༧རྒྱལ་བ་ཀརྨ་པ་མཆོག་གིས་༧གོང་ས་མཆོག་གིས་དགོངས་པ་ཆེར་བཞེས་གནང་སྟེ། སྐྱོན་ཆག་བྱུང་བའི་ས་ཁུལ་དུ་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་ལ། གཅིག་བྱས་ན་རྟགས་རྟེན་འབྲེལ་དང་ལས་སྨོན་འཛོམས་ཏེ་བོད་དུ་ཕེབས་ཐུབ་ཅེས་གསུངས་ཡོད།
ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ ནས་ ༡༠ བར་༧རྒྱལ་བ་ཀརྨ་པ་མཆོག་དབུ་བཞུགས་ཐོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་བླ་ལས་ཟུར་དགེ་བཤེས་སྤྱི་དང་དགེ་འདུན་པ་རྣམས་ཀྱིས། སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པའི་གསོལ་འདེབས་དང་། རྨས་སྐྱོན་ཕོག་པ་རྣམས་མྱུར་ཏུ་དྲག་སྐྱེལ་ཡོང་བ། གཞིས་ལུས་རང་རིགས་སྤུན་ཟླ་ལ་ཞེན་ཅན་རྣམས་ཀྱིས་སྐྱིད་སྡུག་མཉམ་མྱོང་གི་མཐུན་འགྱུར་ལས་གཞི་རླབས་ཆེན་སྒྲུབ་བཞིན་པ་གེགས་མེད་ལམ་སློང་ཡོང་བ། ནང་མི་རྩ་མེད་དུ་ཕྱིན་པ་དང་ཕ་མ་གྲོངས་ནས་དྭ་ཕྲུག་ཏུ་ལུས་པ་སོགས་ལ་ཐུགས་གསོའི་ལམ་སྟོན་བཀའ་སློབ་གནང་ཡོད།
༧རྒྱལ་བ་ཀརྨ་པ་མཆོག་གིས་གསུངས་དོན། ཉེ་ཆར་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་པ་བྱུང་སྟེ་མི་མང་བོར་འཆི་རྨས་དང་། རྒྱུ་ནོར་ལོངས་སྤྱོད་ལ་གོད་ཆག་ཚབས་ཆེན་ཐེབས་པ་དེ་ནི། བོད་ཀྱི་ལོ་རྒྱུས་ཁྲོད་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་དང་། བོད་མི་ཚང་མར་སེམས་འཚབ་ཆེན་པོ་ཆགས་ཡོད། བཀྲ་མི་ཤིས་པའི་གནས་ཚུལ་འདི་གོ་བ་དང་བྱེས་སུ་བཞུགས་པའི་༧གོང་ས་མཆོག་གཙོ་བོར་གྱུར་བའི་རིས་མེད་བསྟན་འཛིན་གྱི་སྐྱེ་བུ་དམ་པ་ཐམས་ཅད་ཀྱིས་ཐུགས་སྨོན་རྒྱ་ཆེན་པོར་གནང་ཡོད།
དེར་བརྟེན་ཡིད་སྐྱོ་བའི་གནས་ཚུལ་འདི་འདྲ་བྱུང་སྐབས། ཕྱོགས་གཅིག་ནས་ཨ་ཆད་ཨུ་ཐུག་གི་གནས་སྟངས་ཆགས་ཡོད་ནའང་། བོད་མི་རིགས་ལ་ལྷན་སྐྱེས་ཀྱི་དགེ་བའི་སྨོན་ལམ་སེམས་རྒྱུད་དུ་ཡོད་བསྡད་པ་དང་། ལས་རྒྱུ་འབྲས་དང་སྐྱེ་འཆིའི་རང་བཞིན་ལ་ཏོག་ཙམ་རྒྱུས་ལོན་ཡོད་སྟབས། གཞན་དང་མི་འདྲ་བར་ད་དུང་ཡིན་ནའང་སྙིང་སྟོབས་དང་། སེམས་ཤུགས་མ་ཆགས་པར་བྱས་ཏེ་ཡག་པོ་ཞེ་དྲག་འདུག་པ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་། ཧ་ཅང་གི་ཡག་པོ་རེད་ཅེས་གསུངས་ཡོད།
ཁོང་གིས་མུ་མཐུད་དེ། ལྷག་པར་བོད་དུ་བཞུགས་པའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཚང་མས། གདུང་སེམས་མཉམ་སྐྱེད་ཐོག་རོགས་རམ་གནང་བ་དང་། དགོན་སྡེ་གྲྭ་བཙུན་ཁག་དངོས་སུ་ས་གནས་ས་ཐོག་ཏུ་ཕྱིན་ཏེ་རོགས་རམ་དང་གུད་སེལ་གྱི་བྱ་བར་འབད་བརྩོན་བྱས་པར། ཧ་ཅང་འགྲན་ཟླ་བྲལ་བ་དང་བསྔགས་བརྗོད་ཞུ་དགོས་པ་བྱུང་འདུག དེ་དག་ཕྱི་རུ་ཡོད་པའི་བོད་མི་ཚང་མས་སྙིང་ནས་དགའ་ཞིང་རྗེས་སུ་ཡི་རངས་ཞུ་གི་ཡོད།
སྡུག་ཤོས་དེ་གཤིན་པོ་ཚེ་ལས་འདས་པ་རྣམས་གློ་བུར་དུ་མི་བཟོད་པའི་འཇིགས་པ་ཞིག་ཏུ་ཚེ་ལས་འདས་པ་ཡིན་སྟབས། ཁོང་ཚོ་སྙིང་རྗེའི་ཡུལ་དང་ཡ་ང་བའི་གནས་སྟངས་ཆགས་བསྡད་ཡོད་མོད། ཐེངས་འདིའི་གནས་ཚུལ་འདི་འཛམ་བུ་གླིང་དུ་ཁྱབ་བསྒྲགས་སུ་ཕྱིན་ཏེ། ང་ཚོ་ནང་པ་ཙམ་དུ་མ་ཟད་པར། ཁ་ཆེ་དང་ཡི་ཤུ་ཚུན་ཆད་ཀྱིས་སོ་སོའི་བསམ་པ་དག་པའི་སྒོ་ནས་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་གནང་ཡོད་སྟབས། ཏན་ཏན་འཛམ་གླིང་ཚང་མས་དགེ་བའི་ནུས་པ་གཅིག་ཏུ་སྤུངས་ཡོང་དུས། འདས་པོ་རྣམས་ཀྱང་གནས་བཟོད་བདེ་བ་ཞིག་དང་དལ་འབྱོར་གྱི་རྟེན་བཟང་འཐོབ་སྟེ། མུ་མཐུད་དམ་པའི་ཆོས་ལ་ཉམས་ལེན་བྱེད་ཐུབ་པའི་ཡིད་ཆེས་ཆེན་པོ་འདུག
ཤུལ་དུ་ལུས་པ་དེ་ཚོར་ཡང་འབྲེལ་ཡོད་སྲིད་གཞུང་དང་ཚོགས་སྡེ་ཁག་གིས་གང་ཐུབ་ཐུབ་ཀྱིས་རོགས་པ་ཡག་པོ་བྱས་འདུག དེ་ཚོར་ཡང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ཞེས་དང་། འཁོར་བའི་རང་བཞིན་ཟེར་བ་དེ་འགྱེལ་ཆོག་ཆོག་དང་འཇིག་ཆོག་ཆོག་ཡོད་སྟབས། དེའི་རང་བཞིན་མཐོང་བ་བྱས་ཏེ། སེམས་ཀྱི་སྡུག་བསྔལ་དང་དཀའ་ངལ་མགྱོགས་ནས་མྱུར་ཏུ་ཞི་ཐུབ་པ་དང་། ལྷག་པར་དུ་ཞི་འཇམ་ལྡན་པའི་འཚོ་བ་གསར་བར་ལོངས་སུ་སྤྱོད་ཐུབ་པར་བསྔོ་སྨོན་མཚམས་སྦྱོར་བྱས་ཡོད།
ཡང་ཁོང་གིས། ༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བོད་འབངས་ཡོངས་ཐུགས་ཀྱིས་མི་གཏོང་བར། བོད་ལ་ཕེབས་ཐུབ་པའི་དགོངས་བཞེས་གནང་གི་ཡོད་པས། གཅིག་བྱས་ན་རྟགས་རྟེན་འབྲེལ་དང་ལས་སྨོན་འཛོམས་ཏེ། ༧གོང་ས་མཆོག་སྐྱོན་ཆག་བྱུང་བའི་ས་ཁུལ་དུ་ཕེབས་ཐུབ་པའི་རེ་བ་དང་། དེ་ལྟར་མ་བྱུང་ཡང་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཅིག་གིས། འགན་ཁུར་དམ་འབུལ་གནང་སྟེ་ཕེབས་ཐུབ་པ་བྱུང་ན། བོད་མི་ཚོར་གོད་ཆག་བྱུང་བསྡད་པའི་སྐབས་སུ། སེམས་ལ་སོ་སོའི་ཡིད་ཆེས་ཆེ་ཤོས་དང་དད་པ་ཆེ་ཤོས་ཡོད་པ་དེ་འདྲ་ཞིག་ལ་མཇལ་འདོད་ཡོད་པ་དེ་གསལ་བོ་རེད། དེར་བརྟེན་ང་ཚོ་བོད་མི་ཚང་མས་གཞིས་ལ་བྱུང་བའི་གོད་ཆག་དེའི་སེམས་ཀྱི་སྡུག་བསྔལ་མྱུར་དུ་ཞི་བ་དང་། བདེ་སྐྱིད་དང་ལྡན་པའི་འཚོ་བ་གསར་བར་ལོངས་སུ་སྤྱོད་པ། གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་ཡོད།
ཉིན་དེར་རྒྱུད་སྟོད་གྲྭ་ཚང་ནས་ཧིན་སྒོར་ ༡༡༡༡༡༡ དང་། གྲྭ་མང་ངོས་ནས་ཧིན་སྒོར་ ༤༥༠༠༠ བཅས་ཀྱི་ཞལ་འདེབས་ཕུལ་བ་ས་གནས་བདེ་དོན་བརྒྱུད་སྐྱེ་རྒུ་མདོ་རོགས་ཚོགས་ལ་ངོ་འབུལ་གནང་རྒྱུ་ཡིན་འདུག
དྲྭ་གྲོགས་བདེ་ཆེན་ལགས་ཀྱིས་སྐབས་འདིའི་རྟེན་འབྲེལ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་རྩོལ་འདོན་གནང་བའི་རྟེན་འབྲེལ་ཆེན་མོའི་གོ་དོན་གཉིས་དོན་གཅིག་པ་ལྟར་བཤད་འདུག་ཀྱང་། མི་འཐད་དེ་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་ནི་དོན་དུ་ཕན་ཚུན་ལྟོས་ས་ལྟོས་ཆོས་ཀྱི་ངོ་བོ་ལ་གོ་ཞིང་། རྟེན་འབྲེལ་བཟང་ངན་གྱི་རྟེན་འབྲེལ་ནི་རྟགས་དང་མཚན་མ་དང་གོ་དོན་གཅིག་པ་ཡིན་པས་དཔྱད་པ་གནང་བ་གལ་ཆེ།
འདིར་བྲིས་པའི་དགག་པ་རྣམས་གཙོ་བོ་ཀློག་པ་པོས་ཐོག་མ་ནས་ལྟ་སྟངས་ངན་པ་ཞིག་བཟུང་ནས་བལྟས་པ་གསལ་པོ་རེད་འདུག་གང་ཡིན་ཟེར་ན་ཀརྨ་པས་གཅིག་བྱས་ན་རྟགས་དང་རྟེན་འབྲེལ་དང་ལས་སྨོན་འཛོམས་ཏེ། ཞེས་བཤད་པ་ལས་ད་ལྟའི་ས་ཡོམ་འདི་ཉིད་རྟེན་འབྲེལ་བཟང་པོ་ཡིན་པ་ཞིག་གསུངས་མེད་པས་ཆོས་ཐམས་ཅད་རྟེན་འབྲེལ་ཡིན་མིན་གྱི་རྩོད་པ་རྣམས་ནི་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་བ་རང་རེད། གལ་སྲིད་ཀརྨ་པས་བཤད་པ་དེ་ནོར་བ་ཡིན་ན། འོ་ན་དུས་སྐབས་ཅི་འདྲ་ཞིག་ཡིན་ཀྱང་། རྒྱལ་བ་རིན་པོ་ཆེ་སྙིང་ཐག་པ་ནས་མཇལ་འདོད་ཡོད་པའི་གཞིས་ལུས་བོད་མི་རྣམས་དང་། རྒྱལ་བ་རིན་པོ་ཆེ་གཉིས་ལྷན་འཛོམས་ཀྱི་མཇལ་ཕྲད་བྱུང་ན། རྟགས་དང་རྟེན་འབྲེལ་དང་ལས་སྨོན་འཛོམས་ཏེ་བྱུང་བ་ཡིན་པས་མ་ཁྱབ་པའི་མུ་ཞོགས་ཤིག་དང་གཞི་ནས་རང་སྐྱོན་རྟོགས་ཐུབ།
ཡ་སྐུ་ཞོགས་བདེ་ཆེན་ལགས་ཁྱེད་དེང་སང་ག་རེ་གནང་སོང༌། འཇམ་ཅག་གེ་ཕྱིན་སོང་བ། ཁྱེད་དང་མི་འགྱུར་གཉིས་ཐེངས་ཁ་ཤས་རྩོད་པ་བྱས་སོང་བ། ཡིན་ན་དེ་སང་མི་འགྱུར་ཕལ་ཆེར་ཁྱེད་ཀྱིས་ཁ་གྲགས་ཡ་མེད་པ་བཟོས་ཡོད་པ་འདྲ། ཡིན་ན་ངས་ཁྱེད་ཀྱི་སྐྱག་ཚང་ལ་དེ་རིང་ཡང་རྔོགས་གཤེར་ཐེངས་གཅིག་བྱེད་འདོད་བྱུང༌། ཁྱེད་ཀྱིས་གསུངས་ལ་རྟེན་འབྲེལ་ཁས་ལེན་པའི་ཕྱི་རོལ་པ་ཞིག་ཞོག་གསུངས་པས། ངས་དེ་རིང་འདིར་ཁ་ཤས་ཤིག་བཞག་གི་ཡིན། ཁྱེད་དངངས་སྐྲག་བྱེད་ནས་སྙིང་མ་གད་ཨ། ཕྱི་རོལ་པ་ཙམ་མ་ཟད། ཐ་ན་དུད་འགྲོ་ཡན་ཆད་ཀྱིས་ཀྱང་རྟེན་འབྲེལ་ཤུགས་ཀྱིས་ཁས་ལེན་གྱི་ཡོད་པ་དངོས་ཡོད་རེད། དཔེར་ན། གཅན་གཟན་དང་སྒོ་ཁྱི་ཡན་ཆད་ཕར་ཡག་པོ་བྱས་ན་ཚུར་ཡང་ཡག་པོ་བྱེད་ཀྱི་ཡོད་པ། ཕར་བརྡུང་རྡེབ་བྱས་ན་ཚུར་ཡང་འཐབ་འཛིན་བྱེད་ནས་སོ་རྒྱབ་ཀྱི་ཡོད་པ་ཁྱེད་ཀྱིས་ཀྱང་མཁྱེན་གསལ་རེད། དེ་ཚོ་རྟེན་འབྲེལ་རེད་དམ་ཟེར་ན་ཁྱེད་ཀྱིས་ལན་ཇི་ལྟར་འདེབས། དེ་དག་ཤུགས་ཀྱིས་ཁས་ལེན་པ་ལས་དངོས་སུ་ཁས་ལེན་མི་འདོད་སྙམ་ན། ཤུགས་ཀྱིས་ཁས་བླངས་བ་ཁས་ལེན་མ་ཡིན་ནམ། ད་དུང་སྐྱེ་ནས་འཆི་རྒྱུ་ཡོད་པ། ནད་ཀྱི་གཉེན་པོར་སྨན་དགོས་པ། དགའ་ན་དགོད་མོ་དང་སྡུག་ན་མཆི་མ་སོགས་མཐའ་ཡས་པ་ཡོད། དེ་དག་ཕྱི་རོལ་པས་མི་ཤེས་སམ། ཧ་ཧ་ཧ་ཧ་ཧ་ལྐུག་པ་ཁྱེད་ལ་ངས་དུས་ཚོད་ཆུད་ཟོས་སུ་བྱེད་འདོད་མེད། ཡིན་ན་ཁྱེད་ཀྱིས་གསུངས་པའི་བདེན་པ་གཅིག་ནི། ཁོང་གིས་རྟག་དང་རྟེན་འབྲེལ་གསུངས་པས་ཀུན་འདུས་བོད་ལ་ཕེབས་ཐུབ་ངེས་རེད། ཅེས་གསུངས་པས་ངས་དེ་སྒུག་སྡོད་ཡོད། གང་ལགས་ཤེ་ན་ཁོང་གིས་གསུངས་པ་བདེན་པའི་ཕྱིར། བདེན་ཏེ་ཁོང་ལ་མངོན་མཁྱེན་ཡོད་པའི་ཕྱིར། ཧ་ཧ་ཧ ག་སྲིད་ཕེབས་མ་ཐུབ་ན་་་་་་་་་་་་་་་་་
ཨ་ཁ་ཁ་གསུང་སྟངས་སྡུག་ལ། རྐྱེན་ངན་གྲོགས་འཆར་མ་གཏོགས་རྟེན་འབྲེལ་དང་ལས་སྨོན་གསུང་ན་ལྟས་ངན་རེད།
བདེ་ཆེན་ལྷུན་འགྲུབ་ལགས། ལན་ཡག་པོ་འདུག རྗེས་སུ་དེ་ལྟར་གནང་ན་ལེགས། ཕྱོགས་རིས་དང་འཁོན་འཛིན་ཆགས་སྡང་ཁོ་ན་ཅན་གྱི་མི་སྣ་རྣམས་ལ་དེ་ལྟར་གསུང་ན་རྗེས་སུ་བསམ་བློ་འཁོར་སྲིད།
སྐུ་ཆེ། བོད་ཡིག་ཕྲན་བུ་ཤེས་པའི་བོད་པ་འདི་ཚོས། བསམ་འཆར་བཏོན་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་འདོན་རོགས། འདིར་ཐོག་མཐའ་བར་གསུམ་དུ་འཁོད་པའི་བསམ་འཆར་དེ་ཚོ་ལ་བལྟས་ན་བློ་སྐྱེད་གང་ཡང་མི་ཐོབ་པའི་ཁར། ཕྱོགས་རིས་དང་འཁོན་འཛིན་ཁོ་ན་འཕེལ་བའི་རྒྱུ་རྐྱང་རེད་འདུག
སྐད་ཆ་གང་ཞིག་གླེང་སློང་བྱས་ཀྱང་། སྐབས་བབ་དང་འབྲེལ་ཞིང་། ཕན་ཐོགས་ཡོད་པ་ཞིག་བཤད་རྒྱུ་ལས། དོན་མེད་ཆོས་སྲིད་ཀྱི་གནད་དོན་ཚང་མ་དཀྲུག་དཀྲུག་བྱས་ནས་མི་ལ་སྙིང་ནད་ཁོ་ན་བསླང་ན་ངས་ནི་ཕན་ཐོགས་གང་ཡང་མ་མཐོང་།
migyurལགས། དངོས་གནས་དགོད་བྲོ་ལ། ཧཧཧཧཧཧ། ནང་པ་མ་ཡིན་པའི་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་དུ་བཤད་མཁན་ཕྱི་རོལ་པ་ཞིག་ཞོགས་དང་། དགེ་སྡིག་གི་རྣམ་བཞག་ཐམས་ཅད་གཤིས་ལུགས་སུ་བབ་པ་སྨྲོས་མེད་ཡིན་ཀྱང་། ནང་པ་མ་ཡིན་པའི་ཕྱི་རོལ་པ་དག་གིས་མཁས་ལེན་ནམ།
སྐྱེ་རྒུ་མདོའི་ས་ཡོམ་ཆོས་ཅན། རྟེན་འབྲེལ་ངན་པ་ཡིན་ཏེ། ཤི་རྐྱེན་བྱུང་བའི་ཕྱིར།
སྐྱེ་རྒུ་མདོའི་ཤི་གསོན་རྣམས་ཆོས་ཅན། བོད་མི་ཆོས་སྲིད་གཉིས་ཀྱི་བདག་པོ་གོང་ས་ཐམས་ཅན་མཁྱེན་པ་མཆོག་དང་སྔོན་གྱི་ལས་འཕྲོའི་རྟེན་འབྲེལ་བཟང་པོ་ཡོད་དེ། གོང་ས་མཆོག་སྐྱེ་རྒུ་མདོའི་ཤི་གསོན་ཉམ་ཐག་རྣམས་སྡུག་བསྔལ་ལས་སྐྱོབས་མཁན་གདན་འདྲེན་ཀྱང་ཞུ་ཐུབ་སྲིད་པའི་ཕྱིར། ཞེས་པར་ཁྱོད་ཀྱིས་ལན་གང་གནང་ངམ། འཇིག་རྟེན་གྲགས་ངོར་རྐྱེན་ངན་གྲོགས་ཤར་དང་། གཞུང་ཆེན་ཁག་ཏུ་རྟེན་འབྲེལ་དུ་བཤད། དེ་གཉིས་སོ་སོར་མ་ནོར་བ་གྱིས།
ཁ་སང་བྲིས་ཟིན་ཀྱང་ཁྱོད་རང་གིས་གོ་བ་ལན་མི་འདུག ཁྱོད་ཀྱི་རྟགས་བསལ་དེ་ལ་ཁྱབ་པ་ཡང་མི་འདུག ཐུགས་མཉམ་པར་བཞག་སྟེ་བྲིས་རོགས་ཞུ། དེ་མིན་ཕྲག་དོག་གིས་ཨུ་ཚུགས་རང་རེད་འདུག
བདེ་ཆེན་ལྷུན་འགྲུབ་ལགས། རྟགས་དང་རྟེན་འབྲེལ་ཟེར་བའི་ཚིག་རྐང་གཉིས་པོའི་དོན་མ་ཤེས་པ་མིན། ཁྱེད་ཀྱིས་ནང་པ་སངས་རྒྱས་པ་ཡིན་ནས་བཟུང་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ལས་མ་འདས་ཟེར། དགོད་བྲོ་བ་ལ། ནང་པ་ཡིན་དང་མིན་ལ་ཁྱད་པར་ཅི་མེད། ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པར་གཤིས་སམ་བབ་ཡིན་པ་ལས། ནང་པ་སངས་རྒྱས་པས་བཟོས་བཞག་པ་ཞིག་མ་ཡིན་པས་ཁྱེད་ཀྱིས་དེ་འདྲ་ནམ་ཡང་མ་སེམས་ཤིག གཉིས་པ། རྟེན་འབྲེལ་ཡིན་ན་བཟང་པོ་ཡིན་པའི་ཁྱབ་པ་གང་ཡང་མེད་གསུངས་པ་བདེན་ལགས། འོ་ན་ད་ལྟའི་རྟེན་འབྲེལ་དེ་ངན་པ་ཡིན་པ་ཐལ། ཡིན་ན། གང་ས་མཆོག་བོད་དུ་ཆིབས་སྒྱུར་གནང་བར་རྟགས་དང་རྟེན་འབྲེལ་ངན་པ་ཡིན་པ་ཁྱོད་ཀྱིས་འདོད་དམ། ཧ་ཧ་ཧ། དེ་ལས་རྐྱེན་ངན་གྲགས་ཤར་ཞེས་པའི་ཚིག་དེ་བེད་སྤྱད་གནང་ན་སྐྱོན་མེད། གཞན་བཀྱལ་བ་ཉུང་ཙམ་མཛད་དེ་བཞུགས་རོགས།
དབྱིན་ཡིག་མིང་ཅན་ལགས། བོད་ཡིག་འབྲི་རོགས་གནོངས། ཁྱོད་ཀྱིས་ག་དུས་ཡིན་ཀྱང་དབྱིན་ཡིག་དང་། རྒྱ་ནག་ཡི་གེ་གཉིས་ལས་བྲིས་ཀྱི་མི་འདུག དེའི་རྒྱུ་མཚན་གང་ཡིན་ནམ། བོད་ཡིག་མ་ཤེས་པ་ཡིན་ནམ། མཁས་པའི་རྣམ་དཔྱོད་ངོམ་པ་ཡིན། ཧཧཧཧཧཧཧཧཧཧ།
རྒྱལ་བ་ཀརྨ་པ་ནི་སྔར་ནས་ད་ལྟ་བར། བོད་ཀྱི་སྲིད་དོན་དུ་ཞུགས་མྱོང་མེད་ལ། ད་ལྟ་ཡང་རྩ་བ་ནས་ཞུགས་མི་རུང་། ཞུགས་ན་སྤྱི་སྒེར་མང་པོ་ཞིག་ཁྱོད་རང་གི་མགོར་དགྲ་བོ་རང་བཞིན་ཏུ་བབ་རྒྱུ་གོར་མ་ཆགས། ཆོས་ཕྱོགས་ཀྱི་བླ་ཆེན་ཞིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་བར་བསྔགས་བརྗོད་ཡོད། ད་དུང་ཡང་བོད་མི་རིགས་ཀྱི་བདེ་སྡུག་ལ་ཐུགས་འཁུར་གནང་རོགས་ཞུ། སྐྱེ་བོ་ཕལ་པ་མང་པོས་བོད་མི་རིགས་ཀྱི་དོན་དུ་རང་སྲོག་བཏང་མཁན་ཀྱང་ཉུང་ཉུང་ག་ལ་ཡིན།
༸གོང་ས་མཆོག་ཉིད་བོད་ལ་མྱུར་དུ་ཕེབས་དོནདུ། །
རྟགས་དང་རྟེན་འབྲེལ་ཐམས་ཅད་མྱུར་དུ་འཛོམས་ཤིག་གུ། །
རྒྱལ་དབང་ཀརྨ་པ་མཆོག་ཆབ་སྲིད་མཛད་མཛད་འགན་བཞེས་གནང་ཀྱང་རུང་མ་གནང་ཀྱང་རུང་དོན་དུ་བོད་གངས་ཅན་པ་ཆོས་ཀྱི་དབུ་ཁྲིད་མཚན་དོན་མཚུངས་པ་ཞིག་ངོ་མ་རེད་ཅེས་ཞུས་ན་མ་ཆོག་པ་མེད་བསམ།
དྲང་བདེན་གྱི་སློང་མོ་བས་མ་འོངས་པར་རྒྱལ་བ་ཀརྨ་པས་ཆབ་སྲིད་ཀྱི་མཛད་འགན་འཁུར་སྲིད་པར་གསུངས་པ་ནི་ཁོ་རང་སྒེར་གྱི་ལྟ་སྟངས་ཙམ་ཡིན་འགྲོ། དོན་དུ་ཀརྨ་པ་སྐུ་ཕྲེང་གོང་མ་འགའ་ལ་བོད་ཁམས་དབང་སྒྱུར་བྱ་བའི་གོ་སྐབས་མི་ཉུང་བ་ཐོབ་ཡོད་ནའང་སུ་གཅིག་གིས་ཀྱང་མཛད་མེད། ལྷག་པར་འཐོར་ཞིག་ཏུ་འགྲོ་ཉེན་ཡོད་པའི་ད་ལྟའི་ཆབ་སྲིད་རུལ་བ་ཞིག་ལ་རྒྱལ་བ་ཀརྨ་པས་ནམ་ཡང་འཚང་ཁ་བྱེད་ཀྱི་མ་རེད།
migyur ལགས་ཀྱིས་མ་ཎི་རེ་བགྲང་ལ་ཁ་རོགས་བཞུགས་ན་མཛེས། ཞེས་པ་དེ་ཁོང་རང་ཉིད་ལ་སློབ་སྟོན་ཡིན་ངེས་འདུག །གང་ཡིན་ཟེར་ན། ཁོང་ནི་རྟགས་རྟེན་འབྲེལ་སོགས་ཀྱི་དོན་དག་ཤེས་པའི་རྣམ་དཔྱོད་དང་ཉམས་མྱོང་གང་ཡང་མེད་མཁན་ཞིག་ཡིན་པ་ཁོང་རང་གི་འགྲེལ་བཤད་དེ་ཚོས་གསལ་པོ་བསྟན་འདུག །
དྲྭ་གྲོགས་ལྷ་མོ་ལགས་ཀྱིས་དངོས་གནས་བདེན་པ་བཤད་ཤག །ང་ཚོ་བོད་མི་རིགས་ལ་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚབ་འཇོན་མཁན་སུ་ཡང་མི་འདུག །རྒྱ་ནག་གཞུང་གིས་ཀྱང་གནས་ཚུལ་དེ་ག་རང་ཤེས་ནས་གོང་ས་སྐྱབས་མགོན་ཆེན་པོའི་ལོ་ཚད་མཛུབ་རྩིས་ཀྱིས་བསྡད་ཡོད། ནམ་ཞིག་གོང་ས་སྐྱབས་མགོན་ཆེན་པོ་ཞིང་གཞན་དུ་གཤེགས་རྗེས་བོད་དོན་ནི་མིང་ཙམ་ཡང་ལུས་རྒྱུ་ཆེས་ཁག་པོ་རེད། གང་ཡིན་ཟེར་ན། ང་ཚོ་ལ་གོང་ས་སྐྱབས་མགོན་ཆེན་པོའི་ཕྱག་ལས་རྒྱུན་འཛིན་བྱེད་ཐུབ་པའི་གང་ཟག་སུ་ཡང་མེད་པས་རེད།
migyur ལགས། ཁྱེད་ཀྱིས་རྒྱུ་མཚན་གང་ཡང་མེད་པ་རྒྱལ་དབང་ཀརྨ་པ་མཆོག་ལ་མཚན་སྨད་མ་ཞུས་ན་ལེགས། མ་འོངས་པ་དེ་སྐོར་ཐུགས་བཟབ་གནང་དགོས། ཁོང་ནི་བོད་གངས་ཅན་ལྗོངས་དང་འཛམ་བུ་གླིང་གི་དམིགས་གསལ་མི་སྣ་ཞིག་ཡིན།
༧གོང་ས་མཆོག་སྐྱོན་ཆག་བྱུང་བའི་ས་ཁུལ་དུ་ཕེབས་ཐུབ་པའི་རེ་བ་དང་། ༼དེ་ལྟར་མ་བྱུང་ཡང་༽སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཅིག་གིས།
ཡག་པོ་ཀློག་ནས་གོ་བ་ལེན་རོགས། འདི་ནི་ཀརྨ་པ་ཁོང་གི་དགོངས་ཚུལ་གསུངས་བ་ཙམ་ལས་༧རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་ཇི་བཞིན་ཡིན་ཚུལ་གསུངས་མིན་འདུག
༸གོང་ས་མཆོག་གིས། ད་རེས་ས་འགུལ་གྱི་གོད་ཆགས་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་༧པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ། ཞེས་གསུངས་འདུག་པ་ལས་སྐུ་ཚབ་གཏོང་གི་ཡིན་ཟེར་བ་དང་། སྐུ་ཚབ་གཏོང་འདོད་ཡོད་ཟེར་བ་དེ་འདྲ་གང་ཡང་གསུང་མི་འདུག
བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་བཀའ་དྲིན་ཟླ་མེད་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཡི་སྐུ་ཚབ་དང་། གསུང་གི་གསུང་ཚབ་བྱེད་ལོ་བ་དང་གཅིག ལྷག་པར་ཁམས་སྐྱེ་རྒུ་མདོ་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་སྡུག་བསྔལ་འདི་སེལ་ཐབས་བྱེད་པར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་གསུང་ཐུགས་གསུམ་གྱི་སྐུ་ཚབ་ལ་འོས་པའི་སྐྱེས་ཆེན་སུ་འདུག སྐྱེ་རྒུ་མི་མང་ལ་དགོས་པ་དེ་ད་ལན་ཆོས་ཕྱོགས་ནས་རེ་བ་བྱེད་ཀྱི་ཡོད་པ་ཁོང་ཚོའི་སྙན་ཞུའི་ནང་ཧ་ཅང་གསལ་པོ་རེད། སྤྱིར་བླ་སྤྲུལ་སུ་ཡིན་ནའི་བླ་མ་རྩ་ཆེན་པོ་ཡིན་རྒྱུ་རེད་དེ། དམ་པ་ཆོས་ཀྱི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་མིང་དོན་མཚུངས་པ་ཞིག་དགོས་ཀྱི་ཡོད་རེད། རང་ཉིད་ལོག་ལྟའི་དབང་དུ་སོང་བ་མིན་ན་དམ་པ་ཆོས་ཀྱི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་གསུང་ཐུགས་གསུམ་གྱི་སྐུ་ཚབ་ཏུ་འོས་པའི་སྐྱེས་ཆེན་སུ་ཡང་མཇལ་མ་བྱུང་། དྲ་གྲོགས་ཚོ། ཁྱེད་ཚོས་དེ་འདྲའི་སྐྱེས་ཆེན་དེ་འདྲ་མཇལ་ཨེ་བྱུང་།
migyur ལགས་སྤྱི་སྟངས་བོད་མི་ཉམ་ཐག་པའི་དུས་སུ་དགོས་མེད་ཕྲག་དོག་གིས་ཚིག་འདི་འདྲ་གསུང་ན་ཆོ་མེད་རེད། དེ་ལས་ས་ཡོམ་ཕོག་ཡུལ་དུ་རོགས་པོ་ཨེ་ཐུབ་ན་ལྟོས་དང་ཡག་ཤཽས་རེད།
migyurལགས་ལ་གསལ་བཤད་ཞུ་རྒྱུ་ནི། རྒྱལ་དབང་ཀརྨ་པས་རྟགས་དང་རྟེན་འབྲེལ་ལས་སྨོན་འཛོམས་ཏེ་བོད་དུ་ཕེབས་ཐུབ་ཅེས་སྲིད་གསུང་འདུག་པར་སྐྱོན་གང་ཡང་མི་འདུག་སྙམ། ༡༽ རྟགས་ནི་རྒྱུ་མཚན་དང་། སྒྲུབ་བྱེད་དམ། གོ་བྱེད་ལ་འཇུག ༢༽ ནང་པ་སངས་རྒྱས་པ་ཡིན་ནས་བཟུངས་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་ལས་མ་འདས་སོ། །དཔེར་ན་མཐོ་པོ་ལ་ལྟོས་ནས་དམའ་བ། རིང་པོ་ལ་ལྟོས་ནས་ཐུང་ངུ། བཟང་པོ་ལ་ལྟོས་ནས་ངན་པ། རྟེན་འབྲེལ་ཡིན་ན་བཟང་པོ་ཡིན་པའི་ཁྱབ་པ་གང་ཡང་མེད། དེ་འདྲ་ཡིན་ན་རྟེན་འབྲེལ་གྱི་མཚན་ཉིད་མ་ཤེས་པའི་སྐྱོན་འདུག ས་ཡོམ་སྐྱོན་ངན་འདི་ལ་བརྟེན་ནས་བོད་མི་ཆོས་སྲིད་གཉིས་ཀྱི་བདག་པོ་གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐྱེ་རྒུ་མདོར་ཕེབས་ཐུབ་པའང་སྲིད། ༣༽ གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཐུགས་རྗེ་དང་། བོད་མི་འཆི་གསོན་གཉིས་ཀྱི་ལས་དང་སྨོན་ལམ་བཟང་པོས་མཚམས་སྦྱོར་ཏེ་སྐྱེ་རྒུ་མདོའི་གོད་ཆགས་ཀྱི་ཉམ་ཐག་བོད་མི་རྣམས་ཀྱིས་སྐྱབས་མགོན་རིན་པོ་ཆེ་མཇལ་འདོད་ཀྱིས་སྐོམ་པ་ཆུ་འདོད་བཞྀན་ཡོད་པའང་གསལ་ངེས།
རེད་རེད། ད་རྟེན་འབྲེལ་མ་འབྲེལ་ཟེར་བ་དེ་ཡང་དོན་དུ་མིས་འབད་བརྩོན་བྱེད་ཐུབ་དང་མི་ཐུབ་ལ་ཐུག་བསྡད་ཡོད་པ་རེད།
ཤ་ཁྲག་གཅིག་པའི་བོད་མི་རིགས་ལ་བསམ་ནས། རྒྱུད་སྟོད་གྲྭ་ཚང་དང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་ཟུང་ནས་སྡུག་སེམས་མཉམ་སྐྱིད་གནང་བར་ཐུགས་རྗེ་ཆེ་ཞུ།
བོད་ཀྱི་མ་འོངས་པའི་བཀའ་བློན་ཁྲི་པ་འམ་ཆོས་སྲིད་གཉིས་ཀྱི་ཐད་ཐུགས་འགན་བཞེད་ཐུབ་མཁན་གྱི་རེ་བ་ཆེ་པོ་བྱེད་ཆོག་པའི་༧རྒྱལ་བ་ཀརྨ་པ་མཆོག་གིས་སྙིང་སྟོབས་དང་མཛད་པར་ཡིད་རང་དད་པ་སྐྱེ་སོང་།
བླ་ན་མེད་པའི་བཀའ་སློབ་ལ་རྗེས་སུ་ཡི་རངས་ཞུའོ།།
མཆོག་ཏུ་དག་པའི་ཐུགས་སྨོན་ལ་སྙིང་ནས་གུས་སོ།།