མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེ་རྒུ་མདོའི་དྭ་ཕྲུག་ཚོ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ཁྲོད། ཕ་མ་རྐྱེན་འདས་སུ་སོང་བའི་བྱིས་པ་མང་པོ་ཞིག་དྭ་ཕྲུག་ཏུ་གྱུར་ཡོད་པ་དང་། ཕྱི་ཚེས་ ༢༠ ཉིན་དྭ་ཕྲུག་ ༡༥ ཙམ་མེ་འཁོར་ལ་བཞག་སྟེ་པེ་ཅིན་དུ་བསྐྱལ་ཡོད་འདུག་ཅིང་། དྭ་ཕྲུག་དེ་དག་པེ་ཅིན་གྱི་ཞིང་སྡེ་ཞིག་ཏུ་བསྐྱལ་ཏེ་སེམས་ཁམས་གསོ་རྒྱུ་ཡིན་པ་དང་། ཟླ་གསུམ་གྱི་རྗེས་སྐྱེ་རྒུ་མདོའི་གནས་ཚུལ་བདེ་འཇགས་བྱུང་རྗེས་སླར་ཡང་ཡུལ་ཤུལ་དུ་བསྐྱལ་འཆར་ཡོད་འདུག གཞན་ཉིན་འདི་འགར་རྔ་པ་དང་བླ་བྲང་། རེབ་གོང་། མགོ་ལོག་སོགས་ཕྱོགས་སོ་སོ་ནས་ཡུལ་ཤུལ་སྐྱེ་རྒུ་མདོའི་གོད་ཆག་ཁྲོད་ཀྱི་དྭ་ཕྲུག་ཚོར་བདག་པོ་རྒྱག་ཆེད་ཡོང་གིན་ཡོད་པ་མ་ཟད། མཚོ་སྔོན་ཞིང་ཆེན་དང་ཡུལ་ཤུལ་ཁུལ། ས་གནས་རྫོང་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་ཁ་པར་བརྒྱུད་འབྲེལ་བ་ཞུས་ཏེ། སྐྱེ་རྒུ་མདོའི་དྭ་ཕྲུག་དག་ལ་གཉོར་སྐྱོང་བྱ་རྒྱུའི་རེ་འདུན་འདོན་བཞིན་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་རྒྱ་ནག་དབུས་གཞུང་གིས་གོད་ཆག་ཁྲོད་ཀྱི་དྭ་ཕྲུག་ཚོར་བདག་པོ་རྒྱག་ཕྱོགས་སྐོར་ལ་དོན་ཚན་འགའི་གསལ་བསྒྲགས་སྤེལ་དོན། དང་པོ།  དྭ་ཕྲུག་ལོ་ ༡༤ ལ་ལོན་དགོས་པ་དང་ཕ་མ་གཉིས་ཚེ་ལས་འདས་པ་ཡིན་དགོས་ཤིང་། ལོ་ ༡༠ ཡན་གྱི་ཕྲུ་གུ་གཉོར་སྐྱོང་བྱ་ཚེ་དོ་བདག་འཐད་པ་འབྱུང་དགོས། གཉིས་པ། གཉོར་མཁན་ལོ་ ༣༠ ལ་སོན་དགོས་པ་དང་སློབ་གསོ་ཚད་མཐོན་པོ་མྱངས་ཡོད་པ་དང་འཚོ་བའི་ཆ་རྐྱེན་ལེགས་པ། བྱ་བ་ངན་པ་བསྒྲུབས་མ་མྱོང་བ། ནད་ཡམས་གང་ཡང་མེད་པ་བཅས་ཡིན་དགོས། གཉེན་སྒྲིག་བྱས་ཟིན་པ་ཡིན་ཚེ་ཁྱོ་ཤུག་གཉིས་ཀས་སྐྱོང་དགོས་ཤིང་། དྭ་ཕྲུག་གཉོར་སྐྱོང་བྱེད་པར་གཉོར་སྐྱོང་བྱེད་མཁན་ལ་ཕྲུ་གུ་ཡོད་མེད་དང་ཡང་ན་དྭ་ཕྲུག་གཅིག་ཁོ་ན་ལས་གཉོར་སྐྱོང་བྱས་མི་ཆོག་པའི་ཚད་བཀག་མེད། ཕོ་ཧྲེང་གིས་དྭ་ཕྲུག་བུ་མོ་གཉོར་ན། དྭ་ཕྲུག་དང་གཉོར་མཁན་གཉིས་བར་ལོ་ ༤༠ ལས་མ་ཉུང་བ་དགོས། གསུམ་པ། དྭ་ཕྲུག་གཉོར་སྐྱོང་བྱེད་པའི་གོ་རིམ་གཞན་དག་སྲིད་གཞུང་གི་ཡིག་ཆར་གཞི་འཛིན་དགོས། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

མཆན། 8

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    སྤྱི་ལོ་༡༩༩༦ ནས་འགོ་འཛུགས་ཏེ་རི་དག་གཙོས་གྲངས་ལས་འདས་པ་བསོད་པ་མ་ཟད་ས་གནས་འདིའི་མི་མང་གིས་གཙོས་སྲུང་སྐྱབས་བྱས་ཀྱང་། མཐར་མ་བོད་རིགས་གཙོས་སྲུང་སྐྱོབས་བྱས་མཁན་འདི་དག་ཡང་བསོད་པ་རེད། བསོད་མཁན་ནི་རྒྱལ་མི་དང་ཟེ་ལིང་གི་ཁ་འཕྱེར་རྒྱལ་མི་འདི་དག་རེད་འདུག། རྒྱལ་མིའི་གསར་འགོད་པ་ཞིག་གི་ཟིན་བྲིས་བྱས་ནས་འཕྱིར་སུ་གློག་རྙེད་བཟོ་ཡོད་པ་མིང་ལ་ཀེ་ཀེ་ཟེ་ལང་འང་可可西里 ཟེར། ཡར་ངལ་བ་གློག་རྙེད་འདི་ལ་གཟིགས།

    Reply
  2. ཨ་ཁུ་སྟོན་པ། says:
    ལོ་ 16 སྔོན།

    ང་རང་ཚོའི་བཙན་འབྱོལ་བོད་གཞུང་གིས་ཐབས་ཤེས་གང་དྲག་གནང་ནས་སྐྱེ་རྒུ་མདོའི་དྭ་ཕྲུག་ཚོ་རྒྱ་གར་ནང་ཁྲིད་ཐུབ་པ་ཡིན་ན་དེ་དག་ལ་དངུལ་གྱི་རོགས་རམ་གང་འདྲ་དགོས་པ་ཡིན་ན་ཡང་རོགས་རམ་ཞུས་ཆོག །

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ད་ནི་ངོ་མ་ཡིན། སེམས་པར་དངངས་སྐྲག་ལངས་ཀྱི་འདུག བོད་ཕྲུག་དག་གི་མ་འོངས་པ་ལགས་་་་་་་་་་་་

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    དྭ་ཕྲུག་དེ་དག་ངེས་པར་དུ་བོད་ནང་ལ་གནས་ཐབ་བྱེད་དགོས་པ་ལས། རྒྱ་མི་ཚོར་ནམ་ཡང་བསྐུར་མི་རུང་།

    Reply
  5. བློ་བཟང་། says:
    ལོ་ 16 སྔོན།

    དྭ་ཕྲུག་དེ་དག་གི་འདྲ་པར་མཐོང་དུས་མིག་ཆུ་རང་དབང་མེད་པར་ཤོར་གྱི་འདུག ང་རང་གིས་ཞལ་འདེབས་ཕུལ་པ་རྣམས་དེ་དག་ལ་འབྲེལ་བ་ཐོབ་པར་ཤོག

    Reply
  6. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་དག་གི་བློ་ཁ་བསྒྱུར་ཚར་དུས། ཕྱིར་ལོག་མེད་པ་དེ་འདྲ་ཆགས་ངེས།

    Reply
  7. ཚེ་རིང་། says:
    ལོ་ 16 སྔོན།

    ཨ་ཁ། རྩྭ་ཐང་ནས་སྐྱེས་ཤིང་བོད་སྐད་མ་གཏོགས་མི་ཤེས་པའི་བོད་ཀྱི་བྱིས་པ་ཚོར་རྒྱ་ཁོག་ཏུ་ཁྲིད་ནས་རྒྱ་སྐད་ཀྱིས་སེམས་ཁམས་གསོ་རྒྱུ་ཟེར་བ་དེ་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    http://www.youtube.com/watch?v=MpunEFwzaas

    དྭ་ཕྲུག་དུ་ལུས་པ་དེ་དག་རྒྱ་ནག་སྲིད་གཞུང་གིས་ག་རེ་བྱེད་བྱེད་ལས། བོད་ཕྱི་བསྡོད་པ་དག་ལ་དེ་འདྲའི་རང་དབང་ལྷོད་ལྷོད་ཅིག་ནམ་ཡང་རེག་མི་སྲིད་པ་མངོན་སུམ་མིག་མཐོང་ཡིན་དུས། ངས་འདི་ནས་དེ་དག་གི་ཆེད་དུ་གླུ་གཞས་ཤིག་ཚུར་འདྲེན་ཞུས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese