འབྱུང་འགྱུར་གྱི་ལོ་ལྔའི་ནང་ཚུད་དུ་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་ཅེས་ཡུལ་ཤུལ་ས་ཡོམ་གེགས་སེལ་གྱི་སྤྱི་ཁྱབ་བཀོད་འདོམས་པ་ལོའུ་ཧའེ་ཉིན་གྱིས་བརྗོད་འདུག
ཕྱི་ཚེས་ ༢༡ ཉིན་ཐེངས་འདིའི་ཡུལ་ཤུལ་ཡོམ་གེགས་སེལ་བཀོད་འདོམས་རུ་ཁག་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས། ཐེངས་འདིའི་གནོད་འཚེ་ཐེབས་ཤུལ་ཏུ་ཡང་བསྐྱར་ཁྱིམ་གཞི་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་ཐད་ཚོགས་འདུ་ཤིག་སྐོང་འཚོགས་གནང་ཡོད་པ་དང་། སྐབས་དེར་ཡུལ་ཤུལ་གསར་པ་འཛུགས་སྐྲུན་བྱ་ཕྱོགས་ལ་གྲོས་མོལ་བྱས་ཏེ་འབྱུང་འགྱུར་གྱི་ལོ་ ༥ ནང་ཚུད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ཡིན་ལུགས་བཤད་ཡོད་པ་མ་ཟད། ཡུལ་ཤུལ་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་དེ་ས་མཐོའི་སྐྱེ་ཁམས་ཀྱི་རྣམ་པ་ཅན་དང་ཉོ་ཚོང་ཡུལ་སྐོར་གྲོང་ཁྱེར་ཞིག་ཏུ་བསྒྱུར་རྒྱུ་ཡིན་ལ། རྨ་འབྲི་རྫ་གསུམ་དང་མདོ་དབུས་མཐོ་སྒང་གི་གྲོང་ཁྱེར་དང་གྲོང་གསེབ་མཉམ་གཅིག་ཏུ་འཕེལ་རྒྱས་འགྲོ་བའི་སྔོན་ཐོན་གྱི་ས་ཁུལ་ཞིག་ཏུ་འཛུགས་བསྐྲུན་བྱས་ཏེ། སྔར་ལས་མཛེས་ཤིང་སྡུག་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་འཛུགས་བསྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
སྤྱི་ལོ་༡༩༩༦ ནས་འགོ་འཛུགས་ཏེ་རི་དག་གཙོས་གྲངས་ལས་འདས་པ་བསོད་པ་མ་ཟད་ས་གནས་འདིའི་མི་མང་གིས་གཙོས་སྲུང་སྐྱབས་བྱས་ཀྱང་། མཐར་མ་བོད་རིགས་གཙོས་སྲུང་སྐྱོབས་བྱས་མཁན་འདི་དག་ཡང་བསོད་པ་རེད། བསོད་མཁན་ནི་རྒྱལ་མི་དང་ཟེ་ལིང་གི་ཁ་འཕྱེར་རྒྱལ་མི་འདི་དག་རེད་འདུག། རྒྱལ་མིའི་གསར་འགོད་པ་ཞིག་གི་ཟིན་བྲིས་བྱས་ནས་འཕྱིར་སུ་གློག་རྙེད་བཟོ་ཡོད་པ་མིང་ལ་ཀེ་ཀེ་ཟེ་ལང་འང་可可西里 ཟེར། ཡར་ངལ་བ་གློག་རྙེད་འདི་ལ་གཟིགས།
བཞི་པའི་བཅུ་བཞིར་ལྔ་པ་བཞིས་རེ་བསྐུལ། ལ་བཅོས།
བཞི་གསུམ་ལ་ལྔ་བཞིས་རེ་བསྐུལ།
ཉིན་ཞག་དང་པོ་ལྔ་ལ་མྱུར་སྐྱོབ་དགོས། །
བདུན་ཕྲག་དང་པོ་ལྔ་ལ་སྨན་བཅོས་དགོས། །
ཟླ་བ་དང་པོ་ལྔ་ལ་སེམས་གསོ་དགོས། །
ལོ་གྲངས་དང་པོ་ལྔ་ནང་ཀུན་མཚུངས་དགོས། །
དྭ་ཕྲུག་ཤུལ་མིའི་མི་ཚེ་དོན་ལྡན་ཤོག །
འཛུགས་སྐྲུན་བྱེད་རྒྱུའི་དེ་ནི་ངོ་མའི་དོན་བཟང་ཞིག་རེད་མོད། བཤད་བཞིན་པའི་འཛུགས་སྐྲུན་ནི་ཕྱིའི་ཁང་བ་ཁོར་ཡུག་ཙམ་ལས་མི་མང་གི་སེམས་ཁམས་ཀྱི་བདེ་སྐྱིད་དེ་འཛུགས་སྐྲུན་ཐད་ལ་གྲོས་མོད་བྱུང་མྱོང་མེད། ཕྱིའི་ཁོར་ཡུག་བསྐྲུན་པ་ཙམ་ལས་ནང་གི་བདེ་སྐྱིད་དེ་འཛུགས་སྐྲུན་བྱེད་རྒྱུ་དེ་གལ་ཆེན་པོ་རེད་གང་ཡིན་ཟེར་ན་ནང་གི་བདེ་སྐྱི་ནི་རང་ཉིད་མ་རྫོགས་པར་དུ་དེ་ཡང་མི་རྫོགས་པའི་ཕྱིར་གལ་ཆེན་པོ་རེད།
ཨོ་ཧོ ང་ནི་ཤིན་ཏུ་ངོ་མཆ༹ར་ཆེ་བ་སྣང་ངོ།།
སྐྱེ་རྒུ་མདོ་འདིར་འཛུགས་སྐྲུན་གསར་པ་ཞིག་མྱུར་འགྲུབ་བྱུང་ཧ་ཅིང་ཡག་པོ་རེད།
འོན་ཀྱང་ས་གནས་འདིར་མ་འོངས་པ་ལ་ས་འགུལ་གྱི་ཉེན་ཁ་ཡོད། ནམ་རྒྱུན་ལོ་སུམ་བཅུ་ནས་ལྔ་བཅུའི་བར་ཡང་བསྐྱར་ས་འགུལ་འབྱུང་སྲིད་ལ། དེའི་སྐོར་ད་ནས་བསམ་བློ་གཏོང་རྒྱུ་གལ་ཆེ།
ལོ་ལྔའི་རྗེས་ལྐོག་ཟ་བྱས་པའི་སྒོར་གྱི་གྲངས་ཀ་སུས་རྩིས་ཐེབས། ད་ཡིན་ན་ལྐོག་ཟ་བྱེད་རྒྱུའི་གོ་སྐབས་རེག་སོང་མིན་ནམ
ད་ཡིན་ན་ཡང་ལས་མི་བ་ཡིན་ཟེར་ནས་རྒྱ་མི་མང་པོ་ས་གནས་སུ་ཡོང་ཆོག་གི་རེད་ལ་ས་གནས་དེ་རུ་བོད་མིའི་མགོ་ཡི་ཐོ་བ་ཡང་བཟོ་ཆོག་གི་རེད།གཞུང་ཁང་དང་གསར་བསྐྲིན་བཟོ་ཆོག་ལེ་རེད་མ་བཟོས་ན་རྒྱ་གཞུང་ལ་གྱོང་ཆེན་པོ་ཡོད་པ་རེད།ཡིན་ན་ཡང་མི་མང་ཚོ་སྙིང་རྗེ།རང་གི་འཇོན་ན་མ་གཏོགས་གཞུང་གི་སྒོར་གཅིག་མི་སྤྲོད་པ་ང་ཚོས་ཉམས་མྱོང་ཐོག་ནས་བཤད་ཐུབ་པ་རེད།