མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་སྲུང་སྐྱོབ་མ་བྱས་ན་བོད་ཀྱི་རང་བཞིན་ར་མ་ལུག་ལྟ་བུ་ཞིག་ཆགས་པའི་ཉེན་ཁ་ཡོད་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༦/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲ་བརྟན་དང་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་གལ་གནད་ཐོག་བཀའ་སློབ་བསྩལ།

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གོ་སྟོན་བཀྲ་ཤིས་བསྟོད་དབྱངས་ཐོག་བཀའ་སློབ་བསྩལ། པར་ཐད་གཏོང་ལས་བླངས།

ཕྱི་ཟླ་ ༢ ཚེས་ ༢༦ ཉིན་དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་གོ་སྟོན་བཀྲ་ཤིས་བསྟོད་དབྱངས་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་༧སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་།  ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྲི་ཞུ་བ་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མཉམ་ཞུགས་གནང་འདུག

སྐབས་དེར་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས། ད་ལྟའི་གནས་སྐབས་འདིར་བོད་ཀྱི་གནས་སྟངས་གཉན་འཕྲང་ཅན་ཞིག་ཡིན་པ་ཚང་མས་གཟིགས་ཀྱི་ཡོད་པ་རེད། ཕྱོགས་གཅིག་ནས་༧གོང་ས་མཆོག་གི་སྐུ་ཡི་བབ་ལོ་རེ་ནས་དགུང་གྲངས་མཐོ་རུ་འགྲོ་བཞིན་ཡོད། ༧གོང་ས་མཆོག་ནས་ཆབ་སྲིད་ཐུགས་འགན་མ་བཞེས་པའི་སྐབས་སུ་བོད་མིའི་སྒྲིག་འཛུགས་དེ་དམངས་གཙོའི་ལམ་ཡང་དག་པ་ཞིག་གི་ཐོག་ནས་སྲ་བརྟན་གནས་དགོས་པའི་ཆེད་དུ་དགོངས་པ་བཞེས་ཏེ་ཕྱི་ལོ་ ༢༠༡༡ ནས་བཟུང་ཆབ་སྲིད་ཀྱི་སྐུ་དབང་ཆེ་ཤོས་གནང་གྲུབ་པ་རེད། དེའི་དགོས་དམིགས་གཙོ་བོ་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་༧གོང་ས་མཆོག་གི་སྐུ་ཕྲེང་རིམ་བྱོན་ལ་རག་ལས་བ་མ་ཡིན་པར། མི་མང་རང་གིས་མི་མང་གི་དོན་དུ་མི་མང་གི་བཟོས་པའི་སྒྲིག་འཛུགས་ཤིག་གི་ཐོག་ཏུ་གྲ་སྒྲིག་བྱ་ཐུབ་པའི་གོམས་གཤིས་འཇགས་རྒྱུའི་ཆེད་དུ་དུས་ཚོད་སྔ་ཕྱི་འོས་འཚམ་ཞིག་ལ་གནང་བ་རེད། ༧གོང་ས་མཆོག་གི་སྐུ་དབང་ཆེ་ཤོས་ནང་ནས་དམངས་གཙོ་གསོལ་རས་སྩལ་ཏེ་ལོ་ ༢༥ ཡས་མས་འགྲོ་བཞིན་ཡོད། ༧གོང་ས་མཆོག་ནས་ང་མེད་པ་བཞིན་ལས་ཀ་བྱ་དགོས་པའི་བཀའ་སློབ་མང་པོ་བསྩལ་ཡོད་པ་རེད། ༧གོང་ས་མཆོག་མེད་པ་ནང་བཞིན་བོད་པའི་སྤྱི་ཚོགས་ནང་དུ་འཛིན་སྐྱོང་ཐུབ་པའི་གདེང་ཚོད་ཡོད་མེད་གཟིགས་རྒྱུ་གལ་ཆེན་པོ་རེད། དུས་ཚོད་ཀྱི་དབང་དུ་བྱས་ན་གདེང་ཚོད་ཡོད་པར་ཆ་བཞག་དགོས་པ་ཞིག་རེད། ཡིན་ནའང་། ད་ལྟ་༧གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་དང་རྒྱབ་སྐྱོར་ལམ་སྟོན་ཡོད་བསྡད་པའི་སྐབས་ཤིག་རེད། རིམ་བཞིན་དེ་དག་མེད་པའི་སྐབས་ཤིག་བསླེབ་ཚེ། ང་ཚོས་ད་ལྟ་ནས་ཚོད་དཔག་གནང་དགོས་པ་ཞིག་ཆགས་ཡོད། ༧གོང་ས་མཆོག་གི་གཟིགས་ཕྱོགས་ཐོག་ནས་ཕལ་ཆེར་རང་མགོ་ཐོན་པ་དང་རང་རྐྱ་འཕེལ་བ་ཞིག་ལ་དགོངས་པ་བཞེས་གནང་གི་ཡོད། དེའི་ཆེད་དུ་འོས་འདེམས་དབུ་ཁྲིད་རྣམ་པ་དང་འོས་བླུགས་མཁན་གྱི་མི་མང་རྣམས་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་བརྟན་པོ་བྱ་དགོས་པ་གལ་ཆེན་པོ་རེད། དེ་ལ་འགལ་རྐྱེན་དང་གནོད་སྐྱོན་མང་པོ་རང་བཞིན་གྱིས་ཡོང་གི་ཡོད། ལྷག་པར་དུ་ང་ཚོའི་ཁ་གཏད་ཀྱིས་ཆེད་དུ་མི་རྒྱུ་ཟོག་གསུམ་གྱི་འགྲོ་སོང་གཏོང་བཞིན་ཡོད། ང་ཚོས་དེ་ལ་ངོས་ཟིན་ཐུབ་པ་བྱས་ནས་དོགས་ཟོན་དང་ཁ་གཏད་གཅོག་ཐུབ་ཀྱི་ཡོད་མེད་ཞིབ་འཇུག་དང་མཐའ་དཔྱད་གནང་དགོས། དེར་འགལ་རྐྱེན་ཡོང་གི་ཡོད་ཚེ་དམངས་གཙོའི་ལམ་ནས་གནང་ཐུབ་པ་བྱ་དགོས། དེ་ཡང་སྤྱིར་ཡང་དག་པའི་དམངས་གཙོའི་ལམ་སྲོལ་དང་། ༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བ་དེའང་དགོས་པ་རྒྱུ་མཚན་ཡོད་པ་ཞིག་རེད། དེ་ཡི་ཐུགས་རྗེའི་དགོངས་གཞི་ཡོངས་སུ་རྫོགས་པ་འགྲུབ་པ་བྱེད་པར་ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་ཆ་ཤས་ལེན་མཁན་བཙན་བྱོལ་བོད་མི་མ་གཏོགས་གཞིས་བཞུགས་བོད་མི་རྣམས་ཀྱིས་གོ་སྐབས་ལེན་གྱི་མེད་དུས། འོས་འགན་དེ་བརྒྱ་ཆའི་བརྒྱ་ཐམ་པ་བཙན་བྱོལ་བོད་མི་རྣམས་ལ་འཁྲི་བསྡད་པ་ཞིག་རེད། དེ་བཞིན་རང་དབང་ལུང་པར་ཡོད་པའི་ཆབ་སྲིད་བཙོན་ཟུར་ཁྲོད་ཆབ་སྲིད་བཙོན་ཟུར་ཡོངས་རྫོགས་ཚུད་རྒྱུ་ཁག་པོ་རེད།  ཆབ་སྲིད་བཙོན་ཟུར་མང་པོ་ཞིག་ད་ལྟ་གཞིས་སུ་བཞུགས་ཡོད། ཡིན་ནའང་ཆབ་སྲིད་བཙོན་པ་རྣམས་ཀྱིས་དགོངས་པ་རྒྱ་ཆེར་བཞེས་ཏེ་གཞིས་བྱེས་གཉིས་ཀྱི་ཡོངས་མིའི་མགྲིན་ཚབ་གནང་བཞིན་ཡོད། བཙན་བྱོལ་དུ་ཡོད་པའི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་། བཙན་བྱོལ་སྤྱི་ཚོགས་ནང་དུ་ཁ་བྲལ་དང་། ༧གོང་ས་མཆོག་ལ་གུས་བཀུར་མེད་པ། བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་མེད་པ་བཅས་ཀྱི་གནས་ཚུལ་སྔོན་འགོག་གནང་དགོས། དེ་བཞིན་གནས་ཚུལ་དེ་དག་ལ་གདོང་ལེན་བྱེད་པར་བསམ་བློའི་མགོ་ཁྲིད་གནང་བཞིན་ཡོད་ལ། མ་འོངས་བར་ངེས་པར་དུ་གནང་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ཕྱོགས་གཞན་པ་ཞིག་ནས་བལྟས་ན། ༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མ་གནང་གོང་ནས་དགོངས་པ་རླབས་ཆེན་བཞེས་ཏེ། མ་འོངས་བོད་ཀྱི་རྩ་ཁྲིམས་ལས་ལོགས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་མ་འོངས་བོད་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་དང་བསྟུན་པའི་མངོན་འདོད་དང་། ད་ལྟ་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་བསྡད་ཡོད་པའི་གནས་ཚུལ་གཉིས་དང་བསྟུན་ནས་ཡག་པོ་བཟོས་ཡོད། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་མིའི་སྒྲིག་འཛུགས་གནས་ཐུབ་དང་མི་ཐུབ་རག་ལས་ས་བཅའ་ཁྲིམས་ཀྱི་དགོངས་དོན་དེ་རེད། དེ་ནི་༧གོང་ས་མཆོག་གི་དགོངས་གཞི་ཡང་ཆགས་ཡོད། དེ་ཡིན་དུས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ཇི་མ་ཇི་བཞིན་རྟོགས་ཐུབ་པ་དང་ལག་ལེན་བསྟར་ཐུབ་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག བཅའ་ཁྲིམས་ཟེར་བ་གཞི་རྩའི་ཁྲིམས་ཡིག་ཡིན་པ་སོང་ཙང་། དེའི་ནང་དུ་ཚིག་གིས་མ་ཟིན་པའི་སྦས་དོན་དང་ཟབ་དོན་གྱི་རྩ་བའི་སྒྲོམ་གཞིའི་རིམ་པ་མང་པོ་ཞིག་ཡོད་པ་རེད། དེ་དག་ཡག་པོ་མ་ཤེས་པའི་ཐོག་ནས་བསྐྱར་བཅོས་བྱས་ཚེ་རྩ་བའི་སྒྲོམ་གཞི་ལ་གནོད་སྐྱོན་འགྲོ་བའི་ཉེན་ཁ་ཡོད་བསྡད་པ་ཞིག་རེད། དེ་འདྲ་ཡིན་དུས་གཞི་རིམ་མང་ཚོགས་ཀྱི་ནང་དུ་བཅའ་ཁྲིམས་སློབ་སྦྱོང་བྱ་དགོས་པ་དང་།བཅའ་ཁྲིམས་ཀྱི་ནང་དོན་ཚགས་ཚད་པོར་རྟོགས་དགོས། དེ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སུ་ག་པར་སྐྱོན་ཡོད་ཚེ་དེའི་ཐོག་ལ་སྐྱོན་འཛུགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས། ད་ལྟའི་གནས་སྐབས་སུ་ཉེན་ཁ་ཆེ་ཤོས་ཤིག་ནི་བོད་ནང་གིི་གནས་སྟངས་དེ་རེད། བོད་ནང་གི་གནས་སྟངས་ལ་བཙན་དབང་དང་། གཉའ་གནོན། བཤུ་གཞོག ཁྲིམས་མཐུན་མ་ཡིན་པའི་ལས་ཀ་མང་པོ་བྱས་དང་བྱེད་བཞིན་པ་རེད། དེ་དག་བཤད་ཚར་རྒྱུ་ཡོད་པ་མ་རེད། དེའི་ཁྲོད་ནས་ན་གཞོན་རྣམས་ཀྱིས་རང་གི་ཡུལ་སྐད་བེད་སྤྱོད་དང་སྲུང་སྐྱོབ་བྱེད་པར་དཀའ་ངལ་འཕྲད་པའི་གནས་སྟངས་དེ་རེད། ལོ་ཆུང་དུས་གཏན་འཇགས་སློབ་གྲྭ་འཇུག་བཞིན་པ་རེད། རྒྱལ་ཁབ་ཞིག་གིས་རྒྱལ་ཁབ་གཞན་ལ་གཉའ་གནོན་བྱེད་སྐབས་གཉའ་གནོན་བྱས་པའི་རྒྱལ་ཁབ་དེ་ཡར་ལངས་རྒྱུ་མེད་པར་བཟོ་བའི་ཐབས་ལམ་དྲག་ཤོས་ཤིག་སྐད་ཡིག་རྩ་མེད་གཏང་རྒྱུ་དེ་བརྩིས་པ་རེད། དེ་གསར་བ་བྱུང་བ་གང་ཡང་མ་རེད། གནའ་སྔ་མོ་ནས་གཉའ་གནོན་བྱེད་མཁན་རྒྱལ་བོ་རྣམས་ཀྱིས་གནས་ཚུལ་དེ་བེད་སྤྱོད་བཏང་བ་རེད། རྒྱ་གར་ལྟ་བུར་མཚོན་ནའང་ཕྱི་རྒྱལ་གྱི་དབང་འོག་ནས་ལོ་ ༢༠༠ ཡས་མས་ཤིག་བསྡད་པ་རེད། དབྱིན་ཇིས་དབང་བསྒྱུར་བྱེད་པའི་སྐབས་སུ་རྒྱ་ནག་བཞིན་དུ་དྲག་གནོན་དང་བཙན་གནོན་བྱེད་བཞིན་མེད་ཀྱང་། རྒྱ་གར་གྱི་ཡུལ་མི་མང་པོ་ཞིག་ལ་སོ་སོའི་ཡུལ་སྐད་བཞག་ནས་དབྱིན་ཇི་སྦྱངས་སུ་བཅུག་པ་རེད། སྐད་ཡིག་ཐོག་དབང་བསྒྱུར་བྱེད་པར་ནུས་པ་ཆེན་པོ་ཡོད་པ་དངོས་མཐོང་ལག་ཟིན་རེད། ཕྱི་ལོ་ ༡༨༣༠ ནང་ནས་དབྱིན་ཇིའི་ཤེས་ཡོན་སྲིད་ཇུས་མགོ་བཙུགས་ཏེ་ཕྱི་ལོ་ ༡༩༠༠ མགོ་སྟོད་དུ་རྒྱ་གར་ནང་གི་སྲོལ་རྒྱུན་གྱི་ཤེས་ཡོན་ལྟེ་གནས་མང་ཤོས་རྩ་འཐོར་ཕྱིན་པ་རེད། ད་ལྟའི་གནས་སྐབས་བོད་ནང་རང་སྐད་སྲུང་སྐྱོབ་བྱེད་པའི་ལས་འགུལ་དེ་གཞིས་བཞུགས་བོད་མི་རྣམས་ལ་སྐུ་ངལ་ཆེན་པ་ཡོད་པས། བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱལ་སྤྱིའི་ཐོག་ཞུ་གཏུགས་བྱ་རྒྱུ་མ་གཏོགས་ཁག་པོ་ཆགས་འདུག གཞིས་བཞུགས་བོད་མི་རྣམས་ཀྱིས་ག་རེ་གནང་ཐུབ་ཀྱི་རེད་ཟེར་ན།སོ་སོའི་ཁྱིམ་ཚང་ནང་དུ་ནང་མིར་སྐད་ཆ་བཤད་པའི་སྐབས་སུ་བོད་སྐད་དེ་བདེན་པའི་ཨུ་ཚུགས་ཟོལ་གྱིས་བཤད་ཐུབ་པ་ཡིན་ན། ཧ་ཅང་རྒྱ་ཆེན་པོ་དེ་འདྲ་གནང་མ་ཐུབ་ཀྱང་སོ་སོའི་བུ་ཕྲུག་འཚར་ལོངས་བྱུང་རྗེས་བོད་སྐད་བསླབ་མི་དགོས་པ་ཞིག་བྱུང་ཚེ། དེས་ཧ་ཅང་ཁྱད་པར་ཆེན་པོ་འགྲོ་ཡི་རེད་བསམ་གྱི་འདུག དེ་ལ་རྒྱ་མི་དམར་པོས་དོགས་ཟོན་དང་མ་དགའ་བ་ཉེས་བ་གཏང་རྒྱུ་དེ་འདྲ་ཡོང་སྲིད། ཡིན་ནའང་སོ་སོའི་ཁྱིམ་ནས་བོད་སྐད་བཤད་རྒྱུ་མ་ཉམས་པར་འབད་བརྩོན་བྱ་དགོས། རྒྱལ་ཁབ་འདྲ་མིན་ནང་གཞིས་ཆགས་པའི་བོད་མི་རྣམས་ཀྱིས་ཀྱང་བོད་སྐད་ཀྱི་ཐོག་ནས་སྐད་ཆ་བཤད་ཐུབ་ཚེ། གང་ལ་གང་འཚམ་གྱི་ནུས་པ་ཡོད་པ་ཞིག་རེད། ཅེས་དང་། ད་ལྟའི་གནས་སྐབས་སུ་ང་ཚོས་སྐད་ཡིག་སྲུང་སྐྱོབ་ཐོག་འབད་བརྩོན་བྱེད་མ་ཐུབ་ཚེ། ང་ཚོའི་གནས་ཚང་རྒྱ་གར་ཆབ་སྲིད་ཀྱི་རང་བཙན་ཐོབ་ནས་ལོ་ ༧༠ ལྷག་འགྲོ་བཞིན་ཡོད་ཀྱང་། སྐད་ཡིག་གི་རང་བཙན་ད་དུང་ཡང་མ་ཐོབ་པར་གཞུང་སྒེར་ཚང་མ་ཕྱི་རྒྱལ་གྱི་སྐད་ཡིག་ལ་མ་བརྟེན་པར་ཐབས་མེད་པ་མཐོང་བཞིན་པ་རེད། མ་འོངས་བའི་བོད་ལ་འདི་འདྲའི་གནས་ཚུལ་ཞིག་ཆགས་པ་ཡིན་ན། བོད་ཀྱི་རང་བཞིན་དང་། ངོས་འཛིན་གྱི་གནས་བབ་ཐོག་ར་མ་ལུག་ལྟ་བུ་ཞིག་ཆགས་པའི་ཉེན་ཁ་ཡོད་པ་ཞིག་རེད། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་གཞི་རྒྱ་ཆེ་བའི་ཤེས་ཡོན་ཡང་ཉམས་པའི་ཉེན་ཁ་ཡོད་པས། བཙན་བྱོལ་སྤྱི་ཚོགས་ཀྱིས་ག་རེ་བྱེད་ཐུབ་མིན་ཐོག་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད་ལ། གཞིས་བཞུགས་བོད་མི་རྣམས་ཀྱིས་ཀྱང་སོ་སོའི་ཁྱིམ་དང་བོད་པ་ཡོད་སར་བོད་སྐད་བཤད་རྒྱུ་ནི་ཛ་དྲག་ཆེ་བའི་གནས་ཚུལ་ཞིག་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. བྲག་གཡབ་བློ་ལྡན་ཤེས་རབ། says:
    1 week སྔོན།

    ༧གོང་ས་མཆོག་གི་སྐུ་དབང་་་་ཆེ་ཤོས་་་ ཞེས་འཁོད་པ་དེ་ནོར་འདུག སྐུ་དབང་་་་ཕྱི་བཤོལ་་་རེད་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese