག་ལེར་བལྟ་ཆོག་གི་རེད། དཀོན་མཆོག་གསུམ། ད་འདི་ཟེར་རྒྱུ་ཞིག་འབྱུང་གི་རེད།

    Reply
  8. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    འབྲི་རུ་མི་མང་ལ་ཐུགས་རྗེ་ཆེ་ཞུ། ངོ་མ་ཞལ་འདེབས་ཡག་པོ་གནང་འདུག བྱེས་སྡོད་བོད་མི་ཚོས་ཀྱང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང། མདང་དགོང་ལས་ཁུངས་གྲོལ་ནས་མིག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཤས་གཅིག་སྤྲོད་ཀྱིས་འདུག ད་དུང་གཞིས་བཞུགས་བོད་རིགས་རྣམས་ཀྱིས་ས་ཡོམ་ཕོག་ཤུལ་དུ་དངོས་ཟོག་འོར་འདྲེན་བྱེད་སྟངས་དེ་མཐོང་དུས་ས་ཡོམ་ཐེབས་པ་དེ་སྡུག་སོང་ཡང་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་ཇེ་གསལ་དུ་མཐོང་ཡོང་དུས་དགའ་དགོས་པ་ཞིག་རེད། འདི་ལྟར་ང་ཚོ་འགག་རྩ་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་བཞིན་པ་འདིས་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྟེར་བཞིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese